མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱི་རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་གཅིག་བསྡུས་ཀྱི་དཔེ་སྟོན་རྫོང་གི་ལས་གཞིའི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བ།

ཡོང་ཁུངས།:མཚོ་སྔོན་ཉིན་རེའི་ཚགས་པར།  སྤེལ་དུས།:2019-01-11  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

   ༢༠༡༦ལོར་རང་ཁུལ་གྱི་རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་གཅིག་བསྡུས་ཀྱི་དཔེ་སྟོན་རྫོང་གི་ལས་གཞི་ཞུ་སྤྲོད་བྱས་པ་ནས་བཟུང།དབུས་ལམ་དང་གཏེར་ལམ།  ན་གོར་མོ།གཏེར་ལེན་ཁ་བཅས་སུ་རིམ་བཞིན་ཞུ་སྤྲོད་ཐོབ།ཞུ་སྤྲོད་ས་ཁུལ་གྱིས་ལས་གཞིའི་མ་དངུལ་ཁྲི༡༥༠༠བརྩོན་ལེན་བྱས་ཞིང་།  ཁྱོན་ཡོངས་ནས་གློག་རྡུལ་ཚོང་དོན་དེ་རྫོང་དང་ཡུལ་ཚོ།སྡེ་བ་ཡོངས་སུ་ཁེབས་ཤིང་བཟོ་སྐྲུན་ལག་བསྟར་བྱས།

༢༠༡༦ལོར། དབུས་ལམ་ནི་རང་ཁུལ་གྱི་ཐོག་མའི་རྒྱལ་ཡོངས་ཐེངས་གཉིས་པའི་རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་གསར་སྐྲུན་དཔེ་སྟོན་རྫོང་ནང་དུ་ཚུད་ཅིང་།རྐྱེན་སྲོལ་འཛུགས་སྐྲུན་དང་སྟེགས་བུ་བསྐྲུན་པ།  སྒྲིག་ཆས་འཐུས་ཚང་།  མི་འཇོན་གསོ་སྐྱོང་། གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་བྱ་བའི་གྲུབ་འབྲས་མངོན་གསལ་བླངས་ཡོད།མིག་སྔར་རྫོང་ཡོངས་སུ་རྫོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས༡དང་གྲོང་རྡལ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས༣།ཞིང་སྡེ་རིམ་པའི་གློག་རྡུལ་ཚོང་དོན་གཅིག་བསྡུས་ཀྱི་ཞབས་ཞུའི་གནས༢༣། རབ་མཛེས་མཚོ་སྔོནམྱོང་ཚོར་ཁང་།  ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་མགོ་ཁུངས་མ་ལགདབུས་ལམ་རྫོང་གློག་རྡུལ་ཚོང་དོན་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་སོགས་འཛུགས་སྐྲུན་བྱས་ཤིང་།  ན་ནང་གི་ཟླ༡༢བར།  རྫོང་ཡོངས་སུ་དྲ་ཐོག་དུ་ཉོ་ཚོང་མ་དངུལ་བསྡོམས་པའི་སྒོར་ཁྲི༧༨༡.༦མངོན་འགྱུར་བྱུང་།དེ་ནང་དུ་གློག་ཚོང་ཁེ་ལས་ཀྱི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་མ་དངུལ་སྒོར་ཁྲི༦༧༠.༣ལ་སླེབས།ཞིང་སྡེ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་གནས་ཉོ་ཚོང་མ་དངུལ་སྒོར་ཁྲི༡༡༡.༣ལ་སླེབས།

  གཏེར་ལམ་རྫོང་གི་མིག་སྔར་ཡུལ་ཚོ་དང་གྲོང་རྡལ།ཞིང་སྡེའི་ཞབས་ཞུའི་ས་ཚིགས༤༧ཁག་ཐེག་བྱས་ཡོད།ཡོངས་སུ་འཁེལ་པའི་ཚད༤༣.%ཟིན། སྐོར་ཐེངས་དང་པོའི་ཚད་རིམ་གསུམ་པའི་ཞབས་ཞུའི་ས་ཚིགས༡༥འཛུགས་སྐྲུན་བྱས།སྒྲིག་ཆས་ཉོ་སྒྲུབ་དོན་འཁྱོལ་བྱས། ཕྱོགས་གསུམ་ཀྱི་གྲོས་མཐུན་དང་སྒོ་བྱང་བཀལ་བའི་བྱ་བ་འགྲུབ།སྒྲིག་ཆས་སྒྲིག་འཇུག་བྱེད་བཞིན་པའི་སྒང་ཡིན།མྱུར་སྐྱེལ་ཀུང་སི་བརྒྱད་ལ་གྲོང་རྡལ་དང་ཞིང་སྡེའི་དངོས་ཟོག་སྐྱེལ་བའི་གཞུང་ལམ་དང་གཞུང་ལམ་ཡན་ལག་གི་མཉམ་འབྲེལ་བྱ་བར་གྲོས་མཐུན་བྱུང་།

༢༠༡༨ལོར་ན་གོར་མོ་དང་གཏེར་ལེན་ཁ་གཉིས་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་གཅིག་བསྡུས་ཀྱི་དཔེ་སྟོན་རྫོང་ལ་ཆོག་མཆན་ཐོབ་ཅིང་ལས་གཞི་གོ་རིམ་ཡོད་པའི་ངང་སྤེལ་བཞིན་ཡོད་ལ།ལས་གཞི༢༠༡༩ལོར་སྤེལ་འགོ་རྩོམ་རྒྱུ་ཡིན།  རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་གཅིག་བསྡུས་དཔེ་སྟོན་རྫོང་གི་ལས་གཞི་དེས་ཞིང་སྡེ་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་མགྱོགས་མྱུར་དུ་གཏོང་བ་དང་།ཞིང་བར་རོགས་རེས་བྱས་ནས་ཚོང་རར་རྒྱ་བསྐྱེད་དུ་འཇུག་པ།ཞིང་སྡེའི་ཡོང་སྒོར་ཁ་གསབ་བྱེད་པ་དང་ཞིང་སྡེའི་འཛད་སྤྱོད་རྒྱ་བསྐྱེད་དུ་གཏོང་བའི་སླད་དང་།ཞིང་སྡེའི་དྲ་རྒྱའི་འཛད་སྤྱོད་ཚོང་ར་གསོ་སྤེལ་ལ་ཕན་ཞིང་།ཞིང་ལས་ཐོན་རྫས་ཕྱི་འཚོང་གི་སྣ་མང་དང་གཞི་ཁྱོན་ལ་སྐུལ་འདེད་གཏོང་ཐུབ་པ་དང་།ཞིང་བའི་ཡོང་སྒོར་ཁ་གསབ་རྒྱག་ཐུབ་པར་མ་ཟད།ཞིང་ལས་ཐོན་རྫས་ཚོང་རྫས་ཅན།ཚད་གཞི་ཅན།མིང་རྟགས་ཅན་དུ་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་ཅན་དང་དེང་རབས་ཅན།ཚོང་ར་ཅན་དུ་སྒྱུར་བའི་གོམ་སྟངས་ཇེ་མགྱོགས་སུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད།

གོང་མ།:ཐེམ་ཆེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་བཟོ་སྐྲུན་གཙིགས་སུ་བཟུང་ནས་རྩྭ་ཐང་སྔར་ལས་མཛེས་ཤིང་སྡུག་པར་བཏང་།

ཞོལ་མ།:མཚོ་ནུབ་ཁུལ་གྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལ་གྲུབ་འབྲས་མངོན་གསལ་བླངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235