མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལམ་རྫོང་གིས་སྲིད་གཙང་སློབ་གསོའི་བྱ་འགུལ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2018-11-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

     ཉེ་ཆར། གཏེར་ལམ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་ཨུ་ཡོན་ལྷན་ཁང་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་མི་སྣའི་ཁྱིམ་ཚང་སྐོར་ཞིག་རྩ་འཛུགས་བྱས་ནས་ན་གོར་མོ་གྲོང་ཁྱེར་དམག་སྤྱི་ཐོག་ཁང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་མཚོ་སྔོན་ཚྭ་འདམ་བཙོན་ཁང་དུ་སྲིད་གཙང་སློབ་གསོའི་བྱ་འགུལ་སྤེལ།  

ན་གོར་མོ་གྲོང་ཁྱེར་དམག་སྤྱི་ཐོག་ཁང་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་རུ་ཏང་ནང་ཞུགས་པའི་དམ་བཅའ་ཡང་བསྐྱར་བཞག་པ་དང་མཚོ་བོད་ལྕགས་ལམ་གྱི་ལོ་རྒྱུས་ལ་རྒྱུས་ལོན་བྱས་ནས་གསར་བརྗེ་སྔོན་རབས་པའི་མཐོ་སྒང་དུ་གཞི་བཙུགས་པ་དང་སྒེར་སེམས་མེད་པར་བློས་གཏོང་ཕོད་པ། དཀའ་སྤྱད་འབད་བརྩོན་གྱི་གསར་བརྗེའི་སྙིང་སྟོབས།    བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་འདུ་ཤེས།  ཕྱོགས་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གསར་བརྗེ་སྔོན་རབས་པའི་སྲོལ་བཟང་རྒྱུན་སྐྱོང་དང་སྲིད་གཙང་གི་འདུ་ཤེས་ནམ་ཡང་བློ་ངོས་ལ་འཇགས་དགོས།  

ཚྭ་འདམ་བཙོན་ཁང་དུ་ཁྲིམས་བཅད་མི་སྣའི་མྱོང་ཚོར་དངོས་བརྒྱུད་ནས་སྲིད་གཙང་སློབ་གསོ་དང་ལེན་བྱས་པ་དང་རང་དབང་གི་གལ་ཆེན་དང་ཁྲིམས་ལུགས་ཀྱི་བརྗིད་ཉམས་རྟོགས་སོང་།

གཏེར་ལམ་རྫོང་ནོར་སྲིད་ཅུའུ་ཅུའུ་ཀྲང་ཀྲང་ཀྲུང་དཔོང་གིས་བཤད་རྒྱུར།  ཉེས་ཅན་མི་སྣའི་འགྱོད་བཤགས་བྱས་པར་ཉན་ན་ཁོ་ཚོ་གཏིང་ཟབ་པའི་ངེས་ཟིན་ཐོབ་ཡོད་པ་འདྲ།   ཐོག་མར་ང་ཚོས་རང་གི་བྱ་བ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་ལ་ཧུར་བརྩོན་དང་མུ་མཐུད་དུ་རུལ་རྒོལ་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།   ནན་ཏན་སྒོས་རང་གི་ཁྱིམ་མི་ལ་སློ་གསོ་དང་བྱིས་པར་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་སྲུང་བར་སྐུལ་མ་བྱས་བྱ་བའི་ཡར་ཐོན་ཡོད་པའི་ལས་བྱེད་བཟང་བོ་ཞིག་བྱེད་དགོས་ཟེར།    

གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བསོད་ནམས་སྒྲོལ་མ་ཡིས་བཤད་རྒྱུར།   རང་ཉིད་གཞི་རིམ་གྱི་ཏང་ཡོན་ལས་བྱེད་མི་སྣའི་ཁྱིམ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཁྱིམ་ཚང་བདེ་སྐྱིད་ལྡན་དགོས་ན་ངེས་པར་དུ་རང་ཉིད་ཀྱི་སྐྱེས་པར་ཏང་གི་སྒྲིག་ཁྲིམས་སྲུང་དགོས་པ་དང་རྒྱལ་ཁྲིམས་སྲུང་ནས་མི་སྤྱོད་གཙང་ཞིག་བཅའ་རྒྱུ་དང་དོན་ཡག་པོ་ཞིག་སྒྲུབ་རྒྱུ་སྐུལ་མ་གཏོང་རྒྱུ་ཡིན་ཟེར།  

ཐེངས་འདིའི་བྱ་འགུལ་བརྒྱུད་ཏང་ཡོན་ལས་བྱེད་པའི་དམིགས་འབེན་འདུ་ཤེས་མཐོར་འདེགས་སུ་བཏང་བ་མ་ཟད་རུལ་སུངས་སྔོན་འགོག་གྱི་ནུས་པ་ཡང་ཇེ་མཐོར་བཏང་ཡོད།

གཏེར་ལམ་རྫོང་སྒྲིག་ཁྲིམས་ལྟ་ཞིབ་ཨོན་ལྷན་ཁང་གི་པུའུ་ཀྲང་། ཝང་ཙུང་ཧའེ་ཡིས་བཤད་རྒྱུར།ཐེངས་རྗེས་མར་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་རྩ་འཛུགས་བྱས་ནས་སློབ་གསོ་མཐོར་འདེགས་སུ་བཏང་ཏེ་སྤྱོད་གཙང་ཁས་ལེན་ཡིག་གེ་སྟེར་བ་དང་ཏང་ཡོན་ལས་བྱེད་པར་ཁས་ལེན་ཡིག་གེ་སྟེང་མིང་རྟགས་བཀོལ་དུ་འཇོག་པ། ཁྱིམ་ཚང་སོ་སོར་ཡང་གན་རྒྱ་བཞག་དུ་བཅུག་ནས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་སྤྱོབ་གཙང་འདུ་ཤེས་དང་སྲིད་ཞུགས་ཀྱི་འདུ་ཤེས། དབང་ཆ་སྤྱོད་པའི་འདུ་ཤེས་མུ་མཐུད་དུ་ཇེ་མཐོར་བཏང་ནས་རང་རྫོང་གི་ཏང་སྲོལ་སྲིད་གཙང་འཛུགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།

གོང་མ།:དབུས་ལམ་རྫོང་སློབ་འབྲིང་དང་པོས༢༠༡༨ལོའི་ཅིན་ཕའེ་ཉིན་འོད་འཛིན་གྲྭ་བསྒྲུབས།

ཞོལ་མ།:གཏེར་ལམ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འཁྲབ་སྦྱོང་བྱ་འགུལ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235