མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དབུལ་ཐར་མཁྲེགས་གཏོར་མངོན་འགྱུར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ལ་རྨང་གཞི་བརྟན་པོ་བཏིངས།

ཡོང་ཁུངས།:  སྤེལ་དུས།:2018-10-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

  ཉེ་ཆར།ཁུལ་ཡོངས་ཀྱི་དབུལ་ཕོངས་རྫོང་གི་ཞྭ་མོ་ཡོངས་ཁྱབ་ཏུ་ཕུད་པའི་སྤྱི་བསྡོམས་དང་སྲ་བརྟན་མཐོར་གདེགས་སུ་གཏོང་བའི་འགུལ་སྐྱོད་ཀྱི་བཀོད་སྒྲིག་གྲོས་ཚོགས་གཏེར་ལེན་ཁ་ནས་བསྡུས།  

  ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧྲ་ཏི་ལིན་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུང་།ཁུལ་ཨུའི་རྒྱུན་ཨུ་སུང་ལའེ་མེང་།ཏིན་ཀྲུང་པའོ།ཆའོ་ཝུན་ལི།ཡའེ་ཧའེ་མེང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཕང་ཅན་ཡཱ།ཁུལ་དཔོན་གཞོན་པ་གཡང་ཡོངས་འགྲུབ་དང་ཆན་གོ་ཆིན་བཅས་གྲོས་ཚོགས་ལ་ཞུགས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའོ་ལུང་ཞང་གིས་གྲོས་ཚོགས་ལ་མདོ་འཛིན་བྱས།

གྲོས་ཚོགས་སྟེང་།ཧྲ་ཏི་ལིན་གྱིས་ཞིང་ཆེན་སྲིད་གཞུང་གིས༢༠༡༧ལོའི་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པའི་ཆོག་མཆན་འགོད་བཀའ་ལན་སྒྲོག་འདོན་བྱས་པ་མ་ཟད།  ད་དུང་འགན་ཁུར་དང་། སྲིད་ཇུས། བྱ་བ། ཕན་ནུས་བཅས་ཕྱོགས་བཞིའི་བྱ་བ་ལེགས་པོ་བསྒྲུབས་པའི་ཐད་ནས་རང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཕན་འབྲས་ལ་གདེང་འཇོག་མཐོན་པོ་བྱས།  དུས་མཚུངས་སུ་མཚོ་ནུབ་ཁུལ་གྱིས་མུ་མཐུད་དུ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བསམ་བློའི་ལངས་ཕྱོགས་དང་།སྲིད་ཇུས་ལག་བསྟར་བཟང་བོ་བྱས་ཏེ། ལྟ་སྐུལ་ལ་ཤུགས་སྣོན་དང་།  དབུལ་ཐར་ཐོན་ལས་དང་ལས་ཞུགས།  མི་འདང་ས་ཁ་གསབ། དྲིལ་སྒྲོག་དང་སྣེ་ཁྲིད་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ།  ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྲ་བརྟན་དང་ནུས་པ་ཇེ་མཐོར་གཏོང་བར་བྱེད་ཐབས་གསར་བ་དང་ཉམས་མྱོང་གསར་བ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་སྟེང་མཚོ་ནུབ་ཁུལ་ཡོངས་ཀྱི་དབུལ་ཕོངས་ཞྭ་མོ་ཕུད་པའི་བྱ་བ་ལེགས་འགྲུབ་བྱུང་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་མ་ཟད། སྲ་བརྟན་མཐོར་འདེགས་འགུལ་སྐྱོད་སྤེལ་བར་བཀོད་སྒྲིག་གང་ལེགས་བྱས།

མེང་ཧའེ་ཡིས་གྲོས་ཚོགས་སྟེང་གཏམ་བཤད་གནང་སྐབས་བསྟན་དོན།  ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་སྲིད་གཞུང་གི་མཆན་འགོད་ལྟར་རང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་དང་།གཏེར་ལེན་ཁ་གྲོང་ཁྱེར། དབུས་ལམ་རྫོང་། ཐེམ་ཆེན་རྫོང་བཅས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ནང་ནས་བུད་པ་དང་།  ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ༡༡༩དང་།  དུད་ཁྱིམ༡༦༦༥། མི༤༥༩༧ཕྱོགས་ཡོངས་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་མངོན་འགྱུར་བྱུང་བ་འདིས།རང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ༣༠སྔོན་གྲས་སུ་ཚུད་ལ།རྒྱལ་ཡོངས་ཀྱི་བོད་ཁུལ་ནས་སྔོན་ལ་དབུལ་ཐར་མངོན་འགྱུར་བྱུང་བའི་ས་ཁུལ་ཞིག་ཏུ་གྱུར་བས།  རང་ཁུལ་གྱིས་སྔ་སྣུར་སྒོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།  ཞིང་ཆེན་ཡོངས་ནས་ལོ་གསུམ་སྔ་སྣུར་སྒོས་ཚད་གཞི་མཐོ་ཞིང་།སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་མངོན་འགྱུར་བྱུང་།རང་ཁུལ་གྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་།  ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་བློ་ཡིད་ཚུམ་པའི་ལན་ཞིག་སློག་དགོས་པ་བསྟན།

མེང་ཧའེ་ཡིས་བསྟན་དོན།  འདུ་ཤེས་བཞི་རྒྱུན་འཁྱོངས་དང་།ནུས་ཤུགས་ཡོད་རྒུས་ཏན་ཏན་ཏིག་ཏིག་བཞི་དངོས་འབེབས་བྱེད་པ། མུ་མཐུད་དུ་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ན།ད་གཟོད་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལོན་ངེས། གནད་འགག་གི་འགག་རྐྱེན་སེལ་བ་དམིགས་ཡུལ་དུ་བྱས་ན།དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བྱེད་ཐུབ་ལ། སྤྱི་ཚོགས་ཡོངས་ཀྱི་ནུས་པ་གཅིག་ཏུ་སྒྲིལ་ནས།  གོང་འོག་ཚང་མས་བྱེད་ཐབས་ནུས་ལྡན་སྤྱད་ན།  ད་གཟོད་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་ཐུབ།རིགས་སོ་སོའི་མང་ཚོགས་མཉམ་དུ་ཕྱུག་གྱུར་ལམ་དུ་བསྐྱོད་པའི་དམིགས་འབེན་མངོན་འགྱུར་ཐུབ་པར་རྒྱུན་འཁྱོངས་བྱས་ནས།འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ན། ས་ཁོངས་ཧྲིལ་བོར་དབུལ་ཐར་ཐུབ་པའི་གནད་དོན་སེལ་ཐུབ་པ་བསྟན།

    མེང་ཧའེ་ཡིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ནས་དབུལ་ཕོངས་ཞྭ་མོ་ཕུད་པ་ནི་འགོ་རྩོམ་ས་གསར་བ་ཞིག་བྱས་ནས་མུ་མཐུད་དུ་ཆབ་སྲིད་ལང་ཕྱོགས་མཐོར་འདེགས་དང་ཆབ་སྲིད་རང་རྟོགས་མཐོན་པོ།   བསམ་བློ་རང་རྟོགས་དང་འགུལ་སྐྱོད་རང་རྟོགས།སྲོག་ཤིང་གཙོ་བོར་འཛིན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་གཙོ་བོར་བཟུང་ནས་རླབས་ཆེན་འཐབ་ཕྱོགས་ཀྱི་དུས་ཡུན་རང་བཞིན་དང་རྙོག་འཛིང་རང་བཞིན།དཀའ་གནད་རང་བཞིན་སོགས་ངེས་པར་དུ་རྟོགས་དུ་བཅུག་ནས་དམངས་ལ་ཞབས་ཕྱི་བྱེད་པའི་དགོངས་དོན་དང་དམངས་ལ་བརྩེ་བ་ཟབ་མོ་ཞིག་བཅིངས་ནས་དམངས་ལ་ཞབས་ཕྱི་བྱེད་པའི་སྤྱི་ཞབས་འདུ་ཤེས་སྲ་བརྟན་དུ་གཏོང་དགོས།དཀའ་སྤྱད་འབད་བརྩོན་གྱི་སྒོ་ནས་དམངས་ལ་རོགས་རམ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་མཐའ་མཇུག་གི་སྤྱི་ལེ་གཅིག་གི་ལམ་ལ་བསྐྱོད་དགོས།   འདི་ལྟར་སྒྲུབ་ན་ད་གཟོད་ཏང་དང་རྒྱལ་ཁབ་ཀྱི་རེ་བ་དང་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མ་བཏང་བ་རེད།   རིམ་པ་སོ་སོས་ལས་བྱེད་ཀྱིས་བློ་བརྟན་འགྱུར་མེད་དང་ཧུར་བརྩོན་གྱི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཚྭ་འདམ་ནོར་མཛོད་ལ་སྔར་ལས་ལྷག་པའི་འོད་མདངས་ཞིག་འཕྲོ་སུ་འཇུག་དགོས།

མིན་ཧེ་ཡིས་ནན་གྱིས་བསྟན་དོན།   དབུལ་ཕོངས་ཞྭ་མོ་ཕུད་ཡང་འགན་འཁྲི་མི་འདོར་བ་དང་སྲིད་ཇུས་མི་འགྱུར་བ།  སྲ་བརྟན་མཐོར་འདེགས་ངང་ནུས་ཤུགས་ལ་འགན་སྲུང་ཐོབ་པ་དང་དབུལ་ཕོངས་ཞྭ་མོ་ཕུད་ཡང་རོགས་སྐྱོར་མི་འདོར་བ།  སྲ་བརྟན་མཐོར་འདེགས་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ནས་དབུལ་ཕོངས་ཞྭ་མོ་ཕུད་ཡང་ལྟ་རྟོག་མི་འདོར་བ་སྲ་བརྟན་མཐོར་འདེགས་ཡོང་བར་འགེབས་སྲུང་ནན་མོ་བྱེད་དགོས།   ཁུལ་ཡོངས་ཀྱི་གོམ་པ་གསར་བར་སྤོ་བར་ཡིད་ཆེས་ཡོད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་གཞི་རྩ་བརྟན་པོའི་ངང་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བརྩོན་ལེན་བྱེད་དགོས།  

ཚོགས་འདུའི་སྟེང་། ༢༠༡༧ལོའི་དབུལ་ཕོངས་ཞྭ་མོ་ཕུད་པའི་རྫོང་ཏང་ཨུའི་སྲིད་གཞུང་དང་ཁ་གཏད་རོགས་སྐྱོར་ཁེ་ལས།སྡེ་སྡོད་ཧྲུའུ་ཅི་དང་པོ་དང་དབུལ་ཐར་ཁྱིམ་ཚང་གི་འཐུས་ཚབ་པས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་གནང་།ཚོགས་འདུའི་ཡིག་ཐོག་ནས་མཚོ་ནུབ་ཁུལ་སྲ་བརྟན་ངང་དབུལ་ཐར་བྱས་པའི་གྲུབ་འབྲས་ལོ་གསུམ་གྱི་བྱ་བའི་འཆར་གཞིའི་བསམ་འཆར་གྲོས་གཞི་བསྡུ་ལེན་བྱས།

 ཀྲུའོ་ལུང་ཞང་གིས་ཚོགས་འདུའི་མཇུག་བསྡུ་བའི་སྐབས་བསྟན་དོན།  ཁྱོན་ཡོངས་ནས་དབུལ་ཕོངས་ཞྭ་མོ་ཕུད་པ་མགོ་རྩོམ་སར་བཟུང་ནས་ངེས་པར་དུ་རྒྱུན་མཐུད་ངང་སྒྲུབ་དགོས་པ་དང་།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་འདུ་ཤེས་དང་ཆབ་སྲིབ་ལངས་གནས་མཐོར་འདེགས་སུ་བཏང་ནས་ཆེད་དོན་ཚོགས་འདུའི་མྱུར་མོར་བསྡུ་དགོས།ནན་ཏན་གྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་དང་སྲ་བརྟན་ངང་དབུལ་ཐར་བྱེད་པའི་གྲུབ་འབྲས་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་བཟུང་ནས་ས་ཁུལ་དང་སྡེ་ཁག་གི་ཇུས་གཞི་ཆ་ཚང་གཏན་འབེབས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་ཕུངས་ཞྭ་མོ་ཕུད་བར་འགན་འཁུར་བ་དང་།དབུལ་ཕུངས་ཞྭ་མོ་ཕུད་བར་སྲིད་ཇུས་ཡོད་པ། དབུལ་ཕུངས་ཞྭ་མོ་ཕུད་བར་རོགས་སྐྱོར་བྱེད་པ།དབུལ་ཕུངས་ཞྭ་མོ་ཕུད་བར་ལྟ་སྐུལ་དོ་དམ་བྱེད་པ། དབུལ་ཕོངས་མང་ཚོགས་དབུལ་ཐར་དང་ཕྱིར་དབུལ་ཕོངས་སུ་མི་འགྱུར་བར་ཁག་ཐེག་བྱེད་དགོས།

    ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཁག་གི་ཁོངས་ཞུགས་སྡེ་ཁག་སོ་སོའི་འགན་ཁུར་བ་གཙོ་བོ་དང་།ས་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་མི་སྣ་དང་སྲིད་གཞུང་གི་ལས་བགོས་འགོ་ཁྲིད། ས་ཁུལ་སོ་སོའི་ཞང་དང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དང་དབུལ་སྐྱོར་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ།ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་དང་ཁུལ་གྱི་ཁོངས་གཏོགས་ཀྱི་སྡེ་ཁག་སོ་སོའི་འགན་ཁུར་བ་གཙོ་བོ་དང་ཁུལ་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འགའ་ཤས།སྲིད་གྲོས་ཨུ་ཡོན། སྡེ་སྡོད་ཧྲུའུ་ཅི། ཁ་གཏད་རོགས་སྐྱོར་ཁེ་ལས། དབུལ་ཐར་ཁྱིམ་ཚང་དང་མང་ཚོགས་འཐུས་ཚབ་པ་བཅས་ཚོགས་འདུར་ཞུགས།

གོང་མ།:ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཞོལ་མ།:རང་ཁུལ་གྱི་གནས་སྐོར་འོས་སྦྱོར་ཚོགས་འདུ་ཨ་ལ་ཧྲན་དཔའ་རྒོད་ཚོགས་འདུའི་སྟེང་མངོན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235