མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ན་ནིང་རང་ཁུལ་གྱི་བཟོ་ལས་ཐོན་རྫས་ཀྱི་རྒྱུ་སྤུས་སྤྱིའི་ཆ་ནས་ལེགས་ཕྱོགས་སུ་འཕེལ།

ཡོང་ཁུངས།:  སྤེལ་དུས།:2019-01-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ན་ནིང་གི་ལོ་མཇུག་ཏུ་ཞིང་ཆེན་དང་།ཁུལ་རིམ་པ་གཉིས་ཀྱི་ཁྲོམ་ར་ལྟ་ཞིབ་དོ་དམ་སྡེ་ཁག་གིས་ཁུལ་ཡོངས་ཀྱི་མཉམ་འདྲེས་ལུད་དང་།ཅ་ལུད།ཉེན་ཡོད་རྫས་འགྱུར་དངོས་རྫས་སོགས་ཐོན་རྫས་སྣ་ཉི་ཤུ་ལྷག་གི་རྒྱུ་སྤུས་ལ་རྩ་འཛུགས་བྱས་ནས་ཞིང་ཆེན་དང་ཁུལ་རིམ་པའི་ལྟ་སྐུལ་དང་ཟུར་བཤེར་བྱས་པ་དང་།ཞིང་སྤྱོད་ཐོན་རྫས་དང་།རྫས་འགྱུར་ཐོན་རྫསཨར་ལས་རྒྱུ་ཆ།ནུས་ཁུངས་ཐོན་རྫས་སོགས་ནང་དུ་འདུས་པ་རེད།

ཞིང་ཆེན་རིམ་པས་མཉམ་འདྲེས་ལུད་ཐོན་སྐྱེད་ཁེ་ལས7གྱ་ཐེངས41གི་ཐོན་རྫས་ལ་ལྐོག་འཐེན་ཞིབ་བཤེར་བྱས་པ་དང་། དེའི་ནང་དུ་ཐེངས1གི་ཐོན་སྐྱེད་ཚད་ལྡན་མིན་པ་ལས།ཚད་གཞི་ལོན་ཚད97.56%ཡིན་པ་རེད།རྡོ་སོལ་ཐོན་སྐྱེད་ཀྱི་ཁེ་ལས7ལྷག་གི་ཐོན་སྐྱེད་ཐེངས31གི་ཚོང་ཟོག་རྡོ་སོལ་ལ་ལྐོག་འཐེན་ཞིབ་བཤེར་བྱས་པ་དང་།ཚད་གཞི་ལོན་ཚད100%ཡིན་པ་རེད།   ཁུལ་རིམ་པའི་ཅཱ་ལུད་ཐོན་སྐྱེད་ཁེ་ལས24ལྷག་གི་ཐོན་སྐྱེད་ཐེངས28ཀྱི་ཅཱ་ལུད་ཐོན་རྫས་ལ་ལྐོག་འཐེན་ཞིབ་བཤེར་བྱས་པ་དང་།ཚད་གཞི་ལོན་ཚད100%ཡིན་པ་རེད།  རླངས་སྣུམ་དང་།ཁྲའེ་སྣུམ་ཐོན་སྐྱེད་ཐེངས20ལྷག་ལ་ལྐོག་འཐེན་ཞིབ་བཤེར་བྱས་ལ། ཚད་གཞི་ལོན་ཚད100%ཡིན་པ་རེད། ཨར་ལས་རྒྱུ་ཆའི་ཐོན་སྐྱེད་ཁེ་ལས7དང་། ཨར་འདམ་ཐོན་སྐྱེད་ཁེ་ལས4ཡི་ཐོན་སྐྱེདབྱས་པའི་ཐེངས5ཡི་ཐོན་རྫས་ལ་ལྐོག་འཐེན་ཞིབ་བཤེར་བྱས་པ་དང་། ཚད་གཞི་ལོན་ཚད100%ཡིན་པ་རེད།  སྦུ་གུའི་རྒྱུ་ཆ་ཐོན་སྐྱེད་ཀྱི་ཁེ་ལས3གྱི་ཐོན་སྐྱེད་ཐེངས15ཡི་ཐོན་རྫས་ལ་ལྐོག་འཐེན་ཞིབ་བཤེར་བྱས་པ་དང་།ཚད་གཞི་ལོན་ཚད100%ཡིན་པ་རེད། ཁེ་ལས8ཀྱི་ཐེངས8ལ་ཐོན་སྐྱེད་བྱས་པའི་རྫས་འགྱུར་ཐོན་རྫས་ལ་ལྐོག་འཐེན་ཞིབ་བཤེར་བྱས་པ་དང་། ཐེངས་གཅིག་གི་ཐོན་རྫས་ཚད་གཞི་དང་མི་མཐུན་པ་ལས། ཚད་ལོན་ཚད87.5%ཡིན་པ་རེད།

ཞིབ་བཤེརམཇུག་འབྲས་ལས་མངོན་པ་ལྟར་ན།མཚོ་ནུབ་ཁུལ་གྱི་བཟོ་ལས་ཐོན་རྫས་སྤྱིའི་ཆ་ནས་ལེགས་ཕྱོགས་སུ་འཕེལ་བ་དང་།རྡོ་སྣུམ་ཐོན་རྫས་དང་།ཅ་ལུད།ཨར་འདམ།ཉེན་ཁའི་རྫས་འགྱུར་དངོས་རྫས།ཚོང་ཟོག་རྡོ་སོལ་བཅས་ཐོན་སྐྱེད་ཁེ་ལས་ཀྱི་ཐོན་རྫས་སྤུས་ཚད་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པ་དང་།ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད་དུ་རྒྱལ་ཁབ་ཀྱི་སྤུས་ཚད་ཀྱི་ཚད་གཞི་ལག་བསྟར་ནན་མོ་བྱེད་ཐུབ་ཡོདསྦུ་གུའི་རྒྱུ་ཆ་ཐོན་སྐྱེད་ཁེ་ལས་ཀྱིས་གཟབ་ནན་སྒོ་ནས་ལས་རིགས་ཀྱི་ཚད་གཞི་ལྟར་ཐོན་སྐྱེད་ལག་བསྟར་བྱས་མེད།
       ཡོང་ཁུངས།ཚྭ་འདམ་ཉིན་རེའི་ཚགས་པར།

གོང་མ།:མཚོ་ནུབ་ཁུལ་གྱི་ངལ་ལས་ཞབས་འདེགས་ལ་གྲུབ་འབྲས་མངོན་གསལ་བླངས།

ཞོལ་མ།:ནུས་ཤུགས་ཡོད་རྒུས་ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235