མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་མཚོ་སྔོན་ཚོང་མོལ་འགྲེམ་སྟོན་སྟེང་ཞུགས་པ།

ཡོང་ཁུངས།:  སྤེལ་དུས།:2018-07-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་བཅུ་དགུ་པའི་སྟེང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ལྡན་ཁེ་ལས16འགྲེམ་སྟོན་ནང་ཞུགས་ཡོད་པ་རེད། འཕང་འབྲས་ནག་པོ་དང་དམར་པོ།གྲོ། འབྲི་ཞོ།སྐམས་ཤ་དང་ལུག་ཤ་སོགས་ཚྭ་འདམ་ས་ཆའི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམ་སྟོན་བྱས་ཏེ།ཚྭ་འདམ་ས་ཆའི་ཁྱད་ལྡན་ཁེ་ལས་འགྲེམ་སྟོན་ཟམ་སྟེགས་སུ་བརྟེན་ནས་ཚོང་ལམ་དམ་འཛིན་དང་མཚོ་སྔོན་ཚོང་མོལ་གྲོས་ཚོགས་ལ་ཁ་ཏོག་གསར་པ་བསྣན་ཡོད།

མཚོ་ནུབ་ཁུལ་གྱིས་ཚོང་མོལ་འགྲེམ་སྟོན་ཚོགས་འདུ་ཟམ་སྟེགས་སུ་བརྟེན་ཏེ།ལྗང་མདོག་འཕེལ་རྒྱས་བརྗོད་དོན་དམ་འཛིན་དང་། ཚྭ་འདམ་ས་ཁོངས་དང་ཐོན་ཁུངས། ཁེ་ལས།ཚོང་རྟགས་ཁྱད་ཆོས་སོགས་ལ་ཤུགས་བསྣན་པ་དང་། ན་གོར་མོ་དང་གཏེར་ལེན་ཁ། གཏེར་ལམ།དབུས་ལམ། ཐེམ་ཆེན། མང་ཡ་སོགས་སུ་འཕང་འབྲས་ལི་གྲོའི་འདེབས་འཛུགས་ཕྱིར་འཚོང་ཁེ་ལས11དང་། སྐམས་ཤ་དང་ལུག་ཤ་ཐོན་སྐྱེད་ཁེ་ལས2། འབྲི་ཞོ་ལས་སྣོན་ཁེ་ལས1། དངུལ་གྱི་བཟོ་རྩལ་ཐོན་རྫས་ཁེ་ལས1བཅས་ཡོད་པ་དང་།ཁྱད་ལྡན་ཁེ་ལས་ཐོན་རྫས་སྣ་ཚོགས་ཐེངས་འདིའི་འགྲེམ་སྟོན་སྟེང་ཞུགས་པ་རེད།

ཐེངས་འདིའི་འགྲེམ་སྟོན་སྟེང་།ཚྭ་འདམ་གྱི་འཕང་འབྲས་ནག་པོ་དང་དམར་པོ་ལས་རྒྱ་ཆེའི་གྲོང་མི་དང་ཚོང་པ་དག་གིས་དགའ་བསུ་ཆེན་པོ་ཐོབ་པ་དང་།སྐམས་ཤ་དང་ལུག་ཤའི་ཐོན་རྫས་ཀྱིས་ཚོང་པ་མང་པོའི་མཉམ་ལས་བྱ་རྒྱུའི་ཡིད་དབང་བཀུགདེ་བཞིན། འཕང་འབྲས་ཀྱིས་བཟོས་པའི་ཆང་དང་། སིལ་ཁུ།སུར་པན་ཅན་གྱི་སྐམས་ཤ་དང་ལུག་ཤའི་ཐོན་རྫས་བཅས་ལ་གདེང་འཇོག་ཆེན་པོ་ཐོབ།

ཕུལ་ཕྱིན་ཐོན་རྫས་ཀྱི་ཚོང་རྟགས་ནུས་པ་དེ་བས་ཇེ་བཟང་དུ་གཏང་ཆེད།མཚོ་ནུབ་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྱད་ལྡན་ཁེ་ལས་དང་ཐོན་རྫས་ལ་བརྩི་མཐོང་བྱས་ཤིང་།ཐོན་རྫས་འགྲེམ་སྟོན་བྱེད་པའི་གོ་སྐབས་བརྩོན་ལེན་བྱས་ཏེ།ཚྭ་འདམ་གྱི་ཁྱད་ལྡན་ཐོན་རྫས་ཀྱི་མཚན་སྙན་གྲགས་ཇེ་མཐོ་དང་། མཚོ་ནུབ་ཀྱི་དཔལ་འབྱོར་སྤྱིའི་འཕེལ་རྒྱས་ལ་སྐུལ་འདེད་བྱས།

གོང་མ།:རང་ཁུལ་གྱིས་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོར་པར་བརྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ།

ཞོལ་མ།:དངུལ་གཏོང་གི་ཁོར་ཡུག་ལེགས་པོར་བསྐྲུན་ནས་ལས་གཞི་གསར་བ་ནང་འདྲེན་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235