མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དཔྱོད་ཤེས་ཀྱི་བློ་རིག་ལྡན་པའི་དགེ་རྒན་བུའུ་སུའུ་ཀྲིག

ཡོང་ཁུངས།:  སྤེལ་དུས།:2018-09-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   ཉེ་སྔོན།  མཚོ་སྔོན་སྣུམ་ཞིང་སློབ་འབྲིང་དང་པོའི་དགེ་རྒན་བུའོ་སུའུ་ཀྲིན་མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་སྐབས་དྲུག་པའི་ཕུལ་བྱུང་དགེ་རྒན་བཅུའི་ནང་ཚུད་པའི་མཚན་སྙན་ཐོབ།  ཁོས་ཡར་རྒྱས་བརྩོན་ལེན་དང་། ནན་ཏན་གྱིས་དཔེ་ཁྲིད་བྱེད་པ།སློབ་མ་ལ་ཐུགས་ཁུར་གནང་བ། རྒྱུན་འཁྱོངས་ལྷོད་མེད་སྒོས་ལས་ལ་བརྩོན་པའི་མདུན་པ་ཡིས་སྔོན་ཐོན་དགེ་རྒན་ཞིག་གི་རང་གཤིས་མཚོན་པར་བྱས་ཡོད།

༡༩༧༨ལོར་སྐྱེས་པའི་དགེ་རྒན་བུའོ་སུའུ་ཀྲིན་གྱིས་ཁྲིད་སྟེགས་ཆུང་ཆུང་འདིའི་སྟེང་ནས་དགེ་རྒན་གྱི་བྱ་བ་ལོ་བཅུ་དགུ་རིང་ལ་འབད་བརྩོན་བྱས་པ་དང་།ལོ་བཅུ་དགུའི་རིང་ལ། ཁོས་ལོ་བཅོ་ལྔའི་རིང་ལ་འཛིན་བདག་གི་འགན་ཁུར་བ་ཡིན།  ༢༠༡༣ལོའི་མཐོ་གསུམ་མཐར་ཕྱིན་འཛིན་གྲྭ་ལ་སློབ་མ༤༤ཡོད།  སློབ་མ༤༢ཀྱིས་དངོས་གཞི་ལ་རྒྱུགས་འཕྲོད།  སྐར་མ༥༠༠ཡན་གྱི་སློབ་མ༣༤ཡོད།  ཁོས་སྐྱོང་བའི་སློབ་མ་མང་པོ་ཞིག་གིས་ཆིན་ཧྭ་སློབ་ཆེན་སོགས་སློབ་གྲྭ་མང་གྲགས་ཅན་དུ་རྒྱུགས་འཕྲོད་ཡོད།  ༢༠༡༦ལོའི་ཀྲུང་གོ་ཡིག་རིགས་རྟགས་མའི་རྒྱལ་ཡོངས་ན་གཞོན་དགེ་རྒན་གྱིས་དཔེ་ཁྲིད་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

 མཚོ་སྔོན་སྣུམ་ཞིང་སློབ་འབྲིང་དང་པོའི་ཏང་ཨུའི་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་ལི་ཞེན་གྱིས་བཤད་རྒྱུར།  བྱ་བའི་ལས་རྐང་སྟེང་། གཟབ་ནན་དང་བརྩོན་འགྲུས་ལྡན་པའི་སྒོ་ནས་བྱ་བའི་འགན་ཁུར་སོ་སོ་ལེགས་འགྲུབ་བྱས་པ་ཡིན།ལྷག་པར་དུ་སློབ་གསོ་དང་སློབ་མའི་ཕྱོགས་ནས་ངག་སློབ་སྤྱོད་ཁྲིད་ཀྱིས་རང་ཉིད་ཀྱི་སྤྱོད་པ་དངོས་ཀྱིས་སྟེང་ནས་སློབ་མ་རྣམས་བསྐྱངས་པ་ཡིན་པས།  དགེ་སློབ་ཡོངས་ཀྱིས་དགའ་བསུ་ཐོབ་ཡོད་པ་མ་ཟད།  ཁོ་ལ་སྙིང་ཉེ་བའི་སྒོ་ནས་གསར་བུ་ཀྲི་ཀྲི་ཞེས་འབོད་བཞིན་ཡོད།

མཚོ་སྔོན་སྣུམ་ཞིང་གི་སློབ་འབྲིང་དང་པོའི་དགེ་རྒན་ཏའེ་ལིན་ཧྲིན་གྱིས་བཤད་རྒྱུར། སློབ་དཔྱོད་ཚན་ཆུང་གི་ཚན་གཙོ་ཡིན་པའི་ཆ་ནས།  ཆེད་ལས་རང་བཞིན་གྱིས་སྐད་ཡིག་གི་ཁྲིད་གཞིའི་སྤུས་ཚད་ཇེ་མཐོར་བཏང་བ་ཡིན།ཁོ་ལ་མཚོན་ན་དཔེ་ཁྲིད་ཀྱི་ཕྱོགས་ནས་ཉམས་མྱོང་དང་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་པས། སློབ་མ་དང་ཁྱིམ་བདག་གིས་ཁོ་ལ་དགའ་བསུ་ཆེན་པོ་ཐོབ་ཡོད།  ཁོའི་སློབ་ཁྲིད་རེ་རེ་ནི་གདམས་ངག་གི་དཔེ་ཁྲིད་རེ་རེ་ཡིན་ཟེར་ན་ཆོག་ཆོག་ཡིན་ཟེར།

  ང་ཚོས་བྱ་བ་ཅི་ཞིག་སྒྲུབ་ནའང་།ནན་ཏན་གྱིས་སྒྲུབ་དགོས།   སློབ་སྦྱོང་དང་བྱ་བ་གང་རུང་ཞིག་གི་ཆ་ནས་བཤད་ནའང་དེ་དང་དེ་ཡིན་འདི་ནི་བུའོ་སུའུ་ཀྲིན་གྱིས་དཔེ་ཁྲིད་བྱེད་པའི་འདུ་ཤེས་འཛིན་སྟངས་ཡིན་ལ།  དཔྱོད་ཤེས་ཀྱི་བློ་རིག་ལྡན་པ་ནི་ཁོ་ལ་འཛོམས་པའི་རང་གཤིས་ཤིག་ཀྱང་ཡིན།

མཚོ་སྔོན་སྣུམ་ཞིང་སློབ་འབྲིང་དང་པོའི་དགེ་རྒན།  བུའོ་སུའུ་ཀྲིན་གྱིས་བཤད་རྒྱུར། ངས་བལྟོས་ན་སློབ་གསོ་ལེགས་པོར་སྐྱོང་བ་ནི་སློབ་མ་ཞིག་གི་སྤྲོ་སྣང་སྐྱེད་སྲིང་དང་།  སློབ་སྦྱོང་གི་རང་འགུལ་རང་བཞིན།མིའི་བརྩོན་པ་གསོ་སྐྱོང་བྱེད་པ། རང་སེམས་ཀྱི་འདུན་མ་མངོན་འགྱུར་བྱེད་པར་ཁྲིད་སྟོན་བྱེད་པ། སློབ་མ་རྣམས་ལ་སེམས་དང་སྦྱོར་བའི་ཀུན་སྤྱོད་ཐད་ལ་གསོ་སྦྱོང་ལེགས་པོ་བྱེད་པ་ནི་སློབ་གསོའི་གཞི་རྩ་ཡིན་ཟེར།

ཉེ་བའི་ལོ་འགའི་རིང་། བུའོ་སུའུ་ཀྲིན་དཔེ་ཁྲིད་དང་ཡང་ན་སློབ་དཔྱོད་གང་གི་ཕྱོགས་ནས་ཀྱང་གྲུབ་འབྲས་མི་དམན་པ་བླངས་ཡོད་པས།སློབ་མ་དང་ཁྱིམ་ཚང་གིས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད།  གོང་རིམ་སྡེ་ཁག་ནས་བྱ་དགའ་མང་པོ་ཐོབ་མྱོང་།

གོང་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས།

ཞོལ་མ།:ནན་ཏན་གྱིས་སློབ་ཁྲིད་བྱས་ཏེ་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་བསྐྱངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235