མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་སྡེ་ཁུལ་གྱི་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བའི་ཡུལ་དངོས་ལྟ་སྦྱོང་དང་སྐུལ་འདེད་ཚོགས་འདུ་ན་གོར་མོ་གྲོང་ཁྱེར་དུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-10-08  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

     ཉེ་ཆར།  ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་སྡེ་ཁུལ་གྱི་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བའི་ཡུལ་དངོས་ལྟ་སྦྱོང་དང་སྐུལ་འདེད་ཚོགས་འདུ་ན་གོར་མོ་གྲོང་ཁྱེར་དུ་བསྡུས།

     ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་ཆེད་བསྐོས་ཀྲུའུ་རིན་གཞོན་པ་ཀྲུའུ་ཧི།  ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་པུའུ་ཀྲང་།  ཁུལ་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡུན་ཧེ་མེན།   ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཕང་ཅན་ཡ།   ཁུལ་དཔོན་གཞོན་པ་ཡུས་ཅིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀྲང་ཡ་པང་ཚོགས་འདུར་ཞུགས།  

       ཚོགས་འདུའི་བྱ་བར་སྤྱི་བསྡོམས་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་ཁུལ་ཡོངས་ཀྱི་ཐེངས་རྗེས་མའི་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བ་བཀོད་སྒྲིག་འཆར་འགོད་བྱས།     ཚོགས་འདུའི་ནན་གྱིས་བསྟན་དོན།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་ཀྱི་སྒོ་ནས་བསམ་བློ་དང་འགུལ་སྐྱོད་ཏང་ཀྲུང་དབྱང་གི་དུས་རབས་གསར་བའི་སྔོན་ཐོན་དཔལ་ཡོན་གྱི་འཛུགས་སྐྲུན་བྱ་བའི་རེ་འདུན་དང་གཅིག་གྱུར་བྱེད་དགོས་པ་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་ལྟར་ཆབ་སྲིད་ལངས་ཕྱོགས་མཐོར་འདེགས་དང་འགན་ཁུར་ཤུགས་སྣོན།   ནུས་ཤུགས་ཡོད་རྒུས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བའི་འགན་འཁྲིའི་འདུ་ཤེས་དང་གཞི་རྩ་བརྟན་པོའི་ངང་ཁུལ་ཡོངས་ཀྱི་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བ་ལེགས་པོར་སྒྲུབ་དགོས།  

       ཚོགས་འདུའི་ནན་གྱིས་བསྟན་དོན།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།  ལས་ཁུངས་སོ་སོས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བ་གདེང་འཇོག་ཚད་མཐོན་པོ་བྱས་ཏེ་ཡང་དང་བསྐྱར་དུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་ཁྱོན་ཡོངས་ནས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བའི་ལས་འགན་ཡོངས་སུ་འགྲུབ་པར་བྱེད་དགོས།  

       སྐར་ལྔ་རིམ་པའི་ཁྱིམ་ཚང་གི་དོ་དམ་བྱེད་ཐབས་དང་གསར་སྐྲུན་ཚད་གཞི་ཚོད་འཛིན་ཐུབ་དགོས།  ནན་ཏན་གྱིས་ཏང་དང་རྒྱལ་ཁབ་ལ་དགའ་བ་དང་ཡིད་རྟོན་ཁྲིམས་སྲུང་དང་ལས་ལ་བརྩོན་ཞིང་གཏོང་ཕོད་ཆེ་བ།  མཐུན་སྒྲིལ་དར་སྲོལ། འཕྲོད་བསྟེན་གཙང་ཞིང་གྲ་འགྲིག་པོ་སོགས་ཕྱོགས་ལྔའི་ཁྲོད་ནས་གདམ་གསེས་བྱས་ནས་སྤུས་ཚད་མཐོ་བར་ཁག་ཐེག་ཐུབ་སྒོ་ནས་ལས་འགན་ལེགས་འགྲུབ་བྱུང་དུ་འཇུག་དགོས།  སྐར་ལྔ་རིམ་པའི་ཁྱིམ་ཚང་དཔལ་ཡོན་གྲོང་ཁྱེར་དང་ཞིང་སྡེ། ལས་ཁུངས་དང་སློབ་གླིང་སོགས་སུ་གསར་སྐྲུན་བྱེད་དགོས།  གསར་གཏོད་ཀྱི་བྱེད་ཐབས་དང་གསར་འཛུགས་སྟེགས་བུ་བརྒྱུད་ནས་ཁྱིམ་ཚང་མང་པོ་ཞིག་གསར་སྐྲུན་བྱ་བའི་བྱ་འགུལ་ནང་ཞུགས་སུ་འཇུག་དགོས།སྐར་ལྔ་རིམ་པའི་ཁྱིམ་ཚང་གི་གསར་སྐྲུན་བྱ་བ་སྔོན་ཐོན་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དང་མཐུན་དགོས་པ་དང་ལྟ་སྐུལ་ཞིབ་བཤེར་བྱ་བ་ཤུགས་སྣོན་བྱས་ནས་གསར་སྐྲུན་བྱ་བའི་དུས་ཡུན་རིང་བོར་ཕན་འབྲས་ཐོབ་པར་ཁག་ཐེག་བྱ་དགོས།  

    ཚོགས་འདུའི་སྔོན། ཚོགས་ཞུགས་མི་སྣ་སྔ་གཞུག་དུ་ན་གོར་མོ་གྲོང་ཁྱེར་ཚྭ་མཚོ་སྡེ་ཁུལ་དང་།འབྲི་ཆུའི་འགོ་ཁངས་སྡེ་བ།མཚོ་ནུབ་གློག་ཤུགས་ཀུང་ཟི་དང་ཀྲུང་ཧྲན་ལམ་སློབ་ཆུང་དུ་སོང་ནས་ན་གོར་མོ་གྲོང་ཁྱེར་སྡེ་ཁུལ་གྱི་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བའི་ཉམས་མྱོང་དང་གྲུབ་འབྲས་ལ་ཡུལ་དངོས་ནས་ལྟ་སྦྱོང་བྱས།  ཚང་མས་འགྲོ་ཞོར་ཉན་ཞོརདང་ལྟ་ཞོར་སློབ་ཞོར་བྱས་ནས་ཕན་ཚུན་ལ་སློབ་སྦྱོང་གི་ཉམས་མྱོང་བརྗེ་རེས་དང་མཉམ་དུ་གསར་སྐྲུན་བྱ་བར་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས།  ལྟ་སྦྱོང་ཁྲོད།ཚང་མས་ན་གོར་མོ་གྲོང་ཁྱེར་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་དང་མང་ཚོགས་ལ་བསམ་བློ་བརྗེ་རེས་བྱས་ནས་བར་ཐག་ཉེ་བའི་སྒོ་ནས་གསར་སྐྲུན་བྱ་བས་མང་ཚོགས་ལ་ཁྱེར་ཡོང་བའི་འགྱུར་ལྡོག་ལ་རོལ་མྱོང་བྱས།

ཁུལ་ཡོངས་ཀྱི་ས་ཁུལ་སོ་སོའི་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།གྲོང་ཁྱེར་སོ་སོ་དང་རྫོང་། བྱ་བའི་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ།དཔལ་ཡོན་གཞུང་སྒྲུབ་ཁང་དང་ཁུལ་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་སོ་སོའི་འགན་ཁུར་བ།ན་གོར་མོ་གྲོང་ཁྱེར་དཔལ་ཡོན་སྡེ་ཁག་དང་དཔལ་ཡོན་ཁྱིམ་ཚང་གི་འཐུས་ཚབ་ཚོགས་འདུར་ཞུགས།  

གོང་མ།:རང་ཁུལ་གྱི་གནས་སྐོར་འོས་སྦྱོར་ཚོགས་འདུ་ཨ་ལ་ཧྲན་དཔའ་རྒོད་ཚོགས་འདུའི་སྟེང་མངོན།

ཞོལ་མ།:མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་སྐབས་ཀྱི་འབྲེལ་ཡོད་སྲིད་ཇུས་གཏན་ཁེལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235