མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་སྐབས་ཀྱི་འབྲེལ་ཡོད་སྲིད་ཇུས་གཏན་ཁེལ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-09-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

     ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་སྤུས་ཚད་མཐོར་འདེགས་གཏོང་བ།   རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ།   དབུལ་ཕོངས་མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་བ།   དབུལ་ཐར་གྲུབ་འབྲས་ཀྱིས་ལག་ལེན་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་པར་བྱེད་ཆེད།  གསར་དུ་གཏན་ཁེལ་བྱས་ཏེ་ཕྱིར་བཏོན་པའི་དབུལ་ཐར་གྲུབ་འབྲས་ལ་རྒྱུན་མཐུད་རོགས་སྐྱོར་བྱས་ཏེ་སྲ་བརྟན་དུ་གཏོང་བའི་སྐོར་གྱི་བསམ་འཆར་ལྟར།  མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་སྐབས་ཀྱི་དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ།  དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱས་རྗེས་ཀྱི་རོགས་སྐྱོར་སྲིད་ཇུས་གཏན་ཁེལ་གསལ་བོ་བྱས།

      བསམ་འཆར་ལས་དབུལ་ཐར་མཁྲེགས་གཏོར་སྐབས་ཀྱི་སྔོན་ལ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དབུལ་ཕོངས་རྫོང་ལ་སྔར་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པར་མ་ཟད།  གཟེངས་བསྟོད་བྱེད་རྒྱུ་ཡིན་པ་དང་།   དབུལ་ཐར་བྱས་པའི་རོང་འབྲོག་ཁྱིམ་ཚང་ལ་དུས་སྐབས་ངེས་ཅན་ཞིག་གི་ནང་མུ་མཐུད་དུ་རོགས་སྐྱོར་ཀྱི་འབྲེལ་ཡོད་སྲིད་ཇུས་ལོངས་སྤྱོད་བྱེད་དུ་བཅུག་སྟེ་དབུལ་ཐར་བྱས་རྗེས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་རྣམ་པ་འབྱུང་བར་སྔོན་འགོག་བྱས་ནས་དབུལ་ཕོངས་མང་ཚོགས་བརྟན་འཇགས་ངང་དབུལ་ཐར་བྱེད་པ་མངོན་འགྱུར་བྱེད་པར་མ་ཟད།    དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་རྫོང་ལ་རོགས་སྐྱོར་བྱས་ཏེ་ལོ་ཧྲིལ་བོའི་དབུལ་ཐར་གྲུབ་འབྲས་སྲ་བརྟན་མཐོར་འདེགས་གཏོང་བ།དབུལ་ཕོངས་སྡེ་བར་རོགས་སྐྱོར་བྱས་ཏེ་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་བ།   དབུལ་ཐར་ཁྱིམ་ཚང་ལ་རོགས་སྐྱོར་བྱས་ཏེ་རྒྱུན་མཐུད་བརྟན་འཇགས་དབུལ་ཐར་བྱེད་པ་བཅས་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ཡོད།

     མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་རྫོང་ལ་དབུལ་ཐར་མཁྲེགས་གཏོར་སྐབས་སུ་སྔར་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྲུང་འཛིན་བྱེད་པ་དང་།  སྐོར་གཅིག་ཅན་བརྒྱད་ཀྱི་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་འཆར་གཞི་དང་ལས་རིགས་བཅུའི་དབུལ་སྐྱོར་ཆེད་དམིགས་ཇུས་གཞི་ལྟར།  མི་འདང་སར་ཁ་གསབ་བྱེད་པ་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་མཐོར་འདེགས་གཏོང་རྒྱུ་རེད།   དབུལ་ཕོངས་ཀྱི་གྲལ་ནས་བུད་པའི་སྡེ་བར་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་དང་འབྲེལ་ཡོད་ལས་རིགས་སྡེ་ཁག་གཞན་པའི་མ་དངུལ་གཅིག་བསྡུས་ལེགས་སྒྲིག་བྱེད་པ་དང་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པ།   ཆུ་གློག་ལམ་གསུམ་དང་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་།  སློབ་གསོ་དང་རིག་གནས།  སྨན་བཅོས། འཕྲོད་བསྟེན་སོགས་སྤྱི་བའི་ཞབས་ཞུའི་དངུལ་གཏོང་ཤུགས་ཚད་ཆེ་རུ་གཏོང་བ།   སྲ་བརྟན་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་རྒྱུ་རེད།   དབུལ་ཐར་བྱས་པའི་ཁྱིམ་ཚང་ལ་དབུལ་ཐར་མཁྲེགས་གཏོར་སྐབས་སུ་ལས་ཞུགས་གསོ་སྦྱོང་དང་སློབ་གསོ་རོགས་སྐྱོར།  སྐྱེ་ཁམས་དབུལ་ཐར།  བདེ་ཐང་དབུལ་སྐྱོར།  དངུལ་རྩའི་རོགས་སྐྱོར།  ཁ་གཏད་རོགས་སྐྱོར་སོགས་འབྲེལ་ཡོད་དམངས་ཕན་སྲིད་ཇུས་མུ་མཐུད་དུ་ལོངས་སྤྱོད་བྱས་ཆོག་པ་གཏན་ཁེལ་བྱས་ཏེ་དབུལ་ཕོངས་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ་སྤུས་ཚད་མཐོ་བའི་རྒྱུན་མཐུད་དབུལ་ཐར་མངོན་འགྱུར་བྱེད་རྒྱུ་རེད།

གོང་མ།:ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་སྡེ་ཁུལ་གྱི་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བའི་ཡུལ་དངོས་ལྟ་སྦྱོང་དང་སྐུལ་འདེད་ཚོགས་འདུ་ན་གོར་མོ་གྲོང་ཁྱེར་དུ་བསྡུས།

ཞོལ་མ།:ཀྲང་ཞེ་མིན་གྱིས་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་ཞེས་པའི་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་ལ་མཛུབ་སྟོན་གནང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235