མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དངུལ་གཏོང་གི་ཁོར་ཡུག་ལེགས་པོར་བསྐྲུན་ནས་ལས་གཞི་གསར་བ་ནང་འདྲེན་བྱས།

ཡོང་ཁུངས།:  སྤེལ་དུས།:2018-06-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་བའི་ལོ་འགའི་རིང་ལ།གཏེར་ལེན་ཁ་གྲོང་ཁྱེར་གྱིས་མུ་མཐུད་དུ་ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་གཏོང་ཁོར་ཡུག་ལེགས་བཅོས་བྱས་པར  ལས་གཞི་གསར་བ་རྒྱུན་མི་ཆད་ཅིང་ཚོང་མགྲོན་རྣམས་ཀྱིས་ཁེ་ལས་བཙུགས་ཏེ་ཐོན་ལས་དར་རྒྱས་སུ་བཏང་།

ད་ལོའི་ཚོང་གཏམ་གྲོས་ཚོགས་འགོ་རྩོམ་ལ་ཉེ་བའི་སྐབས་འདིར།གསར་འགོད་པས་གཏེར་ལེན་ཁ་གྲོང་ཁྱེར་གྱི་ན་ནིང་གི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བརྒྱུད་ནས་ཚོང་འགུག་དངུལ་འདྲེན་གྱི་ཁེ་ལས་པེ་ཅིན་ཐུང་རིན་ཐང་བདེ་ཐང་སྨན་ལས་མཚོ་སྔོན་ཚད་ཡོད་ཀུང་ཟི་ལ་བཅར་འདྲི་བྱས།  ཁེ་ལས་དེ༢༠༡༧ལོའི་ཟླ་བརྒྱད་པར་གཏེར་ལེན་ཁ་ལྗང་མདོག་བཟོ་ལས་གླིང་དུ་ཐོན་པ་ནས་བཟུང་།ཧུར་ཐག་གིས་ནུབ་བྱང་ས་ཁུལ་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཀྱི་ལས་སྣོན་ལས་གཞི་དོན་ཐོག་དུ་འཁྱོལ་ནས་འཛུགས་སྐྲུན་བྱས།

པེ་ཅིན་ཐུང་རིན་ཐང་བདེ་ཐང་སྨན་ལས་མཚོ་སྔོན་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལེ་ཁྲིན་ཡོ་ཡིས་བཤད་རྒྱུར།ང་ཚོའི་ད་ལྟའི་མིག་སྔར་གྱི་ཐོན་རྫས་འཕེལ་རྒྱས་བགྲོད་ལམ་ཧ་ཅང་བཟང་བ་དང་།  དཔེར་ན་འཕངས་འབྲས་ནག་པོ་དང་ལེ་གྲོ   ད་དུང་རི་སྐྱེས་ཤ་མོ་སོགས་ཀྲུང་ལུགས་དང་བོད་སྨན་གྱི་རིག་གནས་འདུ་ཤེས་ཟུང་འབྲེལ་བྱས་པ་བརྒྱུད་ནས་བདེ་ཐང་ཆེན་མོའི་ཐོན་རྫས་བསྐྲུན་པ་མ་ཟད།མགྱོགས་མྱུར་སྒོས་རྒྱལ་ཡོངས་དང་འཛམ་གླིང་རུ་ཁྱབ་དུ་བཅུག་པ་ཡིན་ཟེར།

ལོ་ངོ་སུམ་བརྒྱ་ལྷག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་པའི་ཐུང་རིན་ཐང་སྨན་ལས་ཚ་འདམ་གཤོངས་སའི་ཡོང་སྟེ་དངུལ་གཏོང་བྱས་ཏེ་ཚོང་ལས་དར་རྒྱས་ཅི་ལྟར་བྱས་པ་ཡིན་ཟེར་ན།ཁེ་ལས་འགན་ཁུར་བས་གསར་འགོད་པར་བཤད་རྒྱུར། དངུལ་གཏོང་ལེགས་པོ་དང་ཁྱད་ལྡན་ཐོན་ལས་ཀྱི་འགུག་ཤུགས་ཀྱིས་གཏེར་ལེན་ཁ་གྲོང་ཁྱེར་དེ་མིང་ཐོ་མང་པོ་ཞིག་འབུར་དུ་ཐོན་པ་དང་།  དེར་ཡོང་ནས་ལོ་གཅིག་གི་ནང་དུ་འཕེལ་རྒྱས་ཀྱི་གཞི་རྒྱ་ཐོག་མ་ཞིག་གྲུབ་ཡོད།

པེ་ཅིན་ཐུང་རིན་ཐང་བདེ་ཐང་སྨན་ལས་མཚོ་སྔོན་ཚད་ཡོད་ཀུང་ཟིའི་ལས་བཟོ་བ་ཁྲིན་ཞ་ཡིས་བཤད་རྒྱུར།བཟོ་གྲྭ་འདི་ནང་ཡོང་བ་ནས་བཟུང་བཟོ་གྲྭས་གསོ་སྦྱོང་དང་རྩལ་ནུས་སོགས་ཕྱོགས་གང་ཐད་ནས་གསོ་སྦྱོང་བྱས་པ་བརྒྱུད།མཐའ་མར་ང་ཡང་ཀུང་ཟི་འདིའི་ལས་བཟོ་བ་དངོས་མ་ཞིག་ཏུ་གྱུར་བས།  ད་ལྟ་ངའི་གླ་ཕོགས་ཅུང་མཐོ་བ་དང་ཡོང་སྒོ་ཀྱང་གཏན་འཇགས་ཡིན་ཟེར།

       ཉེ་བའི་ལོ་འགའི་རིང་ལ།གཏེར་ལེན་གྲོང་ཁྱེར་གྱིས་ཐུན་མོང་མ་ཡིན་པའི་ཁྱད་ལྡན་ཐོན་ལས་དང་།ཐོན་ལས་རྨང་གཞི་བརྟན་པོ།དངུལ་གཏོང་ཁོར་ཡུག་ལེགས་པོས་ལས་གཞི་གསར་བ་ནང་འདྲེན་བྱས་པ་མ་ཟད།སྲིད་གཞུང་གི་ཞབས་ཕྱི་ལེགས་པོ་ཡིས་ཁེ་ལས་ལ་སེམས་ཁྲལ་མེད་པར་བཏང་།   སྲིད་གཞུང་གིས་ཁེ་ལས་ཕན་ཚུན་བར་རོགས་རམ་བྱེད་པ་དང་གཉིས་ཕན་གཉིས་རྒྱལ་གྱི་རྒྱལ་ལྗོངས་ཆེན་མོ་འོག པེ་ཅིན་ཐུང་རིན་ཐང་བདེ་ཐང་སྨན་ལས་མཚོ་སྔོན་ཚད་ཡོད་ཀུང་ཟི་ད་ལོ་ཡང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཐོག་དང་པོར་ཞུགས་རྒྱུར་རེད།གར་སྟེགས་འདི་བརྒྱུད་ནས་ཚ་འདམ་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་དང་ཐོན་ལས་སྣ་ཚོགས་ཧུར་ཐག་གིས་འོས་སྦྱོར་བྱས།  

    པེ་ཅིན་ཐུང་རིན་ཐང་བདེ་ཐང་སྨན་ལས་མཚོ་སྔོན་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལེ་ཁྲིན་ཡོ་ཡིས་བཤད་རྒྱུར། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ནི་ང་ཚོ་ཁེ་ལས་པར་མཚོན་ན་དོན་དག་གལ་ཆེན་ཞིག་ཡིན་པ་དང་།ང་ཚོ་ཁེ་ལས་འགྲེམ་སྟོན་བྱེད་སའི་གར་སྟེགས་ཆེན་མོ་ཞིག་ཀྱང་རེད།ང་ཚོས་ཚྭ་འདམ་གཤོངས་སའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཀྱི་ལས་སྣོན་ཞིབ་ཚགས་དང་།    ང་ཚོས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བརྒྱུད་ནས་ང་ཚོ་མཚོ་བོད་ས་ཁུལ་གྱི་ཚ་འདམ་ནོར་གཞོང་གི་ཁོར་སྲུང་དང་ལྗང་མདོག   བདེ་ཐང་གི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་དང་ཞིབ་ཚགས་ངང་ལས་སྣོན་བྱས་པའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱེད་རྒྱུ་ཡིན་ཟེར།

གོང་མ།:མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་མཚོ་སྔོན་ཚོང་མོལ་འགྲེམ་སྟོན་སྟེང་ཞུགས་པ།

ཞོལ་མ།:ཁུལ་གྱི་འགོ་ཁྲིད་ཀྱིས་ཟི་ལིང་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཕེབས་པའི་སྐུ་མགྲོན་ལ་མཇལ་འཕྲད་གནང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235