མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོར་པར་བརྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ།

ཡོང་ཁུངས།:  སྤེལ་དུས།:2018-07-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

བསྟུན་མར་ཉིན་འགའི་རིང་ལ།རང་ཁུལ་གྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྣམ་པ་མང་པོའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོར་པར་བརྟེན་འབྲེལ་ཞུས།

ཏང་གི་བསྟོད་གླུའི་ཁྲོད་མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ཡི་ཏང་ཡོན་ལས་བྱེད་ཡོངས་ཀྱིས་ཏང་གི་རྒྱལ་དར་འོག་དམ་བཅའི་འབོད་ཚིག་སྒྲོག་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བ་དགོངས་དོན་ཡིན་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཡིད་ལ་དམ་པོར་བཅིངས་ཤིང་མ་འོངས་བའི་ཏང་གི་རླབས་ཆེན་གྱི་བྱ་བཞག་ལ་རང་ནུས་འདོན་རྒྱུ་ཡིན་པའི་སེམས་འདུན་མངོན་མཚོན་བྱས།

བྱེད་སྒོ་དངོས་ཀྱིས་ཏང་གི་སྐྱེས་སྐར་ལ་ལག་སྐྱེས་ཕུལ་བ་དང་མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ཡིས་མདའ་འཕེན་འགྲན་སྡུར་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ།མདའ་འཕེན་འགྲན་སྡུར་ཁྲོད་དམངས་དམག་ཉེན་རྟོགཉེར་གཅིག་གིས་དངོས་འཐབ་ཀྱི་བླང་བྱ་ལྟར་མདའ་འཕེན་འགྲན་སྡུར་བྱས་ཏེ་དུས་རབས་གསར་བའི་མི་དམངས་ཉེན་རྟོག་པའི་སྙིང་སྟོབས་དང་དངོས་འཐབ་ནུས་རྩལ་མངོན་མཚོན་བྱས།

ཁུལ་སྤྱི་བདེ་ཅུའུ་ཏང་ཨུའི་ཨུ་ཡོན་ནམ་ཆབ་སྲིད་པུའུ་ཀྲུའུ་རིན་ཆན་ཅ་ཡུང་གིས་བཤད་རྒྱུར།དུས་རབས་གསར་བའི་ནང་མཚོ་ནུབ་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་བདེ་བྱ་བར་བཏོན་པའི་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ།ཁྲིམས་ལུགས་ལག་བསྟར་དྲང་བཞག་ཡིན་པ། སྒྲིག་ལམ་ནན་མོ་ཡིན་པའི་སྤྱིའི་བླང་བྱ་ལྟར་དམངས་ཆེད་སེམས་ཤུགས་འདོན་པ་དང་ཐོག་མའི་ཕུགས་འདུན་མི་བརྗེད་པ།འགན་འཁྲི་ཡིད་ལ་དམ་པོར་བཅིངས་ནས་མདུན་སྐྱོད་བྱེད་དགོས་ཟེར།

ཁུལ་ནགས་ལས་ཅུའུ་ཡིས་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་ཁར་ཉན་ཏེ་ཏང་གི་རྗེས་སུ་འགྲངས་བ་བརྗོད་གཞི་ཡིན་པའི་བྱ་འགུལ་སྤེལ།ཏང་ཡོན་རེ་རེའི་ལག་ཏུ་ལག་དེབ་དམར་པོ་རེ་འབྱོར་བ་དང་དེའི་ཁྲོད་ཏང་གི་ལོ་རྒྱུས་གསལ་ཞིང་ཏང་ཡོན་གྱིས་རང་འགུལ་སྒོས་ཏང་གཤིས་གསོ་སྐྱོང་བྱས་ཏེ་སྔོན་ཐོན་ཏང་ཡོན་ཞིག་བྱེད་པར་ཧུར་བརྩོན་བྱེད་དགོས་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་།

ཁུལ་ནགས་ལས་ཅུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡན་ཡུས་ཀྱིས་བཤད་རྒྱུར།དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེ་བའི་ཏང་ཡོན་གྱིས་སྔར་ལས་འགན་འཁྲི་གསལ་བོར་ཤེས་པ་དང་ལས་གནས་བརྟན་སྲུང་བྱས་ཏེ་ཚྭ་འདམ་གྱི་བྱེ་འགོག་ནགས་སྐྲུན་བྱ་བར་བྱས་རྗེས་འཇོག་དགོས་ཟེར།

ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོན་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་ཅུ་ལོན་པར་བརྟེན་འབྲེལ་ཞུ་ཆེད།མཚོ་ནུབ་གཞུང་ལམ་སྤྱིའི་ས་ཚིགས་ཀྱིས་རྩ་འཛུགས་བྱས་ཏེ་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་དང་གླུ་གར།གྱེར་འདོན་སོགས་བྱེད་ཐབས་སྤྱད་དེ་གཞི་རིམ་ལས་ཁུངས་དང་བཟོ་ལས་གླིང་ཁུལ་དུ་འཚམས་འདྲིའི་སྐོར་འཁྲབ་བྱ་འགུལ་སྤེལ།སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་དང་ལས་བཟོ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པར་སྐུལ་མ་བྱས།

དབུས་ལམ་རྫོང་ཞིས་ལིས་འགག་གཞུང་ལམ་ས་ཚིགས་ཀྱི་འགོ་གཙོ་ཐང་ཡུས་ལིག་གིས་བཤད་རྒྱུར།གཞི་རིམ་ཏང་ཡོན་ཞིག་དང་མཚོ་ནུབ་གཞུང་ལམ་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། མཚོ་ནུབ་གཞུང་ལམ་སྤྱིའི་ས་ཚིགས་ཀྱི་བྱ་བར་གྲུབ་འབྲས་མི་དམན་པ་བླངས་པར་ཧ་ཅང་དགའ་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་གཞུང་ལམ་སྤྱིའི་ས་ཚིགས་ཀྱི་ཏང་ཨུའུ་ཧྲུའུ་ཅི་བང་ཡུང་ཧྲིན་གྱིས་བཤད་རྒྱུར།སྤྱིའི་ས་ཚིགས་ཡོངས་ཀྱིས་ཏང་གི་བཀའ་དྲིན་རྗེས་སུ་དྲན་པ་དང་ཏང་གི་ཁར་ཉན་པ། ཏང་གི་རྗེས་སུ་འགྲངས་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་ཏང་ཡོན་གྱིས་མིག་དཔེ་བྱས་ཏེ་སྔོན་སྐྱོད་ཀྱི་ནུས་པ་ཐོན་དགོས་ཟེར།

ཉེ་བའི་ཉིན་འགའི་རིང་ལ།  གཏེར་ལམ་རྫོང་གིས་ཏང་བཙུགས་ནས་ལོ་འཁོར97ལོན་པ་དང་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས། གསར་བརྗེ་ཡི་བསྟོད་གླུ་དང་རིག་རྩལ་འཁྲབ་སྟོན་སོ་སོ་ཙོང་རྒྱ་གྲོང་རྡལ་དང་ཚྭ་ཨར་བུའུ་སོ་གྲོང་རྡལ།  ཤངས་སྡེ་གྲོང་རྡལ་དུ་སྤེལ།   གོས་འཁྲུད་གླུ་དབྱངས་དང་ང་ཚོ་ལམ་ཆེན་དུ་འགྲོ་སོགས་སྤྲོ་སེམས་ཀྱིས་འཁོལ་བའི་གླུ་སྐད་ཀྱིས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཐོབ།  རྒྱ་ཆེའི་ཏང་ཡོན་ལས་བྱེད་ཀྱིས་ཏང་དང་མི་དམངས་ཀྱི་བསམ་པ་རྣམ་དག་གིས་ཏང་ལ་བློ་དཀར་བ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་སྤྲོ་སེམས་རྒྱས་པ།རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཏང་གི་མགོ་ཁྲིད་འོག འཕེལ་རྒྱས་ཀྱི་འཕེལ་སྟངས་དང་ཐོལ་བརྒལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོའི་སྙིང་སྟོབས་མཚོན་པར་བྱས།

གཏེར་ལམ་རྫོང་ཙོང་རྒྱ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཅུན་གྱིས་བཤད་རྒྱུར།  གསར་བརྗེ་ཡི་གསུང་རབ་དང་སྲོལ་རྒྱུན་རིག་གནས་ཀྱི་འབོད་སྐད་འོག ང་ཚོས་མུ་མཐུད་དུ་གནད་ཕིགས་དབུལ་སྐྱོར་དང་མི་རིགས་མཐུན་སྒྲིལ།  གཞི་རིམ་ཏང་འཛུགས།ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་སའི་བྱ་བ་ལེགས་པོར་སྒྲུབ་ནས།འགྱུར་ལྡོག་བཞི་ལ་སྐུལ་འདེད་བྱས་ཏེ། ལྔ་བཞི་ཐབས་ཇུས་ལག་བསྟར་དང་། གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་ཇུས་འགོད་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པར་ཧུར་བརྩོན་བྱས་པ་ཡིན་ཟེར།

གཏེར་ལམ་རྫོང་ཏང་ཨུའི་རྒྱུན་ཨུའམ་ཤངས་སྡེ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཐང་ཡིས་ཧྲུན་གྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཡི་བླང་བྱ་ནན་ཏན་གྱིས་སྲུང་ནས།  ཏན་ཏན་ཏིག་ཏིག་གིས་ང་ཚོའི་རིགས་སོ་སོའི་བྱ་བའི་འགན་ཁུར་དངོས་འབེབ་དང་། ང་ཚོའི་ཏང་རྩ་འཛུགས་དེ་བཙན་རྫོང་བརྟན་པོ་ཞིག་ཏུ་སྲུང་བའི་དུས་མཚུངས་སུ། ཏང་ཡོན་རེ་རེ་ལ་ཐོག་མའི་མདུན་མ་མི་བརྗེད་པར་འགན་འཁྲི་སེམས་ལ་བཅངས་པ་དང་། རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་འགན་འཁྲི་སེམས་ལ་བཅངས་ནས། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་ཕྱི་བྱེད་དགོས་ཟེར།  

གཏེར་ལམ་རྫོང་གི་ཞང་སྡེའི་ན་ཆུང་ཕོ་བྲང་དུ་བྱིས་བློ་ཏང་ལ་ཕྱོགས་ནས་སྨོན་འདུན་མངོན་འགྱུར།  དགའ་སྤྲོའི་འཚར་ལོངས་འབྱུང་བའི་ནུས་རྩལ་འགྲེམ་སྟོན་བྱེད་པའི་བྱ་འགུལ་གྱི་ཡུལ་དངོས་སུ།  ཞང་དང་སྡེ་བའི་སློབ་གྲྭའི་ན་ཆུང་ཕོ་བྲང་གི་དགེ་སློབ་རྣམས་ཀྱིས་བྱིས་བློ་ཏང་ལ་ཕྱོགས་པ་དང་།  ང་ཡི་མེས་རྒྱལ་བརྗོད་དོན་ལ་བཟུང་ནས།རྒྱ་ཆེའི་ན་གཞོན་ལོ་ཆུང་གི་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བའི་བརྩེ་སེམས་དང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱས་པ་མཚོན་ཡོད།

གཏེར་ལམ་རྫོང་ཆ་ཚང་སློབ་ཆུང་གསུམ་པའི་སློབ་མ་ཡུས་ཝན་ཆིན་གྱིས་ང་ཚོས་ངེས་པར་དུ་རང་ཉིད་ཀྱི་སྐད་ཆ་ལ་བརྟེན་ནས་ཏང་ལ་བཀའ་དྲིན་དང་།ཏང་ལ་དྲིན་གཟོ་བ། རྗེས་ཕྱོགས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ།རང་ཉིད་ཀྱི་སྦྱོར་བ་དངོས་ཀྱིས་མེས་རྒྱལ་ལ་དྲིན་གཟོ་རྒྱུ་ཡིན་ཟེར།

ལིན་ཧུའུ་བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ས་ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ་ཡི་ཏང་ཡོན་རྣམས་ཏང་ཡོན་གྱིས་ལེགས་སྐྱེས་འབུལ་བའི་ཉིན་མོའི་བྱ་འགུལ་སྤེལ་ཏེ།ཏང་ཡོན་རྣམས་ལ་རང་ཉིད་ཀྱི་དོན་དངོས་ཀྱིས་ཏང་བཙུགས་ནས་ལོ་འཁོར་97ལོན་པར་ལེགས་སྐྱེས་འབུལ་བ་དང་།  བྱ་འགུལ་གྱི་ཡུལ་དངོས་སུ།ཏང་ཡོན་དང་བླངས་ཞབས་ཕྱི་པས་གྲོང་ཁྱེར་སྡོད་དམངས་རྣམས་ལ་སྲིད་ཇུས་འགྲེལ་བཤད་དང་།ཚན་རྩལ་ཤེས་བྱ་ཁྱབ་གདལ་ལ་གཏོང་བ།སེམས་ཁམས་བློ་འདྲི་དང་སྨན་བཅོས་ཞབས་ཕྱི་སོགས་ཀྱི་བྱ་བ་སྤེལ། དེ་མིན་བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་རྣམས་ལིན་ཧུའུ་ས་ཁུལ་གྱི་དཀའ་ངལ་ཅན་གྱི་ཏང་ཡོན་ལ་འཚམས་འདྲི་བྱས་ཏེ།ཁོ་ཚོ་ལ་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ།  

གོང་མ།:ཀའོ་ཧྭས་ཐེམ་ཆེན་རྫོང་དུ་རྟོག་ཞིབ་བྱས།

ཞོལ་མ།:མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་མཚོ་སྔོན་ཚོང་མོལ་འགྲེམ་སྟོན་སྟེང་ཞུགས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235