མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀའོ་ཧྭས་ཐེམ་ཆེན་རྫོང་དུ་རྟོག་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-07-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ།ཀྲུའུ་རིན་གཞོན་པ་ཀའོ་ཧྭ་ཐེམ་ཆེན་རྫོང་དུ་སོང་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།

ཀའོ་ཧྭས་བསྟན་དོན།དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བའི་ཚུན་ལ།ཐེམ་ཆེན་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་།དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྒྱུ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱས་པ་དང་རིགས་སོ་སོའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་པར་མ་ཟད།ཕྱོགས་སོ་སོའི་མ་དངུལ་གཅིག་བསྡུས་བྱས་ཏེ་དབུལ་ཕོངས་མང་ཚོགས་ཡོངས་དབུལ་ཐར་བྱེད་པ་དང་དབུལ་ཕོངས་སྡེ་བ་དབུལ་ཕོངས་ལས་ཕྱིར་འབུད་པའི་དམིགས་འབེན་བདེ་བླག་ངང་ཡོངས་གྲུབ་བྱས་པ་དང་།དབུལ་ཕོངས་རྫོང་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་ཚད་གཞིར་སླེབས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་བརྟན་པོ་ཞིག་སྤོས་ཡོད་ཟེར།

ཀའོ་ཧྭས་ནན་གྱིས་བསྟན་དོན།ད་ལོ་ནི་གནད་ཁེལ་དབུལ་ཐར་བྱ་བར་རྒྱལ་ཁ་ལེན་པའི་གནད་འགག་གི་ལོ་ཡིན་པས།ཐེམ་ཆེན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་སྔར་ལས་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།ཧྲིན་ཀྲང་ཝང་ཅན་ཅོན་གྱི་མཁྲེགས་གཏོར་འཐབ་ཇུས་བརྒྱད་བཟང་བོར་བསྒྲུབ་པའི་སྐོར་གྱི་ཞིབ་ཕྲའི་བླང་བྱ་གཟབ་ནན་གྱིས་དོན་འཁྱོལ་བྱེད་དགོས་པར་མ་ཟད།དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་འབུར་ཐོན་དང་སྟོབས་ཤུགས་ཡོད་རྒུས་མི་འདང་སར་ཁ་གསབ་བྱས་ཏེ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞིར་སླེབས་པར་བྱེད་དགོས།ཁྱོན་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པར་མི་གཅིག་ཀྱང་ཆད་ལུས་མི་བྱེད་པ་དང་།མཉམ་དུ་འབྱོར་འབྲིང་དུ་བསྐྱོད་པའི་མཐོ་ཚད་ནས་ལངས་ཏེ་སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་དབུལ་ཐར་སྤུས་ཚད་མཐོར་འདེགས་བཏང་སྟེ་ཚད་མཐོན་པོས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་ཚད་ཇེ་དམར་གཏོང་དགོས་པ་དང་།དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད་པར་རོགས་སྐྱོར་བྱེད་དགོས་ཟེར།

རྟོག་ཞིབ་སྐབས་སུ།ཀའོ་ཧྭས་ཐེམ་ཆེན་རྫོང་དམངས་ཆེན་ལས་ཁུངས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་བྱས་པར་མ་ཟད།ཁོ་ཚོ་དང་ཁ་བརྡ་བྱས་ཏེ་དམངས་ཆེན་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།

གོང་མ།:ཧྲོ་ཞིན་གྲོང་ཁྱེར་དམངས་ཆེན་དང་ཚྭ་འདམ་ཆེ་བའི་བར་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་གྲོས་ཚོགས།

ཞོལ་མ།:རང་ཁུལ་གྱིས་ཏང་བཙུགས་ནས་ལོ་འཁོར་གོ་བདུན་ལོར་པར་བརྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235