ཁུལ་འགོ་ཁྲིད་ཆེན་མོ་བཞིས་ཁུལ་སྡོད་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་བྱས།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་འགོ་ཁྲིད་ཆེན་མོ་བཞིས་ཁུལ་སྡོད་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་བྱས།

ཡོང་ཁུངས།:  སྤེལ་དུས།:2018-08-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར། བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྐབས་སུ།ཁུལ་ཨུའི་ཧྲུའུ་ཅི་ཀྲུའོ་ལུང་ཞང་གིས་འཚམས་འདྲི་ཚན་ཆུང་གི་སྣེ་ཁྲིད་ཏེ་མཚོ་ནུབ་ཁུལ་ཡན་ལག་དམག་ཁུལ་དང་།96793དམག་དཔུང་། མཚོ་ནུབ་ཁུལ་དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག  མཚོ་ནུབ་ཁུལ་སྤྱི་བདེ་མེ་འགོག་ཡན་ལག་རུ་ཁག་གི་བཀོད་ཐབས་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཡོངས་ལ་གཟིགས་ཞིབ་དང་འཚམས་འདྲི་བྱས་པ་མ་ཟད།ཁོ་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་འཚམས་འདྲི་བྱས།   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བཀོན་ཅི། ཁུལ་དཔོན་གཞོན་པ་ཆན་ཀོའུ་ཆིན་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

ས་ཆ་གཅིག་ཏུ་སླེབས་ཐེངས་རེར།འཚམས་འདྲི་ཚན་ཆུང་འཁོར་དང་བཅས་པས་དམག་སྲིད་དཔོན་པོ་དང་བཀོད་འདོམས་པ་རྣམས་བརྩེ་བའི་བཞུགས་མོལ་བྱས་ཏེ། མཚོ་ནུབ་ཁུལ་གྱི་ལོ་སྟོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བླངས་བའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་།དམག་དཔུང་འཛུགས་སྐྲུན་དང་དཔོན་དམག་གི་འཚོ་བ།སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ལ་སེམས་ཞིབ་མོས་རྒྱུས་ལོན་བྱས།འཚམས་འདྲི་ཚན་ཆུང་གིས་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག   ཞི་ཅིན་ཕིན་གྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པ་མཛུབ་སྟོན་དུ་བཟུང་བ་རྒྱུན་འཁྱོངས་བྱས་ནས། གཏིང་ཟབ་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། དེ་མིན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་བསམ་གཞི་ལ་རྒྱུན་འཁྱོངས་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ།༼ལྔ་བཞི་ཐབས་ཇུས་༽ལག་བསྟར་གཏིང་ཟབ་བྱས་ནས་བརྟན་བརླིང་ངང་འཕར་བ་དང་གྲུབ་ཚུལ་ལེགས་སྒྲིག  བཅོས་བསྒྱུར་ལ་སྐུལ་འདེད།  དམངས་ཚིས་ཕན་བདེ།ཉེན་ཁ་འགོག་བཅས་ཀྱི་བྱ་བ་སོ་སོར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་༼དུས་ཚོད་ཕྱེད་ཙམ་སོང་ཡང་དུས་ཚོད་ལྟར་ལས་འགན་འགྲུབ་པའི་༽འཕེལ་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་དགོས། གྲུབ་འབྲས་འདི་དག་ཐོབ་པ་ནི་དམག་དཔུང་དང་ས་གནས་ཕྱོགས་ཀྱིས་མཉམ་ལས་བྱས་པའི་འབྲས་བུ་ཡིན་པ་དང་།ཁུལ་སྡོད་ཉེན་རྟོག་དམག་མི་སོ་སོའི་རྒྱལ་སྐྱོར་དང་རོགས་རམ་ལ་ཁ་འབྲལ་ཐབས་མེད་ཞིང་།རེ་བ་ཡིན་ན་ཁུལ་སྡོད་ཉེན་རྟོག་དམག་མིས་མུ་མཐུད་དུ་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། རང་འགུལ་སྒོས་བཅོས་བསྒྱུར་དང་བརྟན་བརླིང་འཕེལ་རྒྱས་ལ་རང་རྟོགས་ཀྱིས་བརྩི་སྲུང་བྱེད་པ་དང་།ཧུར་ཐག་གིས་ས་གནས་འཛུགས་སྐྲུན་ནང་ཞུགས་པར་རྒྱབ་སྐྱོར་བྱས་ནས།བརྟན་བརླིང་གི་བྱ་བའི་ཁྲོད་གནོད་འགོག་མྱུར་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར།དམག་དམངས་མཉམ་སྐྲུན་སོགས་ཀྱི་ཕྱོགས་ནས་རླབས་ཆེན་མཛད་རྗེས་བཞག་ཏེ།མུ་མཐུད་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པ་དང་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམག་དམངས་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་རྗེས་གྲབས་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་ནས།མུ་མཐུད་དུ་འཆམ་མཐུན་འཕེལ་རྒྱས་ཀྱི་དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་།ཁུལ་སྡོད་ཉེན་རྟོག་དམག་མིའི་དཔུང་སྡེ་དང་མཉམ་དུ་གཉིས་བཀུར་མཉམ་སྐྲུན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

 ཁུལ་སྡོད་ཉེན་རྟོག་དཔོན་མི་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམག་དཔུང་འཛུགས་སྐྲུན་སོ་སོས་རྒྱལ་སྐྱོར་དང་རོགས་རམ་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཁུལ་སྡོད་ཉེན་རྟོག་དཔོན་མིའི་ཐུགས་ཁུར་དང་གཟིགས་སྐྱོང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཚང་མས་གཅིག་གྱུར་གྱིས་བསྟན་དོན།དམག་དཔུང་གི་སྲོལ་རྒྱུན་བཟང་བོ་དང་སྤྱོད་ཚུལ་བཟང་བོ་མུ་མཐུད་དུ་དར་སྤེལ་བཏང་ནས། མཐོ་སྒང་ནས་རྐང་ཚུགས་པ་དང་དཀའ་སྤྱད་ཀྱི་སྦྱོང་བརྡར་བྱེད་པ།རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། དངོས་ཡོད་བྱ་སྤྱོད་ཀྱིས་དམག་དཔུང་དང་ས་གནས་མཉམ་འདྲེས་ཀྱི་འཕེལ་རྒྱས་དང་ཁུལ་སྡོད་འཆམ་མཐུན་བརྟན་བརླིང་ཡོང་བར་ལེའུ་གསར་བ་ཞིག་བྲིས་ཏེ།ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་བྱས་རྗེས་གསར་བ་འཇོག་དགོས།

གོང་མ།:ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་དཀྱིལ་སྙིང་ཚན་ཁག་གིས་སློབ་སྦྱོང་གྲོས་ཚོགས་བསྡུས།

ཞོལ་མ།:ཞིང་ཆེན་སྲིད་གྲོས་ཀྱི་ཀང་ཨའོ་ཨུ་ཡོན་རྣམས་རང་ཁུལ་དུ་ཡོང་ནས་གནས་སྐོར་འཕེལ་རྒྱས་གནས་ཚུལ་ལ་ལྟ་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235