མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱིས་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས།:  སྤེལ་དུས།:2018-11-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན།ཁུལ་ཡོངས་ཀྱིས་སྤྱི་དབང་མ་ཡིན་པའི་གཞིགས་མོལ་ཚོགས་འདི་གཏེར་ལེན་ཁ་རུ་འཚོགས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་མང་ཧེ་ཡིས་ཚོགས་འདིའི་སྟེང་གཏམ་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ལུང་ཞང་གིས་ཚོགས་འདུ་ལ་འགོ་འཛིན་བྱས།ཚོགས་འདིའི་སྟེང་རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་གཞིགས་མོལ་ཚོགས་འདུ་དང་ཁུལ་ཡོངས་ཀྱི་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞིགས་མོལ་ཚོགས་འདིའི་དགོང་དོན་བརྒྱུད་བསྒྲགས་བྱས།ཁུལ་དཔལ་འབྱོར་དང་ཆ་འཕྲིན་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།མཚོ་ནུབ་ལྟེ་གནས་ཀྱི་ཉིང་ལག་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ཕུལ་བྱུང་ཚོང་རའི་ཁོར་ཡུག་དང་།དཔལ་འབྱོར་སྤས་ལེགས་ཅན་གྱི་འཕེལ་རྒྱས་ཀྱི་བྱེད་ཐབས།ཁེ་ལས་གསུམ་གྱི་འཐུས་མི་དང་ཚོང་ཚོགས་ཀྱིས་ཟུང་འབྲེལ་གྱིས་གཏམ་གླེང་བྱས།མང་ཧེའི་བསྟན་དོན།གོ་སྐབས་བཟུང་ནས་དམངས་གཉེར་ཁེ་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ།ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་ཁེ་ལས་དང་སྤྱི་ཚོགས་ཀྱི་འགན་ཁུར་ཆེན་པོ་ཡོད།ང་ཚོའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅན་ཕིང་གིས་རྒྱལ་ཡོངས་དམངས་གཉེར་ཁེ་ལས་གཞིགས་མོལ་ཚོགས་འདིའི་སྟེང་གནང་པའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ།ལག་བསྟར་བྱེད་པ།དོན་འཁྱོལ་བྱེད་པ།ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཞིབ་ཚགས་དགོས་ལག་ལེན་དངོས་འབབ་དོན་འཁྱོལ་བྱེད་པ།ནུས་ཤུགས་ཆེན་པའི་སྒོ་ནས་དམངས་གཉེར་ཁེ་ལས་དཔལ་འབྱོར་ལེགས་འགྲུབ་ཡོང་བར་སྐུལ་འདེད་བྱས།

མང་ཧེའི་ནན་གྱིས་བསྟན་དོན།སྤྱི་དབང་མ་ཡིན་པའི་དཔལ་འབྱོར་བདེ་ཐང་གིས་འཕེལ་རྒྱས་སུ་འགྲོ་རྒྱུ་ནི་དཔལ་འབྱོར་གྱི་གནད་འགག་ཆེས་ཆེ་ས་ཡིན་ལ་ཆབ་སྲིད་ཀྱི་རྩ་གནད་ཡང་ཡིན།ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་དྲུག་ནས་སྲིད་ཇུས་བྱེད་ཐབས་ལག་ལེན་དངོས་འབབ་བྱེད་པ་དང་།ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཆ་རྐྱེན་ལྟར་རྣམ་གྲངས་བདུན་གྱི་བྱ་བ་ལེགས་འགྲུབ་བྱེད་པ།འགན་འཁྲིའི་དབང་ཆ་དང་དོན་དངོས་ཟུང་འབྲེལ་གྱིས་ལག་ལེན་དོན་འཁྱོལ་གྱི་བྱེད་ཐབས་ལག་བསྟར་བྱེད་པ།དམངས་གཉེར་ཁེ་ལས་གནད་འཕིགས་ཀྱི་ཆ་རྐྱེན་ལ་ཁ་གཏད་ནས་སྲིད་ཇུས་གསར་གཏོད་ལ་ཤུགས་ཆེས་ཆེར་འདོན་པ།ཕན་འབྲས་ལྡན་པའི་སྒོ་ནས་འགན་སྲུང་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་སྒུལ་ཤུགས་དང་།ཚོང་རའི་ཐོན་ཁུངས་སྒྲིག་གཞི་ལ་ཤུགས་སྣོན་པ།སྲིད་གཞུང་གི་ཕྱི་འབྲེལ་སྐུལ་སྤེལ་དང་མཉམ་འབྲེལ་བྱེད་པ།རིམ་པ་སོ་སོའི་སྲིད་གཞུང་གིས་ཁེ་ལས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ།ཁེ་ལས་སོ་སོའི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱེད་དགོས་ཟེར།

མང་ཧེའི་རྒྱ་ཆེ་བའི་དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅན་ཕིང་གི་བཀའ་སློབ་དང་བརྩི་སྲུང་བྱས་ཏེ།བློ་གཅིག་སེམས་གཅིག་དང་བློ་སེམས་གཅིག་སྦྲེལ་གྱིས་གསར་སྤེལ་དང་སྤས་ལེགས་ཅན་དུ་བཏང་ནས་ཁེ་ལས་ཀྱིས་རྒྱལ་ཁབ་ལ་སྲུ་ཞུ་སྒྲུབ་པ།བཟོ་བའི་སྙིང་སྟོབས་དར་སྤེལ་དང་ནན་ཏན་གྱིས་ཁེ་ལས་སྒྲུབ་པ།ཚོང་རའི་འཆར་གཞི་ལེགས་པོར་སྒྲུབ་པ་དང་ཚོང་རའི་ཆོས་ཉིད་གཞི་འཛིན་ས་བྱེད་པ།མིག་རྒྱང་རིང་བར་བྱས་ཏེ་གོ་སྐབས་དང་བསྟུན་ནས་རྩ་བ་ཚིགས་ཤིང་རྩེ་མོ་རྒྱས་སུ་འཇུག་པར་བྱེད་དགོས།མུ་མཐུད་དུ་ཚོང་རའི་ཁེ་ལས་ཀྱི་འགྲན་རྩོད་མཐོར་འདེགས་བྱེད་པ།ཚོང་རྟགས་ཅན་གྱི་ཁེ་ལས་གསར་གཏོད་བྱེད་པ་དང་ཚོང་རྟགས་ཅན་གྱི་ཚོང་ལས་འཕེལ་རྒྱས་ཀྱིས་ནི་ཚོང་རའི་གསར་གཏོད་ཀྱི་གཤོག་ཟུང་ལྟ་བུར་འགྱུར་ཐུབ་དགོས།རྒྱུ་སྤས་ལེགས་པའི་ཚོང་ལས་འཕེལ་རྒྱས་ཀྱི་ལམ་ཁ་རུ་འགན་འཁུར་ཕོད་པའི་ཚོང་ལས་ལ་ངང་གིས་འཇུག་དགོས།ཀྲའོ་ལོང་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་གྱི་ནང་དོན་ལ་གོ་བ་ཡང་དག་བླངས་ནས།འཕེལ་རྒྱས་ཁྲོད་དམངས་གཉེར་ཁེ་ལས་ལ་ཁ་གཏད་པའི་དཀའ་གནད་དང་གནད་དོན་སེལ་དགོས་ཤིང་།ཡིད་ཆེས་བརྟན་པོའི་སྒོ་ནས་མཚོ་ནུབ་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ལ།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་མཉམ་དུ་མཚོ་ནུབ་ཁུལ་ལ་སྲིད་ཚོང་གི་འབྲེལ་བ་ལེགས་པོ་ཞིག་བསྐྲུན་དགོས་པ་དང་།རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་དམངས་གཉེར་དཔལ་འབྱོར་ཀྱི་རིགས་སོ་སོའི་སྲིད་ཇུས་དངོས་འབེབ་དོན་འཁྱོལ་ལ་སྐུལ་སློང་དང་རོགས་སྐྱོར་བྱས་ཏེ།དམངས་གཉེར་ཁེ་ལས་བར་གྲོགས་པོའི་འབྲེལ་བ་བཙུགས་ནས།ཁེ་ལས་པའི་བསམ་འཆར་ལ་ཉན་པ་དང་།ཁེ་ལས་ཀྱི་དཀའ་ཁག་རང་འགུལ་སྒོས་སེལ་རོགས་བྱེད་དགོས།ཁུལ་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་ཏུ་བཏང་ནས་ཡིད་ཆེས་བརྟན་པའི་སྒོ་ནས་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་མཉམ་དུ་འབད་བརྩོན་དང་སེམས་ཤུགས་གཅིག་སྒྲིལ་སྒོས་རང་ཁུལ་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཇེ་ལེགས་སུ་གཏོང་དགོས་པའི་རེ་བ་བཏོན།ཅི་རིན་སྐྱེ་ཁམས་ཞིང་ཕྱུགས་ལས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཀྲང་གོ་ཧའེ་ཡིས་བཤད་རྒྱུས་།ང་ཚོས་རིམ་པ་སོ་སོའི་སྲིད་གཞུང་གིས་རིགས་སོ་སོའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོགརང་ཉིད་ཀྱི་ཁེ་ལས་དེ་ཐོན་རྫས་ནས་ཚོང་ར་དང་དོ་དམ་སོགས་ཕྱོགས་སོ་སོའི་བྱ་བ་སྔར་ལས་འཐུས་ཚང་དུ་བཏང་ནས་འཕེལ་རྒྱས་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན་ཟེར།ཁུལ་རྒྱལ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཝང་ཀོས་ལེན་གྱིས་བཤད་རྒྱུར། ང་ཚོའི་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱས་ཏེ།ཁུལ་ཡོངས་ཀྱི་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་བདེ་བླག་ངང་འཕེལ་རྒྱས་ལ་སྐུལ་སློང་དང་རོགས་སྐྱོར་བྱེད་རྒྱུ་དང་།གཉིས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ།ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་བ། གསུམ་ནས་ང་ཚོས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སོགས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་སྤྱད་དེ།རྒྱལ་དབང་དང་དམངས་གཉེར་མ་རྩ་མཉམ་བསྲེས་བྱེད་པ།ཕན་ཚུན་མི་འདང་ས་ཁ་གསབ་བྱས་ནས་ཕན་ཚུན་སྐུལ་འདེད་བྱེད་རྒྱུ་ཡིན། བཞི་ནི་དྲིལ་སྒྲོག་གི་ནུས་པ་ཆེ་རུ་བཏང་ནས་ཀྲུང་དབྱང་དང་ཞིང་ཆེན་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་དང་ཁེ་ལས་ཆུང་འབྲིང་ལ་སྐུལ་འདེད་བྱེད་པའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་སྤེལ་པ་དང་།མཚོ་ནུབ་ཁུལ་གྱིས་དངོས་གཞིའི་དཔལ་འབྱོར་འེཕལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས༡༢སོགས་དྲིལ་སྒྲོག་དོན་འཁྱོལ་བྱས་ཏེ།དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན་རྒྱུ་ཡིན་་ཟེར།

གོང་མ།:རང་ཁུལ་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་མེ་སྐྱོན་སྔོན་འགོག་བྱ་བར་བཀོད་སྒྲིག་མཛད།

ཞོལ་མ།:ཚེ་སྲོག་དང་ཚེ་སྲོག་གི་བར་ལ་བརྩེ་བའི་ཟམ་པ་བཙུགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235