མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་ཚྭ་འདམ་གཞོང་རླུང་ཤུགས་གློག་འདོན་ཚོགས་ཆེན་སྐབས་ཐོག་མ་བསྡུ་རྩིས་ཡོད།

ཡོང་ཁུངས།:  སྤེལ་དུས།:2018-11-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

    ཉེ་ཆར།  གསར་འགོད་པས༢༠༡༨ལོའི་ཚྭ་འདམ་གཞོང་རླུང་ཤུགས་གློག་འདོན་ཚོགས་ཆེན་གྱི་གྲ་སྒྲིག་བྱ་བའི་ཚོགས་འདུ་སྟེང་ཤེས་གསལ་ལྟར་ན། མཚོ་ནུབ་ཁུལ་གྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ས་ཁུལ་གྱི་སྣང་བརྙན་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་།  མཚོ་ནུབ་ཁུལ་གྱི་དྭངས་གཙང་ནུས་ཁུངས་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་མངོན་ཆེད།  རང་ཁུལ་གྱིས་ཟླ་བཅུ་གཉིས་པར་གཏེར་ལེན་ཁ་ནས་ཚྭ་འདམ་གཞོང་རླུང་ཤུགས་གློག་འདོན་ཚོགས་ཆེན་བསྡུ་རྩིས་ཡོད།

ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནུས་ཁུངས་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་འཚམས་སྦྱོར་བྱས་པ་ལྟར་ན།ཚྭ་འདམ་གཞོང་རླུང་ཤུགས་གློག་འདོན་ཚོགས་ཆེན་སྐབས་ཐོག་མ་སྒྲུབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་གྱི་ནུས་ཁུངས་གསར་བ་འཛུགས་སྐྲུན་ལ་ལྟ་ཞིབ་བྱེད་པའི་སྐབས་སུ་བཏོན་པའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་གཏིང་ཟབ་སྒོས་དོན་འཁྱོལ་དང་།སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཐབས་ཇུས་ལྟར། རང་ཁུལ་གྱི་རླུང་ཤུགས་ཐོན་ཁུངས་དང་གློག་རིན་ཁ་གསབ་བྱེད་པའི་ཕྱོགས་བསྡུས་དགེ་མཚན་འདོན་སྤྲོད་བཟང་བོ་བྱེད་རྒྱུ་དེ་ཡིན།ཚོགས་ཆེན་འདི་འདྲ་ཞིག་བསྡུས་ནས། རང་ཁུལ་གྱིས་མཐོ་སྒང་གི་རླུང་ཤུགས་གློག་འདོན་ནུས་པའི་སྔོན་ཐོན་ལག་རྩལ་དང་ལེན་དང་།  རླུང་ཤུགས་གློག་འདོན་ཐོན་སྐྱེད་ཀྱི་དངུལ་གཏོང་གི་ཁེ་ལས་ནང་འདྲེན་བྱས་ཏེ།  རླུང་ཤུགས་གློག་འདོན་ནུས་པའི་སྒྲིག་ཆས་ཐོན་ལས་ཇེ་རྒྱས་སུ་གཏོང་བ་དང་།མཚོ་ནུབ་ཁུལ་གྱི་རླུང་ཤུགས་གློག་འདོན་ནུས་པའི་ཐོན་ལས་ཀྱི་གཞི་རྒྱའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་གཏིང་ཟབ་སྒོས་བགྲོ་གླེང་བྱས་ནས།མཚོ་ནུབ་ཁུལ་གྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་རྟེན་གཞི་གསར་སྐྲུན་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་བཏང་སྟེ། མཚོ་ནུབ་ཁུལ་གྱི་ནུས་ཁུངས་གསར་བའི་གློག་འདོན་ལ་ཁག་ཐེག་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་སྐྲུན་པར་སྐུལ་འདེད་བྱེད་པར་དགེ་མཚན་ལྡན།

རྒྱུས་ལོན་བྱས་པ་ལྟར་ན།  ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་།རང་ཁུལ་གྱི་རླུང་ཤུགས་གློག་འདོན་ཕྱོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་།   འགག་གསུམ་དང་། རྒྱལ་ཁབ་གློག་འདོན་སོགས་གློག་ཤུགས་དངུལ་གཏོང་ཁེ་ལས་དང་འབྲེལ་འདྲིས་བྱས་པས།  ཀྲོ་ཝ༢༠༠ཅན་གྱི་ལས་གཞི་འཛུགས་པ་མངོན་འགྱུར་བྱུང་།   རླུང་ཤུགས་གློག་འདོན་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་སུ་སོང་བས་རང་ཁུལ་གྱི་ནུས་ཁུངས་གསར་བའི་ཐོན་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

གོང་མ།:མཚོ་ནུབ་ཁུལ་གྱིས་རིག་རྩལ་རྐང་འཛིན་པ་དང་རྩོམ་སྒྲིག་པ་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

ཞོལ་མ།:ཁུལ་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235