མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཡུན་པའོ་ཡིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-12-06  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུན་པའོ་ཡིས་རང་ཁུལ་དུ་རྟོག་དཔྱད་ཞིབ་འཇུག་བྱེད་སྐབས་ནན་གྱིས་བསྟན་དོན།ནུས་ཤུགས་ཡོད་དགུས་གཏན་འཇགས་རྒྱུན་འཁྱོངས་བྱ་བ་བསྒྲུབ་ནས་སྤྱི་ཚོགས་ཀྱི་མཇུག་འབྲས་ལ་མུ་མཐུད་དུ་གཏན་འཇགས་བྱེད་པར་ཁག་ཐག་བྱེད་དགོས་པ་བསྟན།

ཡུན་པའོ་འཁོར་དང་བཅས་པ་སྔ་རྗེས་སུ་གཞི་རིམ་སྲིད་ཁྲིམས་ལས་ཁུངས་དང་ལྕགས་ལམ་ལམ་སྲུང་ལྷན་ཚོགས་འབྲིང་བ།འགལ་བ་ཞིབ་བཤེར་བར་འདུམ་ལྟེ་གནས། མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་།སྲང་ལམ་ཁུལ། ལྕགས་ལམ་ལམ་སྲུང་ལྷན་ཚོགས་ལ་རྟོག་དཔྱད་ཞིབ་འཇུག་བྱེད་པ།གཞི་རིམ་སྤྱི་ཚོགས་དོ་དམ་དང་དྲ་རྒྱའི་ཞབས་ཕྱི་དོ་དམ།བདེ་འཇགས་སློབ་ར་དང་སྒྲིག་ཁྲིམས་བརྡ་འཕྲིན་རང་བཞིན་ཅན་འཛུགས་སྐྲུན་གྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་།ཆེས་སྔོན་ན་ཡོད་པའི་ཉེན་རྟོག་པ་ལ་འཚམས་འདྲི་ཞུས།དེ་མིན་ད་དུང་ཁུལ་དང་རྫོང་ཨུའི་སྒྲིག་ཁྲིམས་ཨུ་ཡོན།སྒྲིག་ཁྲིམས་ལས་ཁུངས་ལ་འགན་འཁུར་བའི་ལས་བྱེད་པ་ལ་ཁ་བརྡ་བྱས།

ཡུན་པའོ་ཡིས་ནན་གྱིས་བསྟན་དོན།ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དགོངས་པའི་མཛུབ་ཁྲིད་འོག་དངོས་གནས་སྒྲིག་ཁྲིམས་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྲུན་བྱས་ནས་ཆབ་སྲིད་སྒྲིག་ལམ་སྲུང་བ་དང་ཆབ་སྲིད་འགན་འཁྲི་སྲུང་བ།རང་འགུལ་གྱིས་༼འདུ་ཤེས་བཞི་༽ཤུགས་ཆེར་གཏོང་བ། ༼སྲུང་འཛིན་གཉིས༽ལག་ལེན་བྱེད་པ།རིམ་བཞིན་གཞུང་དྲང་སྒྲིག་ལམ་ཅན་གྱི་སྒྲིག་ཁྲིམས་རུ་དཔུང་བསྐྲུན་དགོས།བརྟན་པའི་ངང་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བའི་རྒྱལ་མཚན་བསྒྲེངས་ནས་གནད་དོན་ལ་ཁ་གཏད་དེ་གནད་འགག་རིམ་པར་གཞུང་བཙུགས་ཏེ།དངོས་པ་དོན་གྱིས་གལ་ཆེའི་ས་གནས་ལ་དོ་དམ་མཛད་ནས་ལྕགས་ལམ་ལམ་སྲུང་ལྷན་ཚོགས་དང་གཏན་འཇགས་ལ་འབྲེལ་བའི་གསང་ཚུལ་བྱ་བ་ཚད་ལྡན་གྱིས་བསྒྲུབ་དགོས།ནན་ཏན་གྱིས་དེང་རབས་ཚན་རྩལ་ལག་ལེན་དང་མང་ཚོགས་ལམ་ཕྱོགས་གཉིས་མཉམ་འབྲེལ་སྒོས་ཕྱོགས་གཅིག་ནས་བརྡ་འཕྲིན་རང་བཞིན་ཅན་འཛུགས་སྐྲུན་བྱས་ནས་ཚན་རྩལ་སྟོབས་འབྱོར་ཅན་གྱི་རུ་དཔུང་ལ་བསྐྱོད་པ།ཕྱོགས་གཅིག་ནས་༼ཧྥིན་ཆོ་ཉམས་མྱོང་༽ས་གནས་རང་བཞིན་ཅན་དུ་བསྒྱུར་ནས་མང་ཚོགས་ཀྱི་ལམ་ཕྱོགས་ལ་བསྐྱོད་པ།མུ་མཐུད་དུ་སྤྱི་ཚོགས་དོ་དམ་གྱི་གཞི་རིམ་རྨང་གཞི་ལ་རྡུང་བཅག་བྱེད་པ་དང་སྤྱི་ཚོགས་ཀྱི་བྱ་བར་གཏན་འཇགས་བྱེད་པར་ཁག་ཐག་བྱེད་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧེ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ན་གོར་མོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་བྰང་ཡོང་།ཁུལ་ཨུའི་རྒྱུན་ཨུ་ཧྲི་ཚོན་བོའུ་དང་སུང་ལེ་མིན།ཁུལ་དཔོན་གཞོན་པ་མྰ་ཞིན་རྟོག་དཔྱད་ནང་དུ་ཞུགསཔ་བསྟན།

གོང་མ།:ཞིང་ཆེན་ཡོངས་ཀྱི་གསར་འགྱུར་མཐུན་སྦྱོར་ཚོགས་འདུ་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས།

ཞོལ་མ།:མཚོ་ནུབ་ཁུལ་གྱིས་རིག་རྩལ་རྐང་འཛིན་པ་དང་རྩོམ་སྒྲིག་པ་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235