མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལེན་ཁ་གྲོང་ཁྱེར་དང་ནུབ་རྒྱུད་གཏེར་ལས་གཉིས་ཀྱིས་མཚོ་ནག་ལྗོངས་ཁུལ་མཉམ་ལས་གསར་སྤེལ་བྱེད་པའི་གྲོས་མཐུན་ལ་གན་རྒྱ་​བཞག།

ཡོང་ཁུངས།:ཚྭ་འདམ་ཉིན་རེའི་ཚགས་པར།  སྤེལ་དུས།:2019-01-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

གཏེར་ལེན་ཁ་གྲོང་ཁྱེར་དང་ནུབ་རྒྱུད་གཏེར་ལས་གཉིས་ཀྱིས་མཚོ་ནག་ལྗོངས་ཁུལ་མཉམ་ལས་གསར་སྤེལ་བྱེད་པའི་གྲོས་མཐུན་ལ་གན་རྒྱ་བཞག།

ཟླ1པའི་ཚེས6ཉིན། གཏེར་ལེན་ཁ་གྲོང་ཁྱེར་སྲིད་གཞུང་དང་ནུབ་རྒྱུད་གཏེར་ལས་ཚོགས་ཁག་ཀུང་སིས་ཟི་ལིང་ནས་མཚོ་ནག་ལྗོངས་ཁུལ་མཉམ་ལས་གསར་སྤེལ་བྱེད་པའི་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས།ཁུལ་ཨུའི་རྒྱུན་ཨུའམ་གཏེར་ལེན་ཁ་གྲོང་ཁྱེར་སྲིད་ཨུའི་ཧྲུའུ་ཅི་སུང་ལི་མིང་དང་ནུབ་རྒྱུད་གཏེར་ལས་ཚོགས་ཁག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅིའམ་འགོ་འཛིན་ཀྲང་ཡུང་ལི་གཉིས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།

    མཚོ་ནག་ལྗོངས་ཁུལ་མཉམ་ལས་གསར་སྤེལ་བྱེད་པའི་གྲོས་མཐུན་གན་རྒྱ་བཞག་པ་ནི་མཚོ་ནུབ་ས་ཁོངས་ཡོངས་སུ་ཡུལ་སྐོར་འཛུགས་སྐྲུན་ལ་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་མཚོན་ཡོད་པ་དང་།སྔར་ལས་ལྷག་པའི་སྒོ་ནས་གཏེར་ལེན་ཁ་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་དང་འབྲེལ་ཡོད་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱི་ནུས་པ་ལྡན། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་གཏོང་བར་དོན་སྙིང་གལ་ཆེན་ལྡན། གཏེར་ལེན་ཁ་གྲོང་ཁྱེར་ཀྱིས་ཚད་གཞིའི་མཐོན་པོ་དང་རྒྱུ་སྤུས་མཐོན་པོ། ནུས་ཆོད་མཐོན་པོའི་སྒོ་ནས་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད། ལས་གཞིའི་ལས་མགོ་སྔ་མོ་ནས་བརྩམ་པ་དང་སྔ་མོ་ནས་འཁོར་སྐྱོད་བྱེད་པ།སྔ་མོ་ནས་གྲུབ་འབྲས་མཐོང་བར་ཤུགས་ཆེན་པས་སྐུལ་མ་བཏང་ཤིང་། གཉིས་ཁེ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱུང་།

  ལོ་འདི་འགའི་རིང་ལ།གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཞིང་ཆེན་སྲིད་ཨུའིསྔོན་ཐོབ་གཅིག་དང་སྤུས་མཐོ་གཉིསཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཧུར་བརྩོན་སྒོས་དང་ལེན་བྱས་ཞིང་།གཟབ་ནན་སྒོསཏན་ཏན་ཏིག་ཏིག་བཞིའིགལ་ཆེན་བླང་བྱ་ལག་ལེན་དོན་འཁྱོལ་བྱས་པ་དང་། སྲ་བརྟན་གྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ཐོན་གྱི་འདུ་ཤེས་བཞེངས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་ཐབས་ཇུས་བསམ་ཚུལ་ལ་ཁག་ཐེག་བྱས། ནུབ་རྒྱུད་གཏེར་ལས་ཚོགས་ཁག་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་ལ་ལོ་མང་པོའི་ཡུལ་སྐོར་ལྗོངས་ཁུལ་གསར་སྤེལ་བྱེད་པ་དང་ལྗོངས་ཁུལ་འཁོར་སྤྱོད་ཚོང་གཉེར་བྱེད་པའི་དོ་དམ། ཡུལ་སྐོར་འཆར་གཞིའི་ཇུས་འགོད་སོགས་ཀྱི་ཉམས་མྱོང་གང་ལེགས་ལྡན།

གོང་མ།:མཚོ་ནུབ་ཁུལ་གྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལ་གྲུབ་འབྲས་མངོན་གསལ་བླངས།

ཞོལ་མ།:རང་ཁུལ་གྱི་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཅིག་བསྡུས་ཀྱི་བཅོས་སྐྱོང་བཟོ་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235