མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལེན་ཁ་བཟོ་ལས་གླིང་གིས་ཀྲུང་གོའི་ཕུགས་འདུན་དང་རྒྱལ་ཆེན་ལག་ཤེས་པའི་དཔྱད་འདེམས་བྱ་འགུལ་ཐོག་མ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2018-11-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཞིབ་བརྐོས་ཚགས་དཀྲོལ་དང་ལེགས་ཐོག་ལེགས་འཚོལ་བྱེད་པའི་ལག་ཤེས་པའི་སྙིང་སྟོབས་དར་སྤེལ་དང་།ཁེ་ལས་སྐོར་ཞིག་གི་ཁྲོད་ནས་ལས་རིགས་བརྟན་སྲུང་དང་གསར་སྐྲུན་གྱི་ཚད་གཞི་མཐོ་བའི་སྔོན་ཐོན་སྤུས་ལེགས་ཅན་གྱི་རྒྱལ་ཆེན་ལག་ཤེས་པ་གདམ་གསེས་བྱེད་ཆེད།ཏེར་ལེན་ཁ་བཟོ་ལས་གླིང་གིས་ཀྲུང་གོའི་ཕུགས་འདུན་དང་རྒྱལ་ཆེན་ལག་ཤེས་པའི་དཔྱད་འདེམས་བྱ་འགུལ་ཐོག་མ་སྤེལ།

བྱ་འགུལ་གྱིས་སྤྱི་བསྒྲགས་སྒོས་མིང་བཏོན་འདེམས་བསྐོ་འདེམས་སྒྲུག་དང་མཚམས་འབྱོར་བྱེད་པ་གཙོ་ཤོས།དཔྱད་སྡུར་གྲོས་མཐུན་འགྲེམ་སྟོན། དྲ་རྒྱའི་སྟེང་ནསའདེབས་ཤོག་འཕེན་པ།གཅིག་བསྡུས་སྒོས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་མཆོག་གྱུར་གྱི་ལས་རིགས་སྙིང་སྟོབས་དང་ཚད་མཐོའི་ལག་རྩལ་འཇོན་ནུས།གསར་སྐྲུན་གྱི་ནུས་པ་མཐོ་བའི་ལག་རྩལ་གསར་སྐྲུན་དང་ཚན་རྩལ་གྲུབ་འབྲས་ལེགས་པ།ལག་རྩལ་གསར་བ་དང་ལག་ཤེས་གསར་བ།བྱེད་ཐབས་གསར་བའི་འཇོན་ནུས་ཕུན་སུམ་ཚོགས་པའི་བྱས་རྗེས་ཅན་གྱི་ལས་རྐང་དང་པོ་ན་གནས་པའི་ལས་བཟོ་བ་བཅོ་ལྔ་མཚམས་སྦྱོར་གདམ་གསེས་བྱས་ཏེ་ཡུལ་དངོས་ནས་རང་ཉིད་ཀྱི་ལས་གནས་གནས་བབ་དངོས་དང་བསྟུན་ནས་བྱ་བའི་གྲུབ་འབྲས་མངོན་པར་བྱས།

མཚོ་སྔོན་དཔའ་ཉིག་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི་ཐོན་སྐྱེད་དོ་དམ་པུའུ་ཡི་བདག་གཉེར་བ་ཡང་ཡོའུ་ཞིའུ་ཡིས་བཤད་རྒྱུར།ཐེངས་འདིའི་བྱ་འགུལ་བརྒྱུད་ང་ཚོས་རྒྱལ་ཆེན་ལག་ཤེས་པའི་ལས་རིགས་ཀུན་སྤྱོད་དང་ལས་རིགས་འཇོན་ནུས།ལས་རིགས་རྒྱུ་སྤུས་ག་འདྲ་ཞིག་ཡིན་དངོས་སུ་རྟོགས་ཤེས་བྱུང་ཞིང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ང་ཚོའི་མུ་མཐུད་དུ་ལག་ཤེས་པའི་སྙིང་སྟོངས་དར་སྤེལ་གང་ལེགས་བྱེད་པར་རོགས་འདེགས་ཀྱི་ནུས་པ་འདོན་རྒྱུ་ཡིན་ཟེར།

གཏེར་ལེན་ཁ་གྲོང་ཁྱེར་བཟོ་ལས་གླིང་ཏང་ཨུའི་གཞུང་ལས་ཁང་གི་བྱ་བའི་མི་སྣ་བང་ཡོའུ་ཞིག་གིས་བཤད་རྒྱུར།འདི་ལྟ་བུའི་བྱ་འགུལ་གྱིས་ཁེ་ལས་ཀྱི་ལས་རྐང་དང་པོ་ན་ཡོད་པའི་ལས་བཟོ་བའི་བྱ་བའི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་ལྟ་བ།བྱ་བའི་ཀུན་སྤྱོད་ལེགས་པོ་དར་སྤེལ་གང་ལེགས་བྱས་ཏེ་སྤྱིར་མཚོ་ནུབ་ཁུལ་གྱི་ལས་རིགས་སོ་སོའི་བྱ་བའི་སྙིང་སྟོངས་དང་ཀུན་སྤྱོད་ལ་སྐུལ་ལྕགས་ཐེབས་ངེས་ཟེར།

གོང་མ།:ཁུལ་ཡོངས་ཀྱི་ཁེ་ལས་ནུས་རྩལ་འཇོན་མིའི་སྤུས་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྒྲུབ།

ཞོལ་མ།:༢༠༡༨ལོར་ཅིན་དཔའ་གྲོང་ཁྱེར་གྱིས་ལིན་ཧུའུ་ངལ་རྩོལ་ཞབས་ཞུ་མཐུད་འབྲེལ་ཚོགས་འདུ་རྒྱལ་ཁའི་ངང་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235