མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མེང་ཧའེ་ཡིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་གནང་བ།

ཡོང་ཁུངས།:  སྤེལ་དུས།:2018-11-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ11ཚེས8ཉིན། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་ཡིས་གཏེར་ལེན་ཁ་གྲོང་ཁྱེར་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།ཁོང་གིས་སེམས་ནུས་ཡོད་རྒུ་བཏོན་ནས་ཁེ་ལས་ལ་དཀའ་ངལ་ཐག་གཅོད་བྱེད་རོགས་དང་། རེ་ཞུ་ཉན་པ།ཞབས་ཞུ་མཁོ་སྤྲོད་བཅས་བྱེད་རོགས་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱིས་ལེགས་སྐྱོང་སྟོབས་ཆེར་བྱེད་པར་བསྔགས་སྐུལ་དང་།རྒྱབ་སྐྱོར།སྣེ་ཁྲིད་བཅས་བྱས་ནས་ཁུལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོན་པོའི་ངང་གོང་འཕེལ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།ཁུལ་དཔོན་གཞོན་པ་ཅང་ཅུན་གྱིས་རྟོག་ཞིབ་གནང་རོགས་ཞུས་པ་རེད།

རྟོག་ཞིབ་གནང་སྐབས་མེང་ཧའེ་ཡིས་སྔ་རྗེས་སུ་ཁེ་གསུམ་གྱི་ནུས་ཁུངས་དང་།ཨའོ་ཏི་མའེ་ལས་རིགས།ཡེ་ཝང་སྐྱེ་དངོས་ཚན་རྩལ་སོགས་ཀྱི་ཁེ་ལས་ལ་ཁམས་འདྲི་ཞུས་པ་དང་།ཁེ་ལས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དམངས་གཉེར་ཁེ་ལས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་མྱོང་ཚོར་དང་བསམ་ཚུལ་གླེང་ཞིང་།མཚོ་ནུབ་ཀྱི་ཚོང་གཉེར་ཁོར་ཡུག་དང་།མ་དངུལ་འཇོག་པའི་ཆ་རྐྱེན།ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ།དཀའ་ངལ་ཡོད་པའི་གནད་དོན་སོགས་གླེང་མོལ་གཏིང་ཟབ་གནང་བ་རེད།ཁོང་གིས་མཚོ་ནུབ་ནུབ་ནི་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་སྐྱེ་སྟོབས་ཆེས་ཆེར་ལྡན་པའི་ས་ཁུལ་ཞིག་ཡིན་པ་དང་།དམངས་གཉེར་ཁེ་ལས་མེད་ན་མཚོ་ནུབ་ཀྱི་འཕེལ་རྒྱས་མེད་ལ།དམངས་གཉེར་དཔལ་འབྱོར་གོང་དུ་སྤེལ་བ་ནི་མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་གདམ་ག་ལྡོག་ཏུ་མེད་པ་ཡིན་པ་དང་།མཚོ་ནུབ་ཀྱི་གྲུབ་ཚུལ་ལེགས་སྒྱུར་དང་།ཚུལ་སྒྱུར་གོང་སྤེལ་གྱི་འདེགས་སྐྱོར་གཙོ་བོ་ཡིན་ལ།མཚོ་ནུབ་ཀྱི་དེང་རབས་ཅན་དུ་འགྱུར་བའི་ཁུལ་སྟོབས་ལྡན་དུ་འཛུགས་པའི་གཞི་རྩའི་ཐབས་ལམ་ཞིག་ཀྱང་རེད།ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམངས་གཉེར་ཁེ་ལས་གོང་དུ་སྤེལ་བར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས་པ་དང་།སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་དྲུག་གི་སྲིད་ཇུས་དང་བྱེད་ཐབས་དམ་འཛིན་ཡག་པོ་བྱ་དགོས་པ་དང་འགྱུར་བ་སྤུ་ཙམ་ཡང་མི་གཏོང་བ་གཉིསདང་དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བདུན་པོ་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བླང་བྱ་གཞིར་བཟུང་སྟེ།སྲིད་ཚོང་འབྲེལ་བ་ ཡག་པོ་བཙུགས་ནས་དམངས་གཉེར་ཁེ་ལས་ལ་དྲང་གཞག་གཞུང་དྲང་ངང་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཅིག་བསྐྲུན་ཞིང་ཞ།དམངས་གཉེར་ཁེ་ལས་པ་རྣམས་ལ་བློ་བདེའི་ངང་ལས་གཏོད་ལས་སྒྲུབ་བྱེད་དུ་འཇུག་དགོས།ཁོང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཏང་ཨུ་དང་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ལ་ཐུགས་ཁུར་གནང་བ་དང་།འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་།ཡིད་ཆེས་ཇེ་བརྟན་དུ་གཏོང་བ།དངོས་ལས་ལ་དོ་སྣང་བྱེད་པ།སྤུས་ལེགས་ལས་དོན་སྒྲུབ་པ་དང་།འབད་འཐབ་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ།ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏོད་པར་གྲ་སྒྲིག་གང་ལེགས་བྱེད་པ།ཁེ་ལས་རྒྱུན་མི་ཆད་པར་གོང་དུ་སྤེལ་བ་བཅས་ཀྱི་སྒོ་ནས་དམངས་གཉེར་དཔལ་འབྱོར་གོང་དུ་སྤེལ་བའི་དཔྱིད་ཀ་གསར་པ་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན།

གོང་མ།:དབུས་ཚྭ་མཚོའི་མཛེས་ལྗོངས་ཁུལ་ལ་ད་ལོའི་དགུན་ཁར་རིན་མེད་ཡུལ་སྐོར་བྱས་ཆོག་པ།

ཞོལ་མ།:མཚོ་ནུབ་ཁུལ་གྱི་མི་རིགས་གླུ་གར་ཚོགས་པས་གཡུར་ཟའི་གྲུབ་འབྲས་བླངས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235