མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་ཀོང་ཀྲོའུ་ཉོ་ཚོང་འགྲེམ་ཚོགས་སྟེང་དུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

ཡོང་ཁུངས།:  སྤེལ་དུས།:2018-11-19  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

    བསྟུན་མར་སྒོ་འབྱེད་ཤུགས་ཚད་ཇེ་ཆེར་གཏོང་བ་དང་མཚོ་ནུབ་ཀྱི་སྙན་གྲགས་སྔར་བས་ཀུན་ལ་ཁྱབ་པ།  ཁེ་ལས་ཀྱི་འགྲན་རྩོད་ནུས་བ་ཇེ་མཐོར་བ། རང་ཁུལ་གྱི་ས་གནས་ཁྱད་ཆོས་ལྡན་པའི་ཐོན་རྫས་དེ་ཕྱི་རོལ་གྱི་ཚོང་རར་རྒྱ་བསྐྱེད་ཕྱིར།  ཟླ10པའི་ཚེས31ཉིན་ནས་ཟླ11པའི་ཚེས4ཉིན། རང་ཁུལ་གྱིས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཁེ་ལས11རྩ་འཛུགས་བྱས་ཏེ་སྐབས124བའི་ཀོང་ཀྲོའུ་ཕྱི་འདྲེན་ནང་འདྲེན་ཚོང་ཟོག་དངོས་མང་འགྲེམ་ཚོགས་ལ་ཞུགས།

  ན་གོར་མོའི་དབྱི་ལིང་འཕང་འབྲས་ཚན་རིག་གསར་སྤེལ་ཚད་ཡོད་ཀུང་སི་དང་མཚོ་སྔོན་གཙང་གསུམ་གཤིན་ས་སྐྱེ་ཁམས་ཞིང་ལས་ཚན་རིག་ཚད་ཡོད་ཀུང་སི། མཚོ་སྔོན་ཏཱ་མཱོ་ཧུང་འཕང་འབྲས་ཚད་ཡོད་ཀུང་སི།  མཚོ་སྔོན་འཕང་འབྲས་གླིང་རྩི་ཤིང་ཚན་རིག་ཚད་ཡོད་ཀུང་སི།མཚོ་སྔོན་ཞང་ཡུའུ་ཚན་རིག་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱིས་འཕང་འབྲས་ནག་པོ་དང་དམར་པོ།  ལི་གྲོ འཕང་འབྲས་ལས་སྣོན་ཐོན་རྫས། དབྱར་རྩ་དགུན་འབུ་སོགས་མཐོ་སྒང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕྱུགས་ལས་ཐོན་རྫས་ཁྱེར་ནས་འགྲེམ་ཚོགས་ལ་ཞུགས།  ཕྱི་རྒྱལ་ནང་གི་ཚོང་འགྲུལ་བས་ཡིད་དབང་འཕྲོག་སྟེ།གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་ནས་བྲོ་བར་རོལ་བ་དང་གྲོས་མོལ།  ཉོ་ཚོང་བཅས་བྱས།  སྔོན་བརྩི་ལྟར་ན་ཨ་སྒོར་འབུམ60ལྷག་གན་ཇ་བཞག་ཡོད།  གྲོས་མོལ་ལ་ཡོང་བའི་ཚོང་འགྲུལ་རང་རྒྱལ་གྱི་ཁེ་ལས་གྲགས་ཅན་ཡོང་བ་མ་ཟད།  ཨ་མེ་རི་ཁ་དང་ཁ་ན་ཏ།འཇར་མན།ཨུ་རུ་སུ།ཧང་ག་རི།འཇར་པན་སོགས་ཀྱི་ཁེ་ལས་ཀྱང་ཡོང་ཡོད།

གོང་མ།:ཁུལ་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞོལ་མ།:དབུས་ཚྭ་མཚོའི་མཛེས་ལྗོངས་ཁུལ་ལ་ད་ལོའི་དགུན་ཁར་རིན་མེད་ཡུལ་སྐོར་བྱས་ཆོག་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235