ཞིང་ཆེན་སྲིད་གྲོས་ཀྱི་ཀང་ཨའོ་ཨུ་ཡོན་རྣམས་རང་ཁུལ་དུ་ཡོང་ནས་གནས་སྐོར་འཕེལ་རྒྱས་གནས་ཚུལ་ལ་ལྟ་ཞིབ་བྱས།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞིང་ཆེན་སྲིད་གྲོས་ཀྱི་ཀང་ཨའོ་ཨུ་ཡོན་རྣམས་རང་ཁུལ་དུ་ཡོང་ནས་གནས་སྐོར་འཕེལ་རྒྱས་གནས་ཚུལ་ལ་ལྟ་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-08-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།  ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུའམ་ཀང་ཨའོ་ཐེ་ཕྱི་སྡོད་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཝེ་འཁོར་དང་བཅས་པས་རང་ཁུལ་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་གནས་ཚུལ་ལ་ལྟ་ཞིབ་བྱས། རང་ཁུལ་གྱིས་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་།   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ་དང་ཀྲུའུ་ཞི་གཞོན་པ་ཀྲང་ཡཱ་པང་བཞུགས་མོ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་ཁུལ་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་གནས་ཚུལ་སྙན་ཞུ་བྱས་། ཉེ་བའི་ལོ་འདི་གའི་རིང་གི་རང་ཁུལ་གྱི་གནས་སྐོར་ལས་རིགས་ཀྱི་ཚོང་འགུག་དངུལ་འདྲེན་ལ་མུ་མཐུད་དུ་ཐོལ་བརྒལ་བྱུང་ཤིང་།  མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པས། ཚོང་རྟགས་ཅན་གྱི་ཁྱད་ལྡན་མཛེས་ལྗོངས་ཁུལ་མང་པོ་བྱུང་། གནས་སྐོར་མི་སྣ་སྣེ་ལེན་བྱས་ཚུལ་ཇེ་མང་དུ་སོང་བ་དང་གནས་སྐོར་ཡོང་སྒོ་མུ་མཐུད་དུ་ཇེ་མཐོར་སོང་ཡོད་ལ། གནས་སྐོར་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་།ལྟ་ཞིབ་ཚན་ཆུང་འཁོར་དང་བཅས་པས་རང་ཁུལ་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེངས་འཇོག་ཚད་མཐོན་པོ་བྱས་ལ།རང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་དང་འཛུགས་སྐྲུན་བྱེད་པའི་དུས་མཉམ་དུ་། ཚན་རིག་དང་མཐུན་པའི་སྒོ་ནས་རང་སྟེང་གི་སྐྱེ་ཁམས་ཐོན་ཁོངས་བེད་སྤྱོད་གང་ལེགས་བྱས་ནས།  གནས་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་མུ་མཐུད་དུ་འཚོལ་ཞིབ་དང་གསོ་སྐྱོང་བྱས་ཐོག  སྤུས་ཚད་མཐོ་བའི་རིག་གནས་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ་བཞེངས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།

ལྟ་ཞིབ་ཚན་ཆུང་ད་དུང་ཁུལ་ཡོངས་ཀྱི་ས་གནས་སོ་སོར་སོང་ནས་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།

གོང་མ།:ཁུལ་འགོ་ཁྲིད་ཆེན་མོ་བཞིས་ཁུལ་སྡོད་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་བྱས།

ཞོལ་མ།:ན་གོར་མོ་གྲོང་ཁྱེར་གྱིས་༼ཁམས་བདེ་རྟགས་མའི༽བདེ་འཇགས་ཐོན་སྐྱེད་ཤེས་བྱའི་འགྲན་སྡུར་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235