མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲང་ཞེ་མིན་གྱིས་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་ཞེས་པའི་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་ལ་མཛུབ་སྟོན་གནང་།

ཡོང་ཁུངས།:  སྤེལ་དུས།:2018-09-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

    ད་ལོའི་ཟླ་བཞི་བ་ནས་བཟུང་།རང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་༼གུང་ཁྲན་ཏང་བཟང་།  སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས༽ཞེས་པའི་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་སྤེལ།བྱ་འགུལ་སྤེལ་བའི་ཚུན་ལ། རང་ཁུལ་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་བྱ་འགུལ་གྱི་སྟེགས་བུ་འདི་བརྒྱུད་པ་དང་གསར་སྐྲུན་བྱ་བ་ནི་སྟེགས་བུ་དུ་བཟུང་ནས།ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་མང་ཡིན་པ།ཁྱད་ཆོས་ལྡན་པའི་སློབ་སྦྱོང་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཧུར་ཐག་གིས་སྤེལ་ཏེ།རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཏང་གི་གཙོ་འཛིན་ལ་བཅངས་བའི་བརྩེ་སེམས་དང་དྲིན་གཟོའི་སེམས་པར་སྐུལ་སློང་བྱས།མིག་སྔར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡིས་པུའུ་ཀྲང་ཀྲང་ཞེ་མིན་གྱིས་༼གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས༽ཞེས་པའི་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་ལ་མཛུབ་སྟོན་གནང་།

ཀྲང་ཞེ་མིན་གྱིས་མཚོ་ནུབ་ཀྱི་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་གྱི་ལངས་གནས་མཐོ་བ་དང་།དམ་པོར་འཛིན་པ། གྲུབ་འབྲས་བཟང་བོ་བླངས་པ་བསྟན། བྱ་འགུལ་འདི་གཙོ་བོ་མང་ཚོགས་དང་མང་ཚོགས་ནང་ནས་རིམ་པ་བགར་བ།གསོན་ཉམས་ལྡན་པར་ཁ་ཕྱོགས་ཡོད་པས་མང་ཚོགས་རྣམས་ལ་འགུལ་ཤུགས་ཆེན་པོ་ཡོད།དེའི་ནང་བྱེད་ཐབས་ཁ་ཤས་ཤིག་ཁྱབ་བརྡལ་གཏོང་འོས་པ་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་ཚོགས་འདུའི་སྟེང་༼ཡི་གེ་བཅོ་ལྔ་ཅན་གྱི་འགན་འཁྲི་འོས་འགན་༽བཏོན་ཡོད་པ་དང་།མཚོ་ནུབ་ཀྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོ་ནི་དོན་དངོས་གཞིར་བཟུང་སྟེ་དར་ཆ་མཐོན་པོར་བསྒྲེངས་བ་དང་།དམངས་སེམས་གཅིག་ཏུ་སྒྲིལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཤིག་ཡིན།རེ་བ་ཡིན་ན་གཅིག་ནས་མུ་མཐུད་དུ་གཏིང་ཟབ་དུ་གཏོང་བ་དང་རྒྱ་བསྐྱེད་གཏོང་བ། གཉིས་ནས་ནན་ཏན་གྱིས་སྤྱི་བསྡོམས་བྱེད་པ་དང་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་པར་དཔེ་སྟོན་གྱི་ནུས་པ་འདོན་སྤྲོད་བྱེད་དགོས།

གོང་མ།:མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་སྐབས་ཀྱི་འབྲེལ་ཡོད་སྲིད་ཇུས་གཏན་ཁེལ་བྱས།

ཞོལ་མ།:སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཅའོ་ཡུས་ལུའུ་ལ་དཔེ་བསྡུར་བྱ་དགོས་གསུངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235