མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རྡོ་རྗེ་ཡིས་དབུས་ལམ་རྫོང་གི་ཏང་འཛུགས་གཙོ་གནད་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་།

ཡོང་ཁུངས།:  སྤེལ་དུས།:2018-09-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་སྔོན།ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་རྡོ་རྗེ་འཁོར་དང་བཅས་པ་དབུས་ལམ་རྫོང་ཞི་ལིས་ཀུག་གྲོང་རྡལ་དུ་སོང་ནས་ཐུན་མོང་དཔལ་འབྱོར་ཕྱི་མཛེས་ནང་སྟོང་ཡིན་པ་མེད་པར་གཏོང་བའི་བཟོ་སྐྲུན་དང་ཏང་འཛུགས་ཆེན་མོའི་བྱ་བའི་སྒྲིག་གཞི་བསྐྲུན་པ།གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་ཞེས་པ་བརྗོད་བྱ་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ལ་སྐུལ་འདེད་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།

བཞུགས་མོལ་གྲོས་ཚོགས་སྟེང་།རྡོ་རྗེ་ཡིས་རྫོང་དང་གྲོང་རྡལ་རིམ་པ་གཉིས་ཀྱི་གཙོ་གནད་བྱ་བ་དངོས་འབེབས་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་།སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་བསམ་ཕྱོགས་དང་གནས་པའི་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ།དབུས་ལམ་རྫོང་གི་གཙོ་གནད་བྱ་བའི་འགན་འཁྲིའི་སྐུལ་སྤེལ་བསམ་ཕྱོགས་དང་དངོས་འབེབས་བྱེད་ཐབས།བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་མ་ཟད།དུས་རིམ་རྗེས་མའི་བྱ་བ་ལེགས་པོར་བསྒྲུབ་པར་བྱེ་བྲག་གི་བླང་བྱ་བཏོན།

རྡོ་རྗེ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དང་ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད།ཏང་གིས་ཞིང་སྡེའི་གཞི་རིམ་དུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཁག་ཐེག་གལ་ཆེན་ཞིག་ཡིན།ཏང་འཛུགས་ཆེན་མོའི་བྱ་བའི་རྣམ་པ་ནི་ཏང་འཛུགས་བྱ་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་འདྲེས་པར་སྐུལ་འདེད་བྱས་ཏེ།ཏང་གི་འཛུགས་སྐྲུན་དང་ཏང་གི་ལས་དོན་མཉམ་རྒྱལ་དང་མཉམ་བསྲེས་འཕེལ་རྒྱས་ཀྱི་གསར་སྐྲུན་གྱི་ལག་ལེན་ཞིག་ཡིན།གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་ཞེས་པ་བརྗོད་བྱ་ཡིན་པའི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་ལེགས་པོར་སྤེལ་བ་ནི་ཀྲུང་དབྱང་གི་བཀོད་སྒྲིག་དང་གྲ་སྒྲིག་ལྟར་སྤེལ་བའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པ་བརྗོད་བྱ་ཡིན་པའི་སློབ་གསོའི་རིམ་འཕར་ཙམ་ཡིན།རྫོང་དང་གྲོང་རྡལ།སྡེ་བ་རིམ་པ་གསུམ་གྱི་ཏང་རྩ་འཛུགས་ཀྱིས་བསམ་བློའི་འདུ་ཤེས་གཅིག་གྱུར་དང་དམིགས་འབེན་འགན་འཁྲི་གཅིག་གྱུར།བྱ་འགུལ་གྱི་གོམ་སྟབས་གཅིག་གྱུར་ཡོང་བར་བྱས་ཏེ།ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་པ་བསྟན།

གོང་མ།:ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས་ཀྱིས་དྲིན་གཟོ་རྟགས་མའི་ཡིག་རིས་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་སྤེལ།

ཞོལ་མ།:ཝང་ཀྲིན་ཧྲིན་གྱིས་རང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ལེགས་གཅིག་མཐོ་གཉིས་འཐབ་ཇུས་ལག་ལེན་མཐའ་འཁྱོལ་བར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏང་དགོས་པར་ནན་གྱིས་བསྟན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235