མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-11-20  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཉེ་ཆར།ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཉེ་ལམ་གྱི་གལ་ཆེའི་གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་།ཞིང་ཆེན་ཏང་ཨུའི་ཉེ་དུས་ཀྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།ཁུལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་སྙན་ཞུར་ཞིབ་འཇུག་དང་འབྲེལ་ཡོད་ཀྱི་བྱ་བ་ལ་ཞིབ་འཇུག་བྱས།
  ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནངགཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིསདངའགྱུར་བ་མེད་པ་གསུམབསྐྱར་བསྒྲགས་བྱས་པ་དང་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ངོས་འཛིན་གསལ་བོའིཁ་ཕྱོགས་གསལ་སྟོན་བྱས་ཡོད།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བཟང་པོ་དང་།མགོ་ཁྲིད་ལེགས་པོ་བྱེད་པ།ལག་ལེན་མཐར་ཕྱིན།དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་།སྲིད་ཚོང་འབྲེལ་བ་གསར་པ་ཧུར་ཐག་གིས་འཛུགས་པ།འདྲ་མཉམ་ངང་འགྲན་རྩོད་ཀྱི་ཁོར་ཡུག་སྐྲུན་པ།སེམས་རྩ་འཁོལ་པོས་ཁེ་ལས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བཅས་བྱས་ནས།དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་ཞིང་ཕན་འབྲས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ཐུབ་བྱ་དགོས།
     ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འགན་ལེན་བྱེད་ཐབས་བཅས་རྒྱས་བཤད་གཏིང་ཟབ་བྱས་པ་དང་ང་ཚོས་མི་བཟོས་རིག་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྩ་བའི་བརྩི་སྲུང་ཞུ་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།ང་ཚོས་མཁོ་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་བྱ་རྒྱུ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་།ཐོག་མའི་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་འགག་རྩ་ཅན་གྱི་ལག་རྩལ་ཟབ་སྤེལ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ།ཚྭ་འདམ་ཐོན་ལས་ཀྱི་ལག་རྩལ་འགག་སྒྲོལ་བྱེད་སྒོ་ཏན་ཏིག་གིས་སྤེལ་བ་དང་།མི་རབས་གསར་པའི་མིས་བཟོས་རིག་ནུས་ཀྱི་སྤྱི་ཚོགས་གོང་དུ་སྤེལ་བར་ཞབས་འདེགས་སྔར་ལས་ལེགས་པ་ཞུ་དགོས།

   ཚོགས་འདུའི་ཐོག་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་གྱི་དོན་སྙིང་ཟབ་ལ་འགན་འཁྲི་ཡང་ལྕི་བ་ཞིག་ཡིན་པའི་ནན་བཤད་བྱས་ཡོད་པ་རེད།ང་ཚོས་ཞི་ཅིན་ཕེན་གྱི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་བྱས་ནས།ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས།ཞིང་ཆེན་ཡོངས་ཀྱི་འབག་བཙོག་འགོག་བཅོས་བྱེད་པའི་འགག་སྒྲོལ་དམག་འཐབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་གཡུལ་འགྱེད་སྐུལ་འདེད་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་དང་།རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ།ལས་ཀའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ།གཡུལ་འགྱེད་སྔོན་དཔག་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་ཏན་ཏིག་བཅས་བྱ་དགོས།
   ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསར་འགྱུར་གླེང་ཕྱོགས་ལས་ཀར་བཏོན་པའི་འགན་འཁྲི་དང་།དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཐད་བཏོན་པའི་ལས་འགན་ནན་བཤད་བྱས་ཤིང་།གསར་འགྱུར་གླེང་ཕྱོགས་ལས་དོན་སྔར་ལས་ལེགས་པར་བསྒྲུབ་རྒྱུའི་ཐད་ལ་བླང་བྱ་ཆེན་པོ་བཏོན།ང་ཚོས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་དམིགས་འབེན་ཁ་གསལ་ཡོང་བ་བྱས་ཏེ།རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ལས་དོན་པར་ཏང་གི་རྩ་དོན་ཡིད་ལ་བརྟན་པོར་ངེས་པ་དང་།མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཆང་བ།ཁྱིམ་ཚང་གིས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མངོན་པ།དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་སྙེག་པ།ལས་རིགས་ཀྱི་ཨུ་ཚུགས་ཀྱི་ཉམས་སྣང་རྒྱུན་འཁྱོངས་མི་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱ་དགོས་པ་དང་།གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་།ཁྲིད་སྟོན་གྱི་ནུས་པ།ཤུགས་རྐྱེན་ཐེབས་ཤུགས།ཡིད་ཆེས་བྱེད་ཤུགས་བཅས་ཆེ་རུ་གཏོང་གང་ཐུབ་བྱས་ནས་བསམ་བློའི་གླེང་ཕྱོགས་གཙོ་བོ་རྒྱུན་མཐུད་དེ་སྟོབས་ཆེར་གཏོང་བར་ཤུགས་སྣོན་རྒྱག་དགོས།
  ཚོགས་འདུའི་ཐོག་ནག་ཚོགས་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་བྱེད་པ་ནི་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་དངལོ་བརྒྱ་གཉིསཀྱི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་ལངས་ནས་ལོ་རྒྱུས་ཐོག་གི་དངུལ་བརྗེ་མཚམས་འཇོག་པའི་མཐོ་ཚད་དུ་སླེབས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད།མིག་སྔར་ཁུལ་ཡོངས་ཀྱི་ནག་ཚོགས་གནོད་འཇོམས་ཆེད་དོན་འཐབ་རྩོད་དེ་གཏིང་ཟབ་ཏུ་སྤེལ་བའི་དུས་རིམ་གལ་ཆེན་དུ་གནས་ཤིང་།ང་ཚོས་ཞིང་ཆེན་ཡོངས་སུ་ནག་ཚོགས་གནོད་སེལ་ཆེད་དམིགས་བྱ་བའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་།ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ།འགན་འཁྲི་འཁུར་སེམས་ཇེ་ཆེར་གཏོང་བ།གྱོད་དོན་གྱི་ཁུངས་སྣེ་སྔོག་འདོན་བྱེད་ཤུགས་ཇེ་ཆེར་གཏོང་བ།གྱོད་དོན་གྱི་ཁུངས་སྣེ་སྔོག་འདོན་དང་གྱོད་དོན་གལ་ཆེན་ཞིབ་བཤེར་ཐག་གཅོད་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།གྲོས་མོལ་ཚབས་ཆེན་དང་ཞིབ་བཤེར་ཐག་གཅོད་བྱེད་པའི་མཇུག་གི་ཉིན་རེའི་སྲུང་སྐྱོང་།གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ།ནུས་མེད་ལྷོད་གཡེང་དུ་གཏོང་བ།རྒྱུན་མཐུད་དེ་གཞི་རིམ་ཏང་རྩ་འཛུགས་ལ་དག་ཐེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་བྱ་ཐབས་སྔར་ལས་ལྷག་པ་གཏོང་བ་བཅས་བྱས་ཏེ་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་ཀྱི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བྱ་དགོས།

གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཁུལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གནས་ཚུལ་ཡར་ཞུ་ལ་གསན་པ་དང་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་ལ་ཞིབ་འཇུག་བྱས།

ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

གོང་མ།:རང་ཁུལ་གྱིས་ཚྭ་འདམ་གཞོང་རླུང་ཤུགས་གློག་འདོན་ཚོགས་ཆེན་སྐབས་ཐོག་མ་བསྡུ་རྩིས་ཡོད།

ཞོལ་མ།:རང་ཁུལ་གྱིས་ཀོང་ཀྲོའུ་ཉོ་ཚོང་འགྲེམ་ཚོགས་སྟེང་དུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235