བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུ་ལ་རྟེན་འབྲེལ་ཞུས་ཏེ་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་གླུ་རུ་གྱེར།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུ་ལ་རྟེན་འབྲེལ་ཞུས་ཏེ་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་གླུ་རུ་གྱེར།

ཡོང་ཁུངས།:  སྤེལ་དུས།:2018-07-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

     ཉེ་ཆར། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་པའི་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུ་ལ་རྟེན་འབྲེལ་ཞུས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་རིག་རྩལ་འཁྲབ་སྟོན་བྱ་འགུལ་གཏེར་ལེན་ཁ་གྲོང་ཁྱེར་གུ་ཤྲི་ཧན་ཐང་ཆེན་ནས་སྤེལ།

    ཀྲུང་གོའི་མདུན་མར་བསྟོད་གླུ་ལེན་ཞེས་པའི་ཞབས་བྲོའི་སྟངས་སྟབས་ཁྲོད་འཁྲབ་སྟོན་དངོས་སུ་མགོ་བརྩམས།  མཚོ་སྔོན་ལ་གཞས་བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་སྲིད་ཇུས་བཟང་བོ་དང་།མཚོ་སྔོན་ཡུལ་སྐད་ཀྱི་གར་ཆུང་ཨ་མ་རྒན་མོས་བཅོས་བསྒྱུར་གླེང་བ་བོད་ཀྱི་ཞབས་བྲོ་ཨ་རྩེ་སོགས་ལེ་ཚན་ཕུན་སུམ་ཚོགས་པོ་འཁྲབ་སྟོན་བྱས་པས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

     གནས་སྐོར་བ་ཅའོ་ཝན་ཅའེ་ཡིས་བཤད་རྒྱུར།  ང་ནི་ཧི་ནན་ནས་ཡོང་བའི་གནས་སྐོར་བ་ཞིག་ཡིན།  འདི་ན་མི་རིགས་ཀྱི་ཞབས་བྲོ་སོགས་ཧ་ཅང་ཡག་པོ་འདུག   རྒྱལ་ཁབ་ཀྱི་སྲིད་ཇུས་ངག་ལ་ཡག་པོ་གྱེར་འདུག་ཟེར།  

  འཁྲབ་སྟོན་ཡོངས་ཀྱིས་གཅིག་མཐུན་གཉིས་ཀྱི་བརྗོད་དོན་དཀྱིལ་སྙིང་དུ་བཟུང་ནས།ངེས་པ་དོན་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ༤༠རིང་གི་འོད་སྟོང་ལྡན་པའི་རྒྱུད་རིམ་བརྗོད་ཡོད་པ་མ་ཟད། ཏང་གི་བླངས་པའི་གཡུར་སའི་གྲུབ་འབྲས་དང་རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་རླབས་ཆེན་བའི་སྲོལ་རྒྱུན་ལ་བསྟོད་གླུ་བླངས་ནས།  ཕྱོགས་ཡོངས་ནས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླངས་པའི་གྲུབ་འབྲས་མཚོན་ཡོད་པ་དང་།  བྲལ་མི་ཐུབ་པ་གསུམ་དང་བཟང་བོ་ལྔའི་དབྱངས་རྟ་གླུ་རུ་གྱེར་ཡོད།

  འཁྲབ་སྟོན་པ་ལིག་ཝུན་ཁྲིན་གྱིས་བཤད་རྒྱུར།  ལོ་ངོ་བཞི་བཅུའི་རིང་།  ང་ཚོའི་རྒྱལ་ཁབ་ཀྱིས་བླ་ན་མེད་པའི་གྲུབ་འབྲས་བླངས་ཡོད། འཕེལ་རྒྱས་ཀྱང་དེ་དང་བསྟུན་ནས་ཆེན་པོ་བྱུང་ཡོད།  མང་ཚོགས་རྣམས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེ་ཇེ་བཟང་དུ་སོང་ཡོད་པས།ལ་གཞས་ཀྱི་ངོས་ནས་བླངས་ན། གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས། ཏང་གི་བཀའ་དྲིན་ནམ་ཡང་སེམས་སུ་བཅངས་ཏེ། ཕུ་ཐུང་ཡར་ལ་བརྫེས་ནས་ལས་ལ་བརྩོན། རྒྱལ་ཁབ་ལ་ནུས་ཤུགས་འབུལ་རྒྱུ་ཡིན་ཟེར།

གོང་མ།:མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གནས་སའི་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།

ཞོལ་མ།:ཁུལ་ཡོངས་ཀྱི་ཞིབ་དཔྱོད་དཔོན་བྱ་བའི་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235