ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱས་ནས་ལོ་ངོ་བཅུ་ལོན་པར་སྤྱི་བསྡོམས་དང་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱས་ནས་ལོ་ངོ་བཅུ་ལོན་པར་སྤྱི་བསྡོམས་དང་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2018-07-31  རྩོམ་པ་པོ།:བདེ་སྐྱིད་སྒྲོལ་མ།  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

  ཉེ་ཆར།ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱས་ནས་ལོ་ངོ་བཅུ་ལོན་པར་སྤྱི་བསྡོམས་དང་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་ཐེམ་ཆེན་རྫོང་དུ་བསྡུས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་། ཞིང་ལས་དང་ཞིང་སྡེ་པུའུ་ཡི་ཕྱུགས་ལས་ཟི་ཀྲང་གཞོན་པ་ཝང་ཅུན་ཞུན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་མགོ་གཙོ་ཝང་ཡུས་ཧུའོ་དང་།  ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་མཱ་རོས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ། ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་མཱ་ཆིན་ཏི་བཅས་གྲོས་ཚོགས་ལ་ཞུགས།  

ཡན་ཅིན་ཧའེ་ཡིས་གཏམ་བཤད་ཁྲོད་བསྟན་དོན།  མཚོ་སྔོན་ནི་ཕྱུགས་ལས་གཉེར་བའི་ཞིང་ཆེན་ཆེན་པོ་ཞིག་ཡིན་ལ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ནི་རང་ཞིང་གི་སྲོལ་རྒྱུན་ཁྱད་ལྡན་ཐོན་ལས་ཤིག་ཡིན་པ་དང་། ལོ་ངོ་བཅུའི་རིང་གི་འཚོལ་ཞིབ་ཁྲོད། རང་ཞིང་ཆེན་གྱིས་སྔོན་ཐོན་མཉམ་ལས་ཁང་སྐོར་ཞིག་བདག་གཉེར་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་བ་ཞིག་ཆགས་ནས། ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། འབྲོག་པའི་ཁེ་སྤོགས་འཕར་བར་ཕན་ལྡན་བྱེད་ཐབས་མངོན་འགྱུར་བྱུང་། རང་ཞིང་ཆེན་གྱི་ཕྱུགས་ལས་བྱ་བར་ཁས་ལེན་ཡང་བྱས།   བླངས་པའི་གྲུབ་འབྲས་ལ་ལྡབ་འགྱུར་གྱིས་དོ་ཁུར་བྱས་ཏེ། མཚོ་སྔོན་ནས་རྩ་བ་ཚིགས་ནས་འདབ་ལག་རྒྱས་ཐུབ་པ་བྱེད་དགོས་ཤིང་།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ཧུར་བརྩོན་སྒོས་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་ནས་ཏན་ཏིག་བཞི་དངོས་འབེབས་དང་།  བློ་ཐག་རྦད་ཆོད་སྒོས་རྩྭ་སར་བསྟུན་ནས་ཕྱུགས་གྲངས་གཏན་འཁེལ་དང་། རྩྭ་ཕྱུགས་དོ་མཉམ་བྱེད་པ་དེ་མཉམ་ལས་ཁང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཕྱུགས་ཟོག་གསོ་ཐབས་ཚན་རིག་དང་མཐུན་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ། འཆར་གཞི་དང་རྩ་འཛུགས་ཡོད་པའི་སྒོ་ནས་གསོ་སྦྱོང་མང་པོ་བྱེད་དགོས། ཐེངས་འདིའི་ཚོགས་ཆེན་འདི་མགོ་རྩོམ་ས་གསར་བ་ཞིག་ལ་བརྩིས་ནས།  ས་གནས་སོ་སོས་འགན་ཁུར་ཕོད་པ་བྱས་ཏེ།  དངོས་འབེབས་ཇེ་དྲག་དུ་བཏང་ཐོག  འཐབ་ལམ་གསར་བ་ཞིག་གསར་གཏོད་བྱེད་དགོས་པ་བསྟན།

ཝང་ཡུས་ཧུའོ་ཡིས་རང་ཞིང་གི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱས་ནས་ལོ་ངོ་བཅུ་ལོན་པའི་བྱ་བར་སྤྱི་བསྡོམས་བྱེད་སྐབས་བསྟན་དོན། འདས་པའི་ལོ་ངོ་དུ་མར་ཕྱིར་དྲན་བྱས་ན།  དངོས་ཐོག་བདེན་འཚོལ་དང་ཡར་རྒྱས་བརྩོན་ལེན་བྱས་ནས་ལོ་ངོ་བཅུ་འགོར། ༢༠༡༨ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་ཀྱིས་ཞིང་ཆེན་སྐྱོང་བའི་འཕེལ་རྒྱས་ཀྱི་ཐབས་ཇུས་གཏན་འཁེལ་བྱས་ནས། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གལ་ཆེའི་བློ་ཐག་བཅད་པ་མ་ཟད།ད་དུང་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་སྔོན་འགྲོས་ཆ་རྐྱེན་དང་། རྩྭ་སའི་ཐོན་ཁོངས་འོས་ཤིང་འཚམ་པའི་སྒོ་ནས་བེད་སྤྱོད་བྱེད་པ་རྨང་གཞིར་བྱེད་པ། བདག་གཉེར་བྱེད་སྟངས་བསྒྱུར་བ་གཙོར་འཇོག་པ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པ་མགོ་རྩོམ་ས་དང་། རྩྭ་ཕྱུགས་དོ་མཉམ་ཡོང་བའི་རྐྱེན་སྲོལ་ཐབས་ལམ་དུ་བྱས་ཏེ། རྐྱེན་སྲོལ་དང་སྒྲིག་གཞི་ཕྱོགས་གང་ཐད་ནས་རྩྭ་སའི་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཤིག་བཏོད་ཅིང་། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་འཚོལ་ཞིབ་བྱེད་པའི་འཐབ་ལམ་ཞིག་གི་མགོ་རྩོམ་དགོས་ལ། ལོ་ངོ་བཅུ་རིང་གི་དཀའ་སྤྱད་འབད་བརྩོད་དང་ལག་ལེན་ཁྲོད། ཕྱུགས་ལས་ཀྱི་འཕེལ་སྟངས་བསྒྱུར་བར་ཐོན་ལས་དང་སྐྱེ་ཁམས། ཐོན་སྐྱེད། ལག་རྩལ། མང་ཚོགས་དང་ཉམས་མྱོང་གི་རྨང་གཞི་བརྟན་པོ་བཏིངས་ཡོད་པ་མ་ཟད། སྐྱེ་ཁམས་དམིགས་སུ་བཀར་ནས་རྒྱུན་འཁྱོངས་བྱས་ཏེ།སྤུས་ཚད་མཐོ་བར་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བར་ཡིད་ཆེས་དང་སེམས་ཤུགས་བསྣན་ཡོད་པས།ལོ་ངོ་བཅུ་རིང་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་བླངས་ཡོད་པ་བསྟན།  

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཁྲོད་བྱས་རྗེས་མི་དམན་པ་བཞག་ཡོད་པའི་མི་སྒེར་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་སྔོན་ཐོན་མི་སྒེར། སྔོན་ཐོན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་ལ་གཟེངས་བསྟོད་བྱས། གྲོས་ཚོགས་སྟེང་ད་དུང་མཚོ་ནུབ་ཁུལ་དང་རྩེ་ཁོག་རྫོང་།  དགའ་བདེ་རྫོང་།ཐེམ་ཆེན་རྗོང་ཤེས་ཡོན་གྲོང་རྡལ་སོགས་ཀྱིས་བསམ་བློའི་བརྗེ་རེས་ཀྱི་གཏམ་བཤད་གནང་།

གོང་མ།:ཁུལ་ཨུའི་དྲིལ་སྒྲོག་མ་ལག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་བྱས།

ཞོལ་མ།:མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གནས་སའི་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235