མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཚེ་སྲོག་དང་ཚེ་སྲོག་གི་བར་ལ་བརྩེ་བའི་ཟམ་པ་བཙུགས།

ཡོང་ཁུངས།:  སྤེལ་དུས།:2018-11-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཁྲག་འབུལ་མཁན་ཞིག་ཡིན་པའི་ཆ་ནས་ཁོ་ནི་མིག་དཔེ་བལྟ་ས་ཡིན་ལ།སྨན་པ་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ཁོ་ཡང་མིག་དཔེ་བལྟ་ས་ཡིན།ལོ་༡༨རིང་ལ་ཁོ་བོས་རང་ཉིད་ཀྱི་ཁྲག་ཚིགས་བྱ་བ་ལ་བཞག་པའི་བྱས་རྗེས་ཀྱིས་དགའ་མོས་ཡོད་པ་མཚོན་ཐུབ་ལ།ཁོ་ནི་༢༠༡༨ལོའི་མཚོ་ནུབ་ཀྱི་སྨན་པ་བཟང་བོའི་མཚན་སྙན་ཐོབ་པའི་མཚོ་ནུབ་ཁུལ་ལྟེ་གནས་ཚན་ཁག་གི་ཀྲུའུ་རིན་ལེ་ཁྲིང་ལེན་ཡིན།

༢༠༡༣ལོར་མཚོ་ནུབ་ཁུལ་ཁྲག་ཚིགས་བཙུགས་པ་ནས་ད་ལྟའི་བར་དུ་ལེ་ཁྲིང་ལེན་གྱིས་ཁྲག་འཚོལ་ལས་རྐང་ནས་འབད་འབུངས་ཀྱིས་བྱས་བ་བསྒྲུབས།ཁོ་བོ་བསྡད་ཡོད་པའི་ལུས་པོར་ཞིབ་བཤེར་ཚན་ཁག་ནི་ཁྲག་ཚིགས་ཀྱི་གལ་ཆེའི་ཚན་ཁང་ཞིག་ཡིན་ལ་ཁུལ་ཡོངས་ཀྱི་ནད་ཐོག་སྨན་བཅོས་ཁྲག་རྒྱུན་འཚོལ་བསྡུ་བྱེད་པའི་འགན་འཁུར་ཡོད།ལུས་པོར་ཞིབ་བཤེར་ཚན་ཁག་གི་བྱ་བའི་དམིགས་བསལ་རང་བཞིན་གྱི་རྐྱེན་གྱིས་རྒྱུན་དུ་མཐའ་འཁོར་ས་ཁུལ་དུ་ཁྲག་འཚོལ་བསྡུ་བྱེད་དུ་འགྲོ་དགོས་ཤིང་ལས་དུས་འཕར་སྣོན་བྱེད་པ་ནི་རྒྱུན་ལྡན་ཡིན།ངལ་གསོའི་དུས་ཚོད་ཀྱི་ནང་དུའང་ཁ་པར་གྱི་སྒོ་ཕྱེ་སྟེ་བཀའ་ལ་སྒུག་དགོས།

མཚོ་ནུབ་ཁུལ་ཁྲག་ཚིགས་ལྟེ་གནས་ཀྱི་ལུས་པོ་ཞིབ་བཤེར་ཚན་ཁག་གི་ནད་གཡོག་ཡྰང་ཀྲིན་ཀྲིན་གྱིས་བཤད་རྒྱུར།ང་ཚོ་སྣེ་ཁྲིད་བྱས་ཏེ་ཁྲག་འཚོལ་ཏེ་མི་ཤེས་པའི་གནད་ལ་ཐུག་དུས་སློབ་ཁྲིད་བྱེད་ངེས།ཁྲག་འཚོལ་བའི་བྱ་བའི་གོ་རིམ་ནང་དུའང་ཁྲག་འབུལ་མཁན་རྣམ་ལ་ཡང་སྤྲོ་སེམས་འཁོལ་བའི་ངང་བྱ་བ་བསྒྲུབས་པ་ཡིན།ལས་དུས་འཕར་སྣོན་དང་བྱ་བ་བསྒྲུབ་པའི་དུས་སྐབས་གང་ལའང་ཁོ་བོ་ཐོག་དང་པོར་ཡོང་བ་ཡིན་ཟེར།

ཁྲག་ཚིགས་ཀྱི་མི་ནི་ཁྲག་རྒྱུན་ལས་བྱེད་པ་ཡིན་ལ་རིན་མེད་ངང་ཁྲག་འབུལ་མཁན་གྱི་དང་བླངས་པའང་ཡིན།ཁྲག་ཚིགས་ལས་གནས་སུ་མྱུར་སྐྱོབ་བྱེད་དགོས་པའི་མི་ལ་ཁྲག་དགོས་པའི་སྐད་ཆ་མང་པོ་གོ་བས།ལེ་ཁྲིང་ལེན་གྱིས་བདེ་འཇགས་ཀྱི་ཁྲག་རྒྱུན་གྱིས་ཚེ་སྲོག་ལ་ལྡན་པའི་ངེས་པ་ཟབ་མོ་རྟོག་ཐུབ།ལོ་བཅུ་ལྷག་གི་རིང་ལ་མཐོ་སྒང་དུ་བྱ་བ་བསྒྲུབ་ནའང་ཁོ་བོ་སྔར་བཞིན་ཁྲག་འབུལ་བཞིན་ཡོད་ལ་སྔ་ཕྱི་སྡེབ་རྩིས་ལྟར་ན་ཁྲག་ཧའོ་ཧྲེང་༨༣༠༠འབུལ་ཏེ་སེམས་གཏིང་གི་འགན་འཁུར་དེ་བསྒྲུབ་འོས་པ་ཞིག་ཏུ་བརྩི་བཞིན་ཡོད།༢༠༡༧ལོར།ལེ་ཁྲིང་ལེན་ལ་རྒྱལ་ཡོངས་རིན་མེད་ཁྲག་འབུལ་གྱི་གསེར་གྱི་རྟགས་མ་ཐོབ་ཡོད་ལ་འདི་ལྟ་བུའི་མཚན་སྙན་ནི་མཚོ་ནུབ་ཁུལ་ལ་མཚོན་ན་ཧ་ཅང་ཉུང་།

མཚོ་ནུབ་ཁུལ་ཁྲག་ཚིགས་ལྟེ་གནས་ཀྱི་ལུས་པོ་ཞིབ་བཤེར་ཚན་ཁང་གི་ཀྲུའུ་རིན་ལེ་ཁྲིང་ལེན་གྱིས་བཤད་རྒྱུར།མི་མང་པོ་ཞིག་གིས་རིན་མེད་ངང་ཁྲག་འབུལ་བ་ལ་དོགས་གཞི་འདྲི་སྐྱེ་བཞིན་ཡོད།ང་ལ་རྒྱུན་དུ་ཁྲག་འབུལ་བ་ལ་གནོད་པ་ཡོད་མེད་སོགས་ཀྱི་དོགས་འདྲི་བྱེད་ངེས།ངས་རང་ཉིད་ཀྱི་དངོས་ཡོད་བྱ་འགུལ་བརྒྱུད་དེ་ཉེ་འཁོར་གྱི་མི་དག་ལ་ཁྲག་འབུལ་བའི་ལུས་པོ་བདེ་ཐང་ལ་གནོད་པ་མེད་པ་དེ་བཤད་པ་ཡིན།ཁབ་རྒྱག་དུས་སྙིང་སྟོབས་ཅུང་ཙམ་ཡོད་ན་ཁྲག་འབུལ་མཁན་ཞིག་ཏུ་གྱུར་ཐུབ་ཟེར།

ཁྲག་ཚིགས་ལས་བྱེད་པ་ལེ་ཁྲིང་ལེན་གྱིས་ཕྱོགས་གཅིག་ནས་ནན་ཏན་གྱིས་བྱ་བ་བསྒྲུབ་ཞིན་ཡོད་ལ་ཕྱོགས་གཅིག་ཏུ་བྲག་འབུལ་བྱ་འགུལ་ལ་ཞུགས་ཏེ་ཁྲག་ཚིགས་ལས་རྐང་འཛུམ་གྱིས་བསུས།

མཚོ་ནུབ་ཁུལ་ཁྲག་ཚིགས་ལྟེ་གནས་ལུས་པོ་ཞིབ་བཤེར་ཚན་ཁང་གི་ཀྲུའུ་རིན་ལེ་ཁྲིང་ལེན་གྱིས་བཤད་རྒྱུར།ཁྲག་རྒྱུན་གྱིས་ཚེ་སྲོག་དང་ཚེ་སྲོག་བར་ལ་བརྩེ་བའི་ཟམ་པ་བཙུགས། ང་ཚོས་གཉེར་པའི་བྱ་བ་ནི་བརྩེ་སེམས་ཀྱི་བྱ་བ་ཞིག་ཡིན་ལ་ལུས་པོའི་ཆ་རྐྱེན་ཡོད་ན་ངས་མུ་མཐུད་དུ་ཁྲག་འབུལ་རྒྱུ་ཡིན་ཟེར།

གོང་མ།:ཁུལ་ཡོངས་ཀྱིས་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཞོལ་མ།:དབུས་ལམ་རྫོང་སློབ་འབྲིང་དང་པོས༢༠༡༨ལོའི་ཅིན་ཕའེ་ཉིན་འོད་འཛིན་གྲྭ་བསྒྲུབས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235