མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དབུས་ཚྭ་མཚོའི་མཛེས་ལྗོངས་ཁུལ་ལ་ད་ལོའི་དགུན་ཁར་རིན་མེད་ཡུལ་སྐོར་བྱས་ཆོག་པ།

ཡོང་ཁུངས།:  སྤེལ་དུས།:2018-11-16  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

༢༠༡༨ལོའི་ཟླ༡༡པའི་ཚེས༡༠ཉིན་ནས༢༠༡༩ལོའི་ཟླ༣པའི་ཚེས༣༡ཉིན་བར་དབུས་ཚྭ་མཚོའི་མཛེས་ལྗོངས་ཁུལ་གྱིས་རིན་མེད་ཡུལ་སྐོར་བྱས་ཆོག་པ་བྱས་ཡོད།འདི་ནི་མཚོ་སྔོན་དབུས་ཚྭ་མཚོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་ཟིས།ད་ལོའི་ཟླ་བཅུ་གཅིག་པའི་སྔོན་ལ་རང་འགུལ་སྒོསརྒྱལ་ཁབ་བཅོས་སྒྱུར་འཕེལ་རྒྱས་ཨུ་ཡོན་གྱི་རྒྱལ་ཁབ་མཛེས་ལྗོངས་ཀྱི་འཛིན་བྱང་རིན་གོང་ཚད་ལྡན་དུ་གཏོང་བའམ།རྒྱལ་གཉེར་མཛེས་ལྗོངས་ས་ཁུལ་གཙོ་བོའི་འཛིན་བྱང་རིན་གོང་ཇེ་དམའ་རུ་གཏོང་བའི་མཛུབ་སྟོན་བསམ་འཆརཞེས་པ་དང་བསྟུན་ནས།མཛེས་ལྗོངས་ས་ཁུལ་གྱི་འཛིན་བྱང་དེ་སྒོར༧༠ནས༦༠རུ་ཇེ་དམའ་རུ་བཏང་རྗེས་ལོ་ཧྲིལ་བོའི་ནང་དུ་དམངས་ཕན་དམིགས་གསལ་ལེགས་སྐྱེས་ཆེན་པོ་ཞིག་དར་སྤེལ་བཏང་བ་རེད།

ལོ་འདི་དག་གི་རིང་ལ།དབུས་ཚྭ་མཚོའམ་བར་སྣང་མེ་ལོངཞེས་པའི་ཚོང་རྟགས་དེར་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཡུལ་སྐོར་བ་དག་གིས་དགའ་བསུ་ཆེན་པོ་ཐོབ་ཡོད་ལ།ལོ་གཅིག་གི་ནང་ཡུལ་སྐོར་འགྲུལ་བར་སྣེ་ལེན་བྱེད་པའི་ཁ་གྲངས་དེ་ཡང་ལོ་རེ་ནས་ལོ་རེར་རྣམ་པ་གསར་བའི་ཚད་ལ་སླེབས།ད་ལྟའི་བར༢༠༡༨ལོར་དབུས་ཚྭ་མཚོའི་མཛེས་ལྗོངས་ཁུལ་གྱིས་འགྲུལ་བ་མི་གྲངས་ཁྲི༣༣༠ལྷག་ལ་སྣེ་ལེན་བྱས་ཡོད།དབུས་ཚྭ་མཚོའི་མཛེས་ལྗོངས་ས་ཁུལ་དེ་རིམ་བཞིན་རྒྱལ་ནང་གི་མཛེས་ལྗོངས་གལ་ཆེན་ཞིག་ཏུ་གྱུར་བ་དང་བསྟུན་ནས་དབུས་ཚྭ་ཁ་གྲོང་རྡལ་ཉེ་འཁོར་གྱི་ཚོང་ལས་ཅི་རིགས་ལ་ཡང་སྔ་ན་མེད་པའི་དར་རྒྱས་བྱུང་།དབུས་ཚྭ་ཁ་གྲོང་རྡལ་ནས་ཝུའུ་ལན་རྫོང་བར་གྱི་སྡོད་ཞག་དང་གསོལ་ཟས་ཁང་།སྤྲོ་སྐྱིད་གླིང་སོགས་རིམ་པ་གཉིས་པའི་འཛད་སྤྱོད་སྡུར་ཚད་ཡང་མཐོར་འདེགས་སུ་བཏང་།ཡུལ་སྐོར་ལས་ཀར་ཐད་ཀར་ཞུགས་མཁན་དང་བརྒྱུད་དེ་ཞུགས་མཁན་མངོན་གསལ་ཇེ་མང་དུ་སོང་འདུག

ཡུལ་སྐོར་ལས་རིགས་དེ་རིམ་སྒྱུར་རིམ་སྤར་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ།ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་པར་གཏོང་ཆེད། མཚོ་སྔོན་དབུས་ཚྭ་མཚོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་ཟི་དེ།༢༠༡༦ལོའི་ཟླ༣པའི་ནང་གསར་འཛུགས་བྱས་རྗེས་སྔ་གཞུག་ཏུ་མ་རྩ་སྒོར་དུང་ཕྱུར7བཏང་ནས་རྨང་གཞིའི་སྒྲིག་ཆས་ལ་འཛུགས་སྐྲུན་བྱེད་པ་འཐུས་ཚང་དུ་བཏང་ཞིང་།ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཡང་མཐོར་འདེགས་སུ་བཏང་། མ་འོངས་བར་ཀུང་ཟིས་ཡུལ་སྐོར་མཁོ་སྤྲོད་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་རྨང་གཞིའི་སྟེང་གསར་གཏོད་དམ་འཛིན་དང་གསར་གཏོད་གལ་ཆེན།མཁོ་སྤྲོད་འཕར་སྣོན། སྤུས་ཚད་མཐོར་འདེགས། ཞབས་ཞུ་ལེགས་སྒྱུར།ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་ལེགས་སྒྱུར་བཅས་བྱས། དེ་དང་ཆབས་ཅིགམཛེས་ལྗོངས་ས་ཁུལ་དེའི་ཁྲོད་ཀྱི་དུས་ཡུན་རིང་བོའི་འཆར་འགོད་མུ་མཐུད་དུ་ལག་བསྟར་བྱས་ཏེ་ཡུལ་སྐོར་ཐད་ལ་མ་རྩ་གཏོང་བ་སྔར་ལས་ཇེ་ཟབ་ཏུ་བཏང་།ཡུལ་སྐོར་ཞབས་ཞུའི་གསབ་སྦྱོང་མུ་མཐུད་དུ་ཆེས་ཆེར་བཏང་ཞིང་།ཡུལ་སྐོར་བའི་འཛད་སྤྱོད་གསར་བ་འཕར་སྣོན་བྱས།ཉམས་མྱོང་གསར་བ་དང་ལས་རིགས་རྣམ་པ་གསར་བ། ཐོན་རྫས་གསར་བ། མཛེས་ལྗོངས་ཁུལ་གསར་བ་བཅས་ཁ་སྣོན་བྱས་ཤིང་ཡུལ་སྐོར་མི་སྣའི་རང་སྒྲུབ་ཅན་དང་སྟབས་བདེ་ཅན།རང་གཤིས་ཅན་བཅས་ཀྱི་དགོས་མཁོ་བསྐང་པ་རེད།



ཞོལ་མ།:མེང་ཧའེ་ཡིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་གནང་བ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235