མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་ཁེ་ལས་ནུས་རྩལ་འཇོན་མིའི་སྤུས་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྒྲུབ།

ཡོང་ཁུངས།:  སྤེལ་དུས།:2018-11-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཉེ་ཆར། ཁུལ་ཡོངས་ཀྱི་ཁེ་ལས་ནུས་རྩལ་འཇོན་མིའི་སྤུས་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྒྲུབ།ཁུལ་ཡོངས་ཀྱི་ཁེ་ལས་དྲུག་ཅུ་ལྷག་ནས་ཡོང་བའི་ནུས་རྩལ་འཇོན་མི་ཉིས་བརྒྱ་ལྷག་དུས་ཡུན་ཉིན་གསུམ་རིང་ཡིན་པའི་གསོ་སྦྱོང་འཛིན་གྲྭར་ཞུགས།

རྒྱུས་ལོན་པ་ལྟར་ན།ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དམིགས་ཡུལ་ནི་ཁེ་ལས་སོ་སོའི་ཐོན་ལས་ལས་རྐང་དང་པོ་ན་ཡོད་པའི་ལག་རྩལ་རྐང་འཛིན་པ་དང་སྐོར་ཐེངས་དང་པོའི༼ཅིན་ལན་ལེན༽བྱ་བ་གཉེར་སའི་དགེ་རྒན་དང་སློབ་མ།སྐོར་ཐེངས་གཉིས་པའི་ཡར་ཞུ་ཆོག་མཆན་ཐོབ་པའི༼ཅིན་ལན་ལེན༽བྱ་བ་གཉེར་སའི་་དགེ་རྒན།ཁེ་ལས་ཀྱི་མི་ཤུགས་ཐོན་ཁུངས་འགན་ཁུར་མི་སྣ་སོགས་ཡིན།གསོ་སྦྱོང་འཛིན་གྲྭས་ཆེད་དུ་གདན་འདྲེན་བྱས་པའི་རྒྱལ་ཁབ་ཀྱི་མིང་གྲགས་ཅན་གྱི་ལས་རིགས་གསོ་སྦྱོང་དགེ་རྒན་ཀྲིན་ཧྲི་མའོ་ཡིས་དཔེ་གཞི་ལ་དབྱེ་ཞིབ་དང་ཡུལ་དངོས་ནས་དྲིལ་ལན་འདེབས་པ།དཔེ་གཞི་འཁྲབ་སྟོན་བྱེད་པ། བྱུང་རིམ་ལད་ཟློས་བྱེད་པ།ཁག་བགོས་འགྲན་སྡུར་སོགས་ཀྱི་རྣམ་པ་བེད་སྤྱད་དེ་ཕན་ནུས་ལྡན་པའི་སྒོ་ནས་ཁེ་ལས་ལས་བཟོ་བའི་ལས་རིགས་ཀུན་སྤྱོད་དང་ལས་གནས་འདུ་ཤེས་མཐོར་འདེགས་སུ་བཏང་།

གོང་མ།:གཏེར་ལམ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འཁྲབ་སྦྱོང་བྱ་འགུལ་སྤེལ།

ཞོལ་མ།:གཏེར་ལེན་ཁ་བཟོ་ལས་གླིང་གིས་ཀྲུང་གོའི་ཕུགས་འདུན་དང་རྒྱལ་ཆེན་ལག་ཤེས་པའི་དཔྱད་འདེམས་བྱ་འགུལ་ཐོག་མ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235