མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱི་གནས་སྐོར་འོས་སྦྱོར་ཚོགས་འདུ་ཨ་ལ་ཧྲན་དཔའ་རྒོད་ཚོགས་འདུའི་སྟེང་མངོན།

ཡོང་ཁུངས།:  སྤེལ་དུས།:2018-10-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

     འདྲེན་ཚིག མཚོ་ནུབ་གནས་སྐོར་གྱི་ཤན་ཤུགས་སྔར་ལས་རྒྱ་བསྐྱེད་དང་གནས་སྐོར་ཐོན་ཁུངས་ཁྱབ་གདལ་ལ་སྐུལ་འདེད་བྱེད་ཆེད།རང་ཁུལ་གྱིས་ཨ་ལ་ཧྲན་མིན་ཙའོ་ཆི་ཐིན་ཀི་ལེའི་བྱེ་ཐང་སྤྱི་གླིང་དུ་གནས་སྐོར་འོས་སྦྱོར་ཚོགས་འདུ་དང་བྱེ་བགྲོད་འགྲན་སྡུར་གྱི་རྒྱ་བསྐྱེད་བྱ་འགུལ་སྤེལ།

     འོས་སྦྱོར་ཚོགས་འདུའི་སྟེང་།སྐད་གསེང་མཐོ་བའི་སྟོད་སོག་གི་གདང་དབྱངས་རིང་བོ་དང་རྟ་མགོ་མའི་རོལ་མོ།སྙན་ཞིང་འཇེབས་པའི་མཚོ་ནུབ་དམངས་གླུ་བཅས་ཀྱིས་ཨ་ལ་ཧྲན་དཔའ་བོའི་ཚོགས་འདུ་ལ་རིག་གནས་ཀྱི་ཚོན་མདོག་བསྣན་པས།ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་བཀུག

     ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་འོས་སྦྱོར་ཚོགས་འདུའི་སྟེང་བསྟན་དོན།མཚོ་ནུབ་ཁུལ་དང་ཨ་ལ་ཧྲན་མིན་གཉིས་ཀྱི་དམངས་སྲོལ་འདྲ་མཐུན་དང་མིའི་རིག་གནས་དབར་འབྲེལ་བ་དམ་ཟབ་ཡོད་པས།ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་འདྲིས་འཕེལ་རྒྱས་སུ་གཏོང་བར་ཁྱད་འཕགས་ཀྱི་ལེགས་ཆ་ཡོད་པ་རེད།མིའི་རིག་གནས་ཁྱབ་ཁོངས་དང་གནས་སྐོར་མཉམ་ལས་འབྲེལ་འདྲིས་ནི་ང་ཚོ་འབྲེལ་བའི་ཁྲོད་ཆེས་གསོན་ཤུགས་ཡོད་པ་དང་ཆེས་མི་མངོན་ཤུགས་ཡོད་སའི་ཁྱབ་ཁོངས་ཤིག་ཡིན་པས།ལྷག་བསམ་ཟོལ་མེད་ངང་ཨ་ལ་ཧྲན་དང་སྤྱི་ཚོགས་ལས་རིགས་ཁག་གི་སྐུ་མགྲོན་རྣམས་མཚོ་ནུབ་ལ་གནས་སྐོར་དུ་ཡོང་བར་དགའ་བསུ་བྱེད།རེ་བ་ལ་ཡུལ་སྐོར་རིག་གནས་ཀྱི་བྱ་འགུལ་མང་སྤེལ་བ་བརྒྱུད་ནས་ཕན་ཚུན་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་པ་བསྟན།

     མཚོ་སྔོན་ཚྭ་ཁ་ཚྭ་མཚེའུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ལིས་ཅན་ཁང་གིས་བཤད་རྒྱུར།སྟེགས་བུ་འདི་ལ་བརྟེན་ནས་མཚོ་ནུབ་ཁུལ་གྱི་གནས་སྐོར་འོས་སྦྱོར་ཚོགས་འདུ་བསྡུས་པ་ཡིན།འདིས་མཚོ་ནུབ་ཁུལ་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་སྒོ་འབྱེད་ཡིན་པ་མཚོན།ཐེངས་འདིའི་འོས་སྦྱོར་ཚོགས་འདུ་བརྒྱུད་ནས་དེ་ལས་མང་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱིས་མཚོ་ནུབ་ལ་རྒྱུས་ལོན་དང་མཚོ་ནུབ་ལ་དགའ་བར་བྱེད་ཐུབ་ཟེར།

     འོས་སྦྱོར་ཚོགས་འདུའི་སྟེང་།རང་ཁུལ་གྱི་འབྲེལ་ཡོད་ས་ཁུལ་དང་ལྗོངས་ཁུལ་གྱིས་གནས་སྐོར་ཐོན་ཁུངས་འོས་སྦྱོར་བྱས་པ་མ་ཟད།གནས་སྐོར་དང་བྱེ་བགྲོད་འགྲན་སྡུར་གྱི་ལས་གཞིའི་ཡི་གེའི་སྟེང་མིང་རྟགས་བཀོད་པའི་མཛད་སྒོ་བསྡུས།རང་ཁུལ་ནི་བྱེ་བགྲོད་རླངས་འཁོར་གྱི་འགྲན་སྡུར་ཕྱོགས་ལ་ཧ་ཅང་བཟང་བའི་ཐོན་ཁུངས་ཀྱི་ལེགས་ཆ་ཡོད་པ་རེད།ཨ་ལ་ཧྲན་དཔའ་བོའི་ཚོགས་འདུའི་སྟེགས་བུ་བརྒྱུད་ནས་རང་ཁུལ་དང་ཨ་ལ་ཧྲན་ས་གནས་གཉིས་ཀྱི་གནས་སྐོར་རིག་གནས་ཐོན་ཁུངས་མཉམ་སྤྱོད་དང་མཉམ་འབྲེལ་ཤུགས་སྣོན་བྱེད་རྒྱུ་རེད།

     ཨ་ལ་ཧྲན་མིན་རིག་གནས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཁྲུང་ཞའོ་ཡིས་བཤད་རྒྱུར།རྗེས་ཕྱོགས་ང་ཚོས་ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་སྟེང་གི་མཉམ་འབྲེལ་གྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་ནས་མཉམ་དུ་ས་གནས་གཉིས་ཀྱི་ལམ་ཕྱོགས་མཉམ་བསྐྲུན་ལ་སྐུལ་འདེད་དང་སྐུ་མགྲོན་མཉམ་སྤྱོད་བྱས་ནས་གནས་སྐོར་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

གོང་མ།:དབུལ་ཐར་མཁྲེགས་གཏོར་མངོན་འགྱུར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ལ་རྨང་གཞི་བརྟན་པོ་བཏིངས།

ཞོལ་མ།:ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་སྡེ་ཁུལ་གྱི་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་སྐྲུན་བྱ་བའི་ཡུལ་དངོས་ལྟ་སྦྱོང་དང་སྐུལ་འདེད་ཚོགས་འདུ་ན་གོར་མོ་གྲོང་ཁྱེར་དུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235