མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གནས་སའི་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གནས་སའི་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།

ཡོང་ཁུངས།:  སྤེལ་དུས།:2018-07-30  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གནས་སའི་ལས་ཁུངས་ཀྱིས་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང་ཆེད་དོན་སློབ་སྦྱོང་གྲོས་ཚོགས། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གྲོས་ཚོགས་སོགས་ཀྱི་རྣམ་པར་བརྟེན་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་བརྒྱུད་སྒྲོག་ནན་མོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་གོ་བ་ཡང་དག་ལེན་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་གྱི་གཏམ་བཤད་དགོངས་དོན་དངོས་འབེབས་ལེགས་པོ་བྱས་ནས། ལས་ཁུངས་སོ་སོའི་དངོས་ཡོད་དང་ཟུང་དུ་སྦྲེལ་ཅི་ཐུབ་བྱས་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་ལས་གཞན། དུས་བསྟུན་མདུན་སྐྱོད་ངང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཏེ། རྨང་རྐང་བརྟན་པོའི་སྒོ་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་པ་ལས་གཞན། ལྔ་བཞི་འཐབ་ཇུས་ལག་ལེན་གཏིང་ཟབ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཀ་ལེགས་པའི་འཚོ་བ་གསར་གཏོད་བྱེད་པ་བཅས་ལ་འབད་མཐར། བར་མ་ཆད་པའི་སྒོ་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རྣམ་པ་གསར་བ་མངོན་དུ་འཇུག་དགོས་ཟེར།

སློབ་སྦྱོང་གི་ཁྲོད་ནས་ཚང་མས།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་གཏིང་ཟབ་དུ་སྤེལ་བར་འཐབ་ཇུས་བཀོད་སྒྲིག་བཟོས་པ་དེས། ཞིང་ཆེན་ཏང་ཨུའི་རྒྱལ་ཡོངས་སྤྱི་ལ་དམིགས་ནས་མཚོ་སྔོན་གྱི་བྱ་བར་འཆར་འགོད་འཐེན་པ་དང་། གནས་བབ་མཐོ་ས་ནས་འགྲེང་སྟེ་མ་འོངས་འཕེལ་རྒྱས་ལ་འཆར་འགོད་བཟོས་པའི་ཁག་ཁུར་ཆེན་པོ་དང་བློ་ཁོག་ཡངས་མོ། འཚོལ་སྙེག་ཆེན་མོ་བཅས་མངོན་པར་མཚོན་པ་ལས་གཞན། དེས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་དུས་རབས་གསར་བའི་སྐས་རྐང་སྟེང་འགྲེང་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་གནང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

གོང་མ།:ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱས་ནས་ལོ་ངོ་བཅུ་ལོན་པར་སྤྱི་བསྡོམས་དང་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས།

ཞོལ་མ།:བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུ་ལ་རྟེན་འབྲེལ་ཞུས་ཏེ་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་གླུ་རུ་གྱེར།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235