ཀྲུང་ཅེ་ཚྭ་འདམ་ཁིལ་འགྱུར་ཅཱ་ལུད་དང་མ་བཅོས་བུལ་ཏོག་གི་གཞི་གྲངས་ཁྱབ་བསྒྲགས་བྱས།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲུང་ཅེ་ཚྭ་འདམ་ཁིལ་འགྱུར་ཅཱ་ལུད་དང་མ་བཅོས་བུལ་ཏོག་གི་གཞི་གྲངས་ཁྱབ་བསྒྲགས་བྱས།

ཡོང་ཁུངས།:  སྤེལ་དུས།:2018-08-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།  ཀྲུང་ཅེ་ཚྭ་འདམ་ཁིལ་འགྱུར་ཅ་ལུད་དང་མ་བཅོས་བུལ་ཏོག་གི་གཞི་གྲངས་པེ་ཅིན་ནས་ཁྱབ་བསྒྲགས་བྱས།

ཀྲུང་ཅེ་ཚྭ་འདམ་ཁིལ་འགྱུར་ཅ་ལུད་དང་མ་བཅོས་བུལ་ཏོག་གི་གཞི་གྲངས་ནི་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་རང་ཁུལ་གྱིས་མཉམ་འབྲེལ་སྒོས་སྒྲིག་སྦྱོར་ཁྱབ་བསྒྲགས་བྱས་པ་ཡིན།དེའི་དམིགས་ཡུལ་ནི་རང་རྒྱལ་ཅ་ལུད་དང་མ་བཅོས་བུལ་ཏོག་ཐོན་རྫས་ཀྱི་བྲིན་ཚོང་འབྲེལ་མཐུད་དང་།དོ་མཉམ་མཁོ་སྤྲོད་ལ་སྐུལ་འདེད་བྱས་ཏེ། ཚོང་རའི་ཐོན་ཁུངས་སྙོམས་སྒྲིག་གི་ཕན་ནུས་ཇེ་མཐོར་དང་།  ཚོང་ར་བརྟན་བརླིང་འཁོར་བསྐྱོད་མངོན་འགྱུར་ཐུབ་པ། ཅ་ལུད་དང་མ་བཅོས་བུལ་ཏོག་ཐོན་ལས་བདེ་བླག་ངང་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། རང་རྒྱལ་གྱི་ཅ་ལུད་དང་མ་བཅོས་བུལ་ཏོག་ཚོང་རའི་རིན་གོང་གཏན་འབེབ་བྱེད་པར་ནུས་པ་གལ་ཆེན་བཏོན་ཏེ། ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་ཡོད་སྡེ་ཁག་གི་སྤྱི་ཁོག་སྙོམ་སྒྲིག་དང་ཚོང་རའི་སྔོན་རྩིས་ཉེན་བརྡ།  ལས་རིགས་ཀྱི་སྲིད་ཇུས་གཏན་འཁེལ་དང་འཕེལ་རྒྱས་འཆར་གཞི་ཇེ་དྲག་ཏུ་བཏང་སྟེ།  རང་རྒྱལ་གྱི་ཅ་ལུད་དང་མ་བཅོས་བུལ་ཏོག་ལས་རིགས་ཀྱི་འཕེལ་ཕྱོགས་ལ་ཁ་ཕྱོགས་བཟང་བོ་ཞིག་སྟོན་པ་དེ་ཡིན།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རིན་གལའོ་ཐིན་ཁྲུན་གྱིས་བཤད་རྒྱུར།   ཁིལ་འགྱུར་ཅ་ལུད་དང་མ་བཅོས་བུལ་ཏོག་ཐོན་ཁོངས་ཀྱི་ཁྱད་སྟོབས་ཡོངས་མཚོ་སྔོན་མཚོ་ནུབ་ཏུ་གཅིག་བསྡུས་བྱས་ཡོད་པས།ལྷག་པར་དུ་ཁིལ་འགྱུར་ཅ་ལུད་བརྒྱ་ཆའི་80མཚོ་ནུབ་ན་ཡོད།  དེ་བས་གཅིག་ནས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་དེས་མཚོ་ནུབ་ཀྱི་ཐོན་ཁུངས་ཀྱི་ཁྱད་སྟོབས་མཚོན་ཐུབ་ལ།  གཉིས་ནས་མཚོ་ནུབ་ཀྱི་ཚོང་ར་ཡོངས་ལ་ཤུགས་རྐྱེན་གྱི་ནུས་པ་གལ་ཆེན་ལྡན།  གསུམ་ནས་མཚོ་ནུབ་དྲིལ་སྒྲོག་དང་ཁྱབ་གདལ་བཟང་བོ་བྱེད་ཐུབ་ཟེར།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧེ་ཡིས་ཁྱབ་སྒྲོག་གྲོས་ཚོགས་སྟེང་བསྟན་དོན།  ཀྲུང་ཅེ་ཚྭ་འདམ་ཁིལ་འགྱུར་ཅ་ལུད་དང་མ་བཅོས་བུལ་ཏོག་གི་རིན་གོང་གཞི་གྲངས་སྒྲིག་སྦྱོར་བྱས་པ་འདིས། ཐོན་ལས་མུ་ཡི་ནང་ཞུགས་པའི་ཐོན་སྐྱེད་བདག་གཉེར་གྲོས་ཆོད་ཇེ་ཉུང་དུ་གཏོང་བའི་རྨོངས་ཚོད་དང་།ཚོང་རའི་ཉེན་ཁ་མེད་པར་བཟོ་བ། ཐོན་ལས་དང་མ་རྩ་གྲོན་ཆུང་བྱེད་པ།  ཚོང་རའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བར་ནུས་པ་གལ་ཆེན་ལྡན་ལ།དེ་བས་མཚོ་ནུབ་ཀྱི་ཅ་ལུད་དང་མ་བཅོས་བུལ་ཏོག་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་དང་སྤུས་ཚད་འཐོར་འདེགས་ལ་དགེ་མཚན་ལྡན། མཚོ་ནུབ་ཁུལ་གྱི་མཚན་སྙན་གྲགས་རྒྱས་པར་སྔར་ལས་ཕན་ནུས་གལ་ཆེན་ལྡན་པ་བསྟན།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་བཟོ་ལས་དངོས་རྫས་རིན་གོང་ལྟ་ཞིབ་ཚན་ལེན་ཁྲུའུ་ཡི་མགོ་གཙོ་དབྱང་ཆིན་གྱིས་བཤད་རྒྱུར། ངས་བལྟས་ན་ང་ཚོས་གཞི་གྲངས་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་བྱས་ཏེ།ཚང་མས་མཚོ་སྔོན་ནི་བརྙན་འཕྲིན་བཤད་པའི་རབ་མཛེས་མཚོ་སྔོན་ཁོ་ན་མ་ཡིན་ལ།ད་དུང་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་ས་གནས་ཤིག་ཡིན།ཚང་མས་གཞི་གྲངས་འདི་ལ་བལྟོས་ནས་མཚོ་སྔོན་དང་མཚོ་ནུབ་ལ་སྔར་ལས་རྒྱུས་ལོན་ཐུབ་ཟེར།

ཉེ་བའི་ལོ་འགའི་རིང་། རང་ཁུལ་གྱིས་ཧུར་བརྩོན་སྒོས་ཚྭ་མཚོའུ་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས།  ཅ་ལུད་ཐོན་ཁུངས་གསར་སྤེལ་བྱེད་པ་དེ་སྣེ་ཁྲིད་དུ་བྱས་པའི་ཚྭ་མཚོ་རྫས་འགྱུར་བཟོ་ལས་འཁོར་རྒྱུག་ཅན་གྱི་ཐོན་ལས་ཀྱི་མ་ལག་གིས་སྔ་གཞུག་ཏུ་ཚྭ་མཚོ་སྡེ་ཚོགས་ཏུན་ས་ཡ་ཅན་གྱི་ཅ་ལུད་ཕྱོགས་བསྡུས་བེད་སྤྱོད་སོགས་ལས་གཞི་ཆེན་པོ་22བཙུགས་ནས།  ཏུན་ས་ཡ་བརྒྱད་དང་འབུམ་ལྔ་ཅན་གྱི་ཁིལ་འགྱུར་ཅ་ལུད་དང་ཏུན་ས་ཡ་བཞི་འབུམ་གསུམ་ཅན་གྱི་མ་བཅོས་བུལ་ཏོག་སོགས་ཐོན་སྐྱེད་ཀྱི་ནུས་ཤུགས་གྲུབ་ཡོད།  དེའི་ནང་། ཅ་ལུད་ཐོན་ཚད་རྒྱལ་ཡོངས་ཀྱིས་བརྒྱ་ཆའི་80ཟིན་ལ།མ་བཅོས་བུལ་ཏོག་ཐོན་ཚད་རྒྱལ་ཡོངས་ཀྱིས་བརྒྱ་ཆའི་ཉི་ཤུའི་ཡས་མས་ཟིན། སྔོན་དཔག་བྱས་ན་རྗེས་ཕྱོགས་ཐོན་ཚད་ད་དུང་མུ་མཐུད་དུ་ཇེ་མཐོར་བཏང་ཐོག  རྒྱལ་ཡོངས་ཀྱི་ཅ་ལུད་དང་མ་བཅོས་བུལ་ཏོག་གི་ཚོང་རའི་ཁྲོད་གོ་གནས་གཙོ་བོ་ཟིན་ནས་ཚོང་མགྲོན་ཆེན་པོ་ཞིག་གི་གྱུར་རྒྱུ་རེད།

གོང་མ།:ན་གོར་མོ་གྲོང་ཁྱེར་གྱིས་༼ཁམས་བདེ་རྟགས་མའི༽བདེ་འཇགས་ཐོན་སྐྱེད་ཤེས་བྱའི་འགྲན་སྡུར་སྤེལ།

ཞོལ་མ།:ཁུལ་ཨུའི་དྲིལ་སྒྲོག་མ་ལག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235