ཁུལ་ཨུའི་དྲིལ་སྒྲོག་མ་ལག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་བྱས།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཨུའི་དྲིལ་སྒྲོག་མ་ལག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་བྱས།

ཡོང་ཁུངས།:  སྤེལ་དུས།:2018-08-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

       ཉེ་ཆར།ཁུལ་ཨུའི་དྲིལ་སྒྲོག་མ་ལག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་བྱས།

ཚོགས་འདུས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་རྗེས་ཀྱི་ཞིང་ཆེན་ཏང་ཨུས་ཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ།  ཚོགས་འདུས་ཐོག་ལེགས་གཅིག་མཐོ་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས།  འདི་ནི་མཚོ་སྔོན་ཀྱིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་དོན་འཁྱོལ་བྱེད་པ་དང་།འགོ་རྩོམ་ས་གསར་བའི་སྟེང་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གཏིང་ཟབ་སྒོས་འཆར་འགོད་བཀོད་སྒྲིག་བྱས་པ་བསྟན།

ཚོགས་འདུས་ཁུལ་ཨུའི་དྲིལ་སྒྲོག་ཁུངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་ལས་བཟོ་བས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བཟང་བོ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པའི་རྨང་གཞིའི་ཐོག  ནུས་ཤུགས་ཡོད་རྒུས་རིག་པའི་གཞུང་ལུགས་སྒྲོག་འགྲེལ་བཟང་བོ་བྱེད་པ་དང་།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་དང་སྲང་ལམ་སྡེ་ཁུལ།  ཞིང་ཁ་ཞིང་བར།ཁེ་ལས་དང་འཁོར་ཁང་སོགས་ཐོན་སྐྱེད་འཚོ་བའི་འཐབ་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་ནུབ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུགས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།ཁུལ་སྡོད་རིམ་པའི་གསར་འགྱུར་སྨྱན་བྱེད་ཀྱིས་གསར་འགྱུར་གླེང་ཕྱོགས་དྲིལ་སྒྲོག་ཞིབ་མོས་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྗོད་གཞི་གཏིང་ཟབ་སྒོས་འགྲེལ་བཤད་བྱས།   ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དངོས་འབེབས་བྱེད་པའི་བརྒྱུད་རིམ་ཁྲོད་གནད་དོན་དངོས་ཐག་གཅོད་བྱས་པའི་ཕན་འབྲས་གསར་བ་དང་འཕེལ་རྒྱས་གསར་བ་ནུས་ཤུགས་ཡོད་རྒུས་དྲིལ་སྒྲོག་བྱས་ཏེ།རང་ཁུལ་གྱི་གོང་འོག་བར་གསུམ་ཚང་མས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཕྱོགས་ཡོངས་ནས་མཐོང་ཆེན་བྱས་པ་དང་།དྲིལ་སྒྲོག་གི་ནང་དོན་སྐོར་ཞིག་མང་ཚོགས་ཀྱི་ཁྲོད་ནས་ཐོན་པར་གསོན་ཉམས་ལྡན་པའི་སྒོ་ནས་དྲིལ་སྒྲོག་བྱས་པ་དང་།  དྲ་རྒྱའི་དྲིལ་སྒྲོག་དང་སྨྱན་བྱེད་གསར་བའི་ལེགས་ཆ་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ།དྲིལ་སྒྲོག་རབ་དང་རིམ་པ་ཞིབ་མོ་སྒོས་ཇུས་འགོད་བྱས་ནས་དྲ་ཐོག་གི་འབྲེལ་བ་དང་སྟེགས་བུའི་འབྲེལ་བ་ཇེ་དྲག་ཏུ་བཏང་སྟེ། དྲ་དམངས་རྣམས་ཧུར་ཐག་སྒོས་དྲ་འབྲེལ་དྲིལ་སྒྲོག་དུ་ཞུགས་པར་སྣེ་ཁྲིད་བྱས་ཏེ། དྲ་ཐོག་གི་དྲིལ་སྒྲོག་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

གོང་མ།:ཀྲུང་ཅེ་ཚྭ་འདམ་ཁིལ་འགྱུར་ཅཱ་ལུད་དང་མ་བཅོས་བུལ་ཏོག་གི་གཞི་གྲངས་ཁྱབ་བསྒྲགས་བྱས།

ཞོལ་མ།:ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱས་ནས་ལོ་ངོ་བཅུ་ལོན་པར་སྤྱི་བསྡོམས་དང་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235