མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཅའོ་ཡུས་ལུའུ་ལ་དཔེ་བསྡུར་བྱ་དགོས་གསུངས།

ཡོང་ཁུངས།:  སྤེལ་དུས།:2018-09-25  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

  མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ།ལོ་མང་རིང་།ཞི་ཅིན་ཕིང་གིས་སྔ་བར་ཕྱི་གསུམ་དུ་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།ཁོང་གིས་སེམས་འགུལ་ཐེབས་པའི་ངང་ནས།ང་ཚོའི་མི་རབས་འདི་ནི་བློ་མཐུན་ཅའོ་ཡུས་ལུའུ་ཡི་བྱས་རྗེས་སློབ་གསོ་གཏིང་ཟབ་མྱོང་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་།བློ་མཐུན་ཅའོ་ཡུས་ལུའུ་ཡི་གཟུགས་བརྙན་རྦད་དེ་ང་ཚོའི་སེམས་ནང་གནས་ཡོད་ཅེས་གསུངས་གནང་ཡོད།

ལན་ཁའོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་སུང་ཐའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས།བློ་མཐུན་ཞི་ཅིན་ཕིང་སྔ་རྗེས་སུ་ལན་ཁའོ་ལ་རྟོག་ཞིབ་གནང་བར་ ཐེངས་གསུམ་ཕེབས་ཤིང་།ང་ཚོར་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱེད་དགོས་པ་དང་།ཅའོ་ཡུས་ལུའུ་ལ་དཔེ་བསྡུར་བྱས་ནས། མང་ཚོགས་སྔར་བས་བློ་ཡིད་ཚིམས་པ་དང་།ལན་ཁའོ་གོང་འཕེལ་སྔར་ལས་ལྷག་པ་འགྲོ་བ་བྱེད་དགོས། ང་ཚོས་ངེས་པར་དུ་མངགས་བཅོལ་སེམས་ལ་བརྟན་པོར་ངེས་ནས།མི་ཚང་མས་ཅའོ་ཡུས་ལུའུ་ལྟ་བུའི་ཏང་ཡོན་བཟང་པོ་དང་།ལས་བྱེད་པ་བཟང་པོ་ཞིག་བྱ་དགོས་པའི་བླང་བྱ་བཏོན་གནང་ཡོད་ཅེས་གསུངས།

  སྤྱི་ལོ་༢༠༠༩ལོའི་དཔྱིད་དུས་སུ།ཧོ་ནན་དུ་བརྟག་ཞིབ་གནང་སྐབས་ཞི་ཅིན་ཕིང་ཆེད་མངགས་ལན་ཁའོ་རྫོང་གི་ཅའོ་ཡུས་ལུའུ་དྲན་གསོ་ཁང་དུ་ཕེབས་ནས་ཅའོ་ཡུས་ལུའུ་ཡི་བང་སོར་མཇལ་ཁ་ཞུས་ཡོད་པ་དང་།སྤྱི་ལོ་༢༠༡༤ལོར། ཁག་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོའི་ནང་།ཞི་ཅིན་ཕིང་གིས་ལན་ཁའོ་དེ་ཁོང་རང་ཉིད་ཀྱི་འབྲེལ་བ་གནང་སར་བདམས་གནང་ཡོད།ལོ་དེའི་སྤྱི་ཟླ་༣པའི་ཚེས་༡༧ཉིན།ཁོང་ལན་ཁའོ་རུ་ཕེབས་ནས་སློབ་གསོའི་ལག་ལེན་བྱེད་སྒོར་མཛུབ་ཁྲིད་གནང་ཞིང་།ཕེབས་ཚུགས་དང་པོ་དེ་བློ་མཐུན་ཅའོ་ཡུས་ལུའུ་ཡི་དྲན་གསོ་ཁང་ཡིན་པ་རེད།

   སྤྱི་ལོ་༢༠༡༤ལོའི་ཟླ་༣པའི་ཚེས་༡༧ཉིན་གྱི་དགོང་མོ།ཞི་ཅིན་ཕིང་ཅའོ་ཡུས་ལུའུ་ལས་བྱེད་སློབ་གླིང་དུ་ཕེབས་ནས།ལན་ཁའོ་རྫོང་གི་གཞི་རིམ་ཞབས་ཞུའི་རང་བཞིན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་སྦྱོང་བརྡར་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་གནང་ཡོད་པ་རེད།ཁོང་གིས། ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱེད་སྐབས་ང་རང་སློབ་འབྲིང་ལ་སླེབས་ཡོད།སྐབས་དེར་ཆབ་སྲིད་དགེ་རྒན་གྱིས་ཚགས་པར་ཀློག་སྐབས། ཀློག་གིན་ཀློག་གིན་དུ་ངུ་སྐད་ཤོར་བ་དང་།ང་ཚོས་ཉན་གིན་ཉན་གིན་དུ་མིག་ཆུ་དབང་མེད་དུ་ཤོར་བྱུང་ཞེས་གསུངས།

  བཞུགས་མོལ་ཚོགས་འདུ་དེའི་ཐོག་ཞི་ཅིན་ཕིང་གིས་བསམ་གཞིགས་ཟབ་མོ་བྱ་དགོས་པའི་ལན་ཁའོ་ཡི་དྲི་བ་སྟེ།ཅའོ་ཡུས་ལུའུ་ལན་ཁའོ་ལ་ཕྱག་ལས་གནང་ཡུན་རིང་པོ་མིན་རུང་། ང་ཚོར་བསམ་པའི་རྒྱུ་ནོར་ཕུན་སུམ་ཚོགས་པོ་དེ་འདྲ་བཞག་གནང་ཡོད་པས།ང་ཚོས་རྗེས་རབས་རྣམས་ལ་བསམ་པའི་རྒྱུ་ནོར་གང་འདྲ་ཞིག་འཇོག་དགོས་སམ་ཞེས་བཏོན་གནང་ཡོད།

  མང་ཚོགས་དཔོན་བཟང་ལ་མི་དགའ་མཁན་སུ་ཞིག་ཡོད།གསོན་དུས་བྱེ་ཕུང་ཡིན་ལ། འདས་དུས་ཀྱང་བྱེ་ཕུང་ཡིན། རྒན་རབས་སྐྱེ་འཆི་རྟག་པ་སུ་ཞིག་མཆིས་ཞེས་ཉན་ནུའུ་ཅའོ།ཅའོ་ཡུས་ལུའུ་ལ་རྗེས་དྲན་ཞུ་ཞེས་པའི་སྙན་ཚིག་ཐོག་ནས།ཞི་ཅིན་ཕིང་གིས་ཅའོ་ཡུས་ལུའུ་ལ་ཐུགས་དབུས་ནས་གུས་བཀུར་ཞུ་བ་དང་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འགན་འཁྲིའི་བསམ་པ་མཚོན་ཡོད།

  སྐབས་དེར་ལན་ཁའོ་རྫོང་ཨུད་ཀྱི་ཧྲུའུ་ཅི།ད་ལྟ་ཁའེ་ཧྥུང་གྲོང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཤིན་ཅུན་གྱིས།སྤྱི་ལོ་༢༠༡༤ལོའི་ཟླ་༣པའི་ཚེས་༡༨ཉིན།ལན་ཁའོ་རྫོང་ཨུད་ཀྱི་སྙན་ཞུའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་སྙན་ཚིག་དེ་བཀླགས་གནང་སོང་བས།ང་ཚོ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསུངས།

 སྤྱི་ལོ་༢༠༠༩ལོའི་དཔྱིད་དུས་སུ།ལན་ཁའོ་རྫོང་གི་ལས་བྱེད་མང་ཚོགས་བཞུགས་མོལ་ཚོགས་འདུའི་ཐོགཞི་ཅིན་ཕིང་གིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་དམངས་ལ་བྱམས་པ་དང་དམངས་ལ་དགའ་བ།དཀའ་སྤྱད་འབད་འཐབ། ཚན་རིག་དང་མཐུན་ལ་བདེན་འཚོལ་ཡིན་པ།དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ།སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ལ་ཕྱོགས་བསྡུས་གནང་ཡོད་པ་རེད།

 བསྐྱར་དུ་ལན་ཁའོ་ལ་རྟོག་ཞིབ་གནང་བར་ཕེབས་སྐབས།ཁོང་གིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་རྒྱས་བཤད་གསར་པ་གནང་ཡོད་པ་སྟེ། བློ་མཐུན་ཅའོ་ཡུས་ལུའུ་ཡིས་སེམས་ནང་མི་དམངས་ཡོངས་རྫོགས་འཇོག་པ་དང་།རང་ཉིད་རྟིང་བརྗེད་དུ་གཏོང་བའི་སྤྱི་ཞབས་པའི་བརྩེ་སེམས་དང་།དོན་དག་ཚང་མའི་གནས་ལུགས་འཚོལ་དཔྱད་གནང་བའི་བདེན་འཚོལ་གྱི་སྤྱོད་ཚུལ།གཞན་གྱིས་ཟ་འཕྲོ་བཟས་ན་བྲོ་བ་མེད་པའི་བདེན་འཚོལ་གྱི་སྤྱོད་ཚུལ། རི་ཀླུང་གསར་པར་སྒྱུར་རྒྱུའི་སྙིང་སྟོབས་ལྡན་པ།གསར་བརྗེ་པས་དཀའ་ངལ་མདུན་དུ་དཔའ་རྩལ་ངོམ་པའི་སྙིང་སྟོབས། དཀའ་སྤྱད་བབ་ཆགས་དང་།སྤྱོད་གཙང་གཞུང་བཀུར།དུས་དང་རྣམ་པ་ཀུན་ཏུ་དམིགས་བསལ་ཅན་མི་བྱེད་པ་བཅས་ཀྱི་ཀུན་སྤྱོད་སློབ་སྦྱོང་དང་དར་སྤེལ་གཏོང་དགོས་ཞེས་གསུངས་གནང་ཡོད།

 དམིགས་བསལ་ཅན་མི་བྱེད་པའི་ཐད་ཞི་ཅིན་ཕིང་གིས་རང་དཔེ་གཞན་སྟོན་གནང་གི་ཡོད།ཝང་ཤིན་ཅུན་གྱིས།སྤྱི་ཁྱབ་ཧྲུའུ་ཅིས་ཅའོ་ཡུས་ལུའུ་ལས་བྱེད་སློབ་གླིང་དུ་མཆོད་པ་ནི་ཁྲོ་ཆེན་གྱི་ཞལ་ལག་ཡིན་པ་དང་།ཚལ་བཞི་དང་ཐང་གཅིག་ཡིན་པ་དང་། བཞུགས་ས་ནི་སློབ་མ་དཀྱུས་མའི་ཉལ་ཁང་ཡིན་ཞིང་།ཞལ་གྱེས་གནང་སྐབས་ཚད་གཞི་ལྟར་ཞལ་ལག་དང་བཞུགས་ཁང་རིན་པ་རྩིས་བསྐྱོན་གནང་སོང་ཞེས་གསུངས།

  སྤྱི་ལོ་༢༠༡༤ལོའི་ཟླ་བ་༣པའི་ཚེས་༡༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ཞི་ཅིན་ཕིང་གིས་ཀྲང་ཀྲོང་གྲོང་ཚོར་ལས་བྱེད་མང་ཚོགས་དང་ཞུགས་མོལ་གནང་ཡོད་པ་རེད།ལན་ཁའོ་རྫོང་ཏུང་པ་ཐུའོ་ཤང་ཀྲང་ཀྲོང་གྲོང་ཚོའི་ཏང་ཡོན་རྒན་གྲས་ལེ་ཀྲུང་ཅང་ནི་ཁོང་གི་ཁ་སྤྲོད་དུ་བསྡད་ཡོད་པ་རེད།

བཞུགས་མོལ་ཚོགས་འདུ་མ་ཚོགས་གོང་ཞི་ཅིན་ཕིང་གིས།ཁྱོད་ཚོས་བཤད་རོགས་གནང་། ང་ཚོ་ཉན་དུ་ཡོང་བ་ཡིན་ཞེས་གསུངས་པ་རེད།

  ལེ་ཀྲུང་ཅང་ནི་གཏམ་བཤད་སྤེལ་མཁན་ཨང་དང་པོ་དེ་ཡིན་པ་དང་།ཁོང་གིས་རེ་བ་གསུམ་སྟོན་གནང་བ་སྟེ།གཅིག་ནི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་དེ་རླུང་འཚུབ་ཐེངས་གཅིག་རྒྱག་པ་བཞིན་དུ་མི་བྱེད་པ་དང་།གཉིས་ནས་འགོ་ཁྲིད་ལས་བྱེད་ཀྱིས་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱས་ཏེ།མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་པ། གསུམ་ནས་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་ཡོང་བ་བཅས་བྱ་རྒྱུའི་རེ་བ་བཏོན་ཡོད་པ་རེད།

  ལེ་ཀྲུང་ཅང་གིས་སེམས་འགུལ་ཆེན་པོའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅིས་ང་རང་གི་གཏམ་བཤད་གསན་གྲུབ་རྗེས་དགའ་བསུ་ཞུས་གནང་བྱུང་།ང་རང་སྤོབས་སེམས་ཆེན་པོ་སྐྱེས་བྱུང་ཞེས་གསུངས་པ་རེད།

 ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རྒྱུ་དེ་ནི་རྒྱུན་གཏན་དང་།ཞིབ་ཕྲ། ཡུན་རིང་བཅས་རྒྱུན་འཁྱོངས་བྱ་དགོས་པ་ཞིག་ཡིན་ཞེས་བསྟན་གནང་བ་དང་། ཁོང་གིས།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི།དམངས་ཀྱི་ཆེད་དུ་ཡིན་པ་དང་། ལས་དོན་དངོས་སྒྲུབ་པ།སྤྱོད་ཚུལ་རྣམ་དག་བཅས་ཡིན་པས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དང་ཧ་ཅང་གི་མཐུན་པོ་ཡོད།མ་གཞི་ཅའོ་ཡུས་ལུའུ་ང་ཚོ་དང་ཁ་བྲལ་ནས་ལོ་༥༠ཕྱིན་ཡོད། འོན་ཀྱང་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ནི་ནམ་ཡང་གནས་པ་ཞིག་ཡིན།ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་ཅིང་ཀང་རི་བོའི་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས་དང་འདྲ་བར་གུང་ཁྲན་ཏང་མིའི་སྙིང་སྟོབས་དང་ཏང་གི་དམིགས་ཡུལ་མཚོན་ཡོད་པས་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་གསུངས་པ་རེད།

ལོ་༤ཙམ་འདས་ཟིན་མོད།འོན་ཀྱང་ཉིན་དེའི་རྣམ་པ་རེ་རེ་བཞིན་ལེ་ཀྲུང་ཅང་གི་བསམ་པའི་ངོས་སུ་རྒྱུན་པར་འཆར་བཞིན་ཡོད་པ་རེད།ལེ་ཀྲུང་ཅང་གིས།ལོ་དེར་ཧྲུའུ་ཅི་ཅའོ་ཡུས་ལུའུ་ཡིས་མང་ཚོགས་ཀྱི་ཁྲོད་དུ་བཅར་འདྲིར་ཕེབས་པ་བརྒྱུད་དེ་གནོད་འཚེ་གསུམ་སེལ་དགོས་པའི་ཉམས་མྱོང་ཕྱོགས་སྡོམས་གནང་ཡོད།ད་ཆ་སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཁྲོད་དུ་ཕེབས་ནས་གཞི་རིམ་ལས་བྱེད་པའི་སྐད་ཆ་གསན་གནང་བ་དང་།མང་ཚོགས་ནས་བཤོད་དུ་བཅུག་གནང་བས།ཁོང་གིས་ཅའོ་ཡུས་ལུའུ་ཡི་དགོངས་པ་དར་སྤེལ་གཏོང་རྒྱུར་སྣེ་ཁྲིད་ཀྱི་མིག་དཔེ་བཟང་པོ་ཞིག་སྟོན་གནང་ཡོད་ཅེས་གསུངས་པ་རེད།

གོང་མ།:ཀྲང་ཞེ་མིན་གྱིས་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་ཞེས་པའི་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་ལ་མཛུབ་སྟོན་གནང་།

ཞོལ་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235