མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཨ་ལི་པཱ་པཱ་མཚོ་ནུབ་ཏུ་བཅའ་སྡོད་བྱས་ཏེ་ཁུལ་སྲིད་གཞུང་དང་ཨ་ལི་ཡུན་བར་ལ་མཉམ་ལས་ཐད་ཀྱི་གན་རྒྱ་བཞག

ཡོང་ཁུངས།:  སྤེལ་དུས།:2019-01-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

2018ལོའི་ཟླ12པའི་ཚེས28ཉིན།མཚོ་སྔོན་ཁྲའོ་དབྱང་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི་ནས་གནས་ཚུལ་བཟང་བོ་ཞིག་ཁྱབ་བསྒྲགས་བྱས་པ་སྟེ།མཚོ་ནུབ་ཁུལ་དང་ཨ་ལི་ཡུན་རྩིས་རྒྱག་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་ལས་ཐད་ཀྱི་གན་རྒྱ་བཞགརང་ཁུལ་ལ་མཚོན་ནས་བཤད་ན་འདི་ནི་ཐེངས་དང་པོར་ཨ་ལི་པཱ་པཱ་ཚོགས་ཁག་དང་མཉམ་ལས་བྱས་ནས་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ཤིག་ཡིན།རྣམ་གྲངས་དོན་འཁྱོལ་བྱས་པ་དེས་མཚོ་ནུབ་ཀྱི་གཞི་གྲངས་ཆེན་མོ་དང་།ཡུན་རྩིས་རྒྱག།གློག་རྡུལ་ཚོང་དོན་སོགས་གྲངས་འཛིན་ཚན་རྩལ་ཁྱབ་ཁོངས་ལ་སྐུལ་འདེད་བཏང་སྟེ། མགྱོགས་མྱུར་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་ཐུབ།

ཐེངས་འདིའི་གན་རྒྱ་བཞག་པས། ཕྱོགས་གཉིས་པོསཨ་ལི་གཉེར་སྐྱོང་དང་།སྲིད་གཞུང་གིས་སྐུལ་འདེད།ཚོང་རའི་འཁོར་སྐྱོད།མཉམ་ལས་མཉམ་རྒྱལབཅས་ཀྱི་རྩ་དོན་གཞིར་བཟུང་ནས།སོ་སོའི་ཐོན་ཁུངས་དང་ལག་རྩལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།གྲངས་འཛིན་དཔལ་འབྱོར་གྱི་འཆར་འགོད་དང་།སྲིད་དོན་ཏིང་ཏིང་།གློག་རྡུལ་ཚོང་དོན།ཤེས་ལྡན་མི་སྣ་གསོ་སྐྱོང་།བཟོ་ལས་ཡུན།ཤེས་ལྡན་གྲོང་ཁྱེར།ཤེས་ལྡན་ཡུལ་སྐོར་སོགས་རྣམ་གྲངས་ཐད་ཀྱི་མཉམ་ལས་མངོན་འགྱུར་བྱེད་རྒྱུ་རེད།དེའི་སྔོན་དུ་ཨ་ལི་པཱ་པཱ་ཡིས་མཚོ་ནུབ་ཀྱི་གློག་རྡུལ་ཐོན་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་ཤུགས་ཆེན་བྱས་ནས། རང་ཁུལ་གྱི་ཞིང་འབྲོག་ཁེ་ལས4ལ་དྲ་ཐོག་ཏུ་དྲ་སྦྲེལ་ཚོང་ཁང་བཙུགས་པ་དང་། ནུབ་རྒྱུད་ཀྱི་མཛེས་པའི་ཞིང་ལསསོགས་གྲགས་ཅན་གློག་རྡུལ་ཚོང་དོན་ནང་འདྲེན་བྱས་ནས།  ཞིང་འབྲོག་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་བཏང་བ་དང་།  ཁྱོན་བསྡོམས་པས་ཏུའུ་ལན་རྫོང་གི་ནོར་ལུག་ཤ་དང་།ལི་གྲོ།འཕང་འབྲས་སོགས་ཚབ་ཚོང་བྱས་པ་སྒོར་ཁྲི་3700ལ་སླེབས་ཡོད།

ཡོང་ཁུངས།ཚྭ་འདམ་ཉིན་རེའི་ཚགས་པར།

གོང་མ།:རང་ཁུལ་གྱི་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཅིག་བསྡུས་ཀྱི་བཅོས་སྐྱོང་བཟོ་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ཞོལ་མ།:མཚོ་ནུབ་ཁུལ་གྱི་ངལ་ལས་ཞབས་འདེགས་ལ་གྲུབ་འབྲས་མངོན་གསལ་བླངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235