མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱི་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཅིག་བསྡུས་ཀྱི་བཅོས་སྐྱོང་བཟོ་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ཡོང་ཁུངས།:མཚོ་ནུབ་སྲིད་དོན་དྲ་ཚིགས  སྤེལ་དུས།:2019-01-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

རང་ཁུལ་གྱི་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཅིག་བསྡུས་ཀྱི་བཅོས་སྐྱོང་བཟོ་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ལོ་འགའི་རིང་ལ།  རང་ཁུལ་གྱིས་ཀྲུང་དབྱང་སྔོན་རྩིས་མ་དངུལ་བསྡོམས་པས་སྒོར་ ཁྲི10056བཏང་ཞིང། མིའི་བཟོས་ཀྱི་གཟན་ཆས་རྟེན་གཞིའི་འཛུགས་སྐྲུན་དང་རྩྭ་ཐང་གི་ཨ་བྲས་གནོད་པའི་འགོག་སྲུང་། བྱེ་འགོག་ནགས་སྐྲུན།  ས་ནག་ཅན་གྱི་སྤང་ཐང་ཉམས་པར་སླར་གསོའི་བཅོས་སྐྱོང་། ན་ཁུག་སྲུང་སྐྱོང་དང་འཛུགས་སྐྲུན།  གངས་རིའི་ཁོར་ཡུག་སྲུང་སྐྱོང་སོགས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་གཅིག་བསྡུས་ཀྱི་བཅོས་སྐྱོང་གི་ལས་གཞི་སོགས་ལག་བསྟར་བྱས་ཏེ།གཏེར་ལེན་ཁ་དང་ཐེམ་ཆེན།  ཚྭ་འདམ་ཆེ་བ་བཅས་ས་ཁུལ་གསུམ་ནང་དུ་འདུས་ཡོད།

ད་སྔའི་བར་དུ།  2016ལོ་ནས2017ལོའི་ལས་གཞིའི་ལས་ཚར་ཟིན། 2018ལོའི་ལས་གཞིའི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ཏེ། བཟོ་སྐྲུན་ལས་ཚར་ཚད་གཞི70%ལ་སླེབས།

ལས་གཞིའི་འཛུགས་སྐྲུན་ལེགས་འགྲུབ་རྗེས་ནས། བརླན་ས་སྲུང་སྐྱོང་མུའུ་ཁྲི128དང་མིའི་བཟོས་གཟན་ཆས་རྟེན་གཞི།  བྱེ་འགོག་ནགས་སྐྲུན་མུའུ་ཁྲི4.05།  ཕྱུགས་ཁང་དང། རྩྭ་གསོག་ཁང་མུའུ་གྲུ་བཞི་མ་ཁྲི2.76སོགས་ཆགས་ཡོད། རྩྭ་ཐང་གི་ཨ་བྲས་གནོད་པ། ས་ནག་སྤང་ཐང་ཉམས་པའི་རྩྭ་ཐང་། བྱེ་འགྱུར་རྩྭ་ཐང་མུའུ་ཁྲི489སོགས་བཅོས་སྐྱོང་བྱས། ཕན་འབྲས་ལྡན་པའི་སྒོ་ནས་མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་སླར་གསོ་བྱས་ཤིང། ས་ཁོངས་ནང་གི་ས་ཆུ་ཤོར་བར་འགོག་སྲུང་བྱས་ཡོད་པ་དང།  ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་གཏན་འཇགས་ལ་སྲུང་སྐྱོང་བྱས་ནས། ས་ཁོངས་ནང་གི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེན་དང་འཚོ་བའི་ཆ་རྐྱེན་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བའི་ལེགས་བཅོས་བྱས་ཡོད།

གོང་མ།:གཏེར་ལེན་ཁ་གྲོང་ཁྱེར་དང་ནུབ་རྒྱུད་གཏེར་ལས་གཉིས་ཀྱིས་མཚོ་ནག་ལྗོངས་ཁུལ་མཉམ་ལས་གསར་སྤེལ་བྱེད་པའི་གྲོས་མཐུན་ལ་གན་རྒྱ་​བཞག།

ཞོལ་མ།:ཨ་ལི་པཱ་པཱ་མཚོ་ནུབ་ཏུ་བཅའ་སྡོད་བྱས་ཏེ་ཁུལ་སྲིད་གཞུང་དང་ཨ་ལི་ཡུན་བར་ལ་མཉམ་ལས་ཐད་ཀྱི་གན་རྒྱ་བཞག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235