མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ལིས་ཀྲན་ཧྲུའུ་ཡིས་ཅིན་ཀྲིན་ཨུན་ལ་མཇལ་འཕྲད་གནང་བར་མ་ཟད་ཞི་ཅིན་ཕིང་གི་འཕྲིན་ཡིག་བརྒྱུད་སྤྲོད་བྱས།

ཡོང་ཁུངས།:  སྤེལ་དུས།:2018-09-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་དགུ་བའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཕེན་རིང་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་ཐོག་མར་ཞི་ཅིན་ཕིང་གིས་ཅིན་ཀྲིན་ཨུན་ལ་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་སྒྲོག་མཛད་པར་མ་ཟད་རང་ཉིད་ཀྱིས་བྲིས་པའི་འཕྲིན་ཡིག་བརྒྱུད་སྤྲོད་མཛད། ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་གསུངས་རྒྱུར། ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་ལ། བློ་མཐུན་ཅིན་རི་ཁྲིན་དང་བློ་མཐུན་ཅིན་ཀྲིན་རི། ཨུ་ཡོན་ཀྲང་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཁྲའོ་ཞན་ཏང་དང་མི་དམངས་ཀྱིས་དཀའ་སྤྱད་སྡུག་རུས་སྒོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་བླངས་ཡོད། དེང་སྐབས་ཨུ་ཡོན་ཀྲང་གིས་ཁྲའོ་ཞན་ཏང་དང་མི་དམངས་ལ་འགོ་ཁྲིད་དེ་འཐབ་ཇུས་གསར་བའི་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་བཞིན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པར་ནུས་ཤུགས་གང་ཡོད་བཏོན་པས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོ་ནས་གྲུབ་འབྲས་གསར་བ་ཐོབ་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་ནི་ཁྲའོ་ཞན་ཏང་དང་རྒྱལ་ཁབ་དང་མི་དམངས་ཀྱི་དོན་བཟང་དང་དོན་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ང་རང་དམིགས་བསལ་འཐུས་མི་ཡིན་པའི་ཆ་ནས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ཁྲའོ་ཞན་ལ་འཚམས་འདྲིར་མངགས་པ་ཡིན་པས། ངས་ཁྱོད་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་ཡིན་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བར་དམིགས་བསལ་གྱི་ལོ་རྒྱུས་དོན་སྙིང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་རྣམ་གཉིས་ཀྱིས་ཐེངས་གསུམ་ལ་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བར་ཞུགས་པ་སྐུལ་འདེད་བཏང་བ་དང་སྣེ་ཁྲིད་བྱས། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་རྣམ་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་བའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བར་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གསར་སྐྲུན་བྱེད་དགོས་ཟེར།

ཅིན་ཀྲིན་ཨུན་གྱིས་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ལི་ཀྲན་ཧྲུའུ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཅིན་ཀྲིན་ཨུན་གྱིས་བཤད་རྒྱུར། ཁྱོད་རང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་ཡིན་པའི་ཆ་ནས་ཁྲའོ་ཞན་ལ་འཚམས་འདྲིར་ཡོང་བ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་མཛའ་བཤེས་ཟབ་མོ་བཅངས་ཡོད་པ་མཚོན་པར་བྱས་པ་དང་། ང་ཚོའི་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་དགེ་མཚན་གསར་བ་བསྣན་པས། ཁྲའོ་ཞན་མི་དམངས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་ཟེར།



ཞོལ་མ།:ཝང་ཅན་ཅུན་དང་ལིག་ཉིང་གིས་མགོ་ལོག་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235