མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དབུས་ལམ་རྫོང་སློབ་འབྲིང་དང་པོས༢༠༡༨ལོའི་ཅིན་ཕའེ་ཉིན་འོད་འཛིན་གྲྭ་བསྒྲུབས།

ཡོང་ཁུངས།:  སྤེལ་དུས།:2018-11-06  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།  དབུས་ལམ་རྫོང་སློབ་འབྲིང་དང་པོས2018ལོའི་ཉི་འོད་འཛིན་གྲྭ་དངོས་སུ་བཙུགས།

རྒྱུས་ལོན་བྱས་པ་ལྟར་ན།2014ལོ་ནས་བཟུང་། ཅིན་ཕའེ་ཀུང་ཟིས་དབུས་ལམ་རྫོང་སློབ་འབྲིང་དང་པོ་ནས་ཐེངས་ལྔ་ལ་ ཅིན་ཕའེ་ཉི་འོད་འཛིན་གྲྭ་བསྒྲུབས།ལོ་རེའི་སྟོན་དུས་ཀྱི་སློབ་སྐབས་སུ་སློབ་གྲྭའི་རོགས་སྐྱོར་ལྟེ་གནས་དང་།མཐོ་འབྲིང་དང་པོའི་ཚན་ཁག་གིས་མཐོ་འབྲིང་དང་པོའི་སློབ་རིམ་ནང་སློབ་སྦྱོང་ལ་བཟང་ཞིང་ཀུན་སྤྱོད་ལེགས་པ།དེ་མིན་དབུལ་ཕོངས་སློབ་མ་50བདམས་ནས་སློབ་རོགས་མ་དངུལ་གནང་བ་ཡིན།

སློབ་མ་རེ་ལ་ཟླ་རེར་འཚོ་བའི་ཁ་གསབ་སྒོར་400དང་། སློབ་སྐབས་གཅིག་ལ་སློབ་རོགས་མ་དངུལ་སྒོར་2000སྟེར་བ་དང་།  མཐོ་གསུམ་བར་གྱི་སློབ་སྐབས་དྲུག་ལ་བསྡོམས་པས་སློབ་རོགས་མ་དངུལ་སྒོར་12000སྟེར་བ་ཡིན།  མིག་སྔར། ཅིན་ཕའེ་སྤྱི་ཕན་དགེ་སྒྲུབ་ཐེབས་རྩ་ཚོགས་པས་དབུས་ལམ་རྫོང་གི་སློབ་འབྲིང་དང་པོའི་སློབ་མ་རྣམས་ལ་མ་དངུལ་སྒོར་ས་ཡ་གཉིས་འབུམ་གཅིག་གནངས།

དབུས་ལམ་རྫོང་སློབ་འབྲིང་དང་པོའི་སློབ་མ་ཞོས་ལིན་གྱིས་བཤད་རྒྱུར།ཉི་འོད་འཛིན་གྲྭའི་རོགས་སྐྱོར་བྱེད་པ་ལ་མཚོན་ན་དཔལ་འབྱོར་ཁོ་ན་མ་ཡིན་པར་སེམས་ཁམས་ལའང་སྐུལ་སློང་ཆེན་པོ་ཐོབ།ང་རང་སྔར་ལས་ཡིད་ཆེས་དང་སྤྲོ་སེམས་ཀྱིས་སློབ་སྦྱོར་བྱེད་པར་སྤྲོ་བ་ཞིག་སྦྱིན། སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་མི་ཡ་རབས་ཤིག་བྱེད་པར་འབད་བརྩོན་དང་།རང་གི་གཅེས་སེམས་འདིའི་རྒྱུན་སྐྱོང་ཐུབ་པ་བྱེད་རྒྱུ་ཡིན་ཟེར།

      ཅིན་ཕའེ་ཀུང་ཟི་མཚོ་སྔོན་ཞིང་ཆེན་ཕྱིར་འཚོང་སྤྱི་གཉེར་བ།ཁྲིན་ཀྲི་ཡིས་བཤད་རྒྱུར།  རྗེས་ཕྱོགས་ཅིན་ཕའེ་ཀུང་ཟིས་དབུས་ལམ་སློབ་འབྲིང་དང་པོའི་སློབ་མ་རྣམས་ལ་མུ་མཐུད་དུ་རོགས་སྐྱོར་བྱས་ཏེ།སློབ་སྦྱོང་ལ་བཟང་ཞིང་ཀུན་སྤྱོད་བཟང་བའི་སློབ་མ་རྣམས་ལ་རོགས་དངུལ་སྟེར་རྒྱུ་ཡིན་ཟེར།

གོང་མ།:ཚེ་སྲོག་དང་ཚེ་སྲོག་གི་བར་ལ་བརྩེ་བའི་ཟམ་པ་བཙུགས།

ཞོལ་མ།:གཏེར་ལམ་རྫོང་གིས་སྲིད་གཙང་སློབ་གསོའི་བྱ་འགུལ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235