མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཐེམ་ཆེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་བཟོ་སྐྲུན་གཙིགས་སུ་བཟུང་ནས་རྩྭ་ཐང་སྔར་ལས་མཛེས་ཤིང་སྡུག་པར་བཏང་།

ཡོང་ཁུངས།:ཚྭ་འདམ་ཉིན་རེའི་ཚགས་པར།  སྤེལ་དུས།:2019-01-11  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

   ཉེ་ཆར། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཕྱུགས་ལས་ཆུ་བེད་ཅུས་ནས་རྒྱུས་ལོན་པ་ལྟར་ན།  རང་བྱུང་གི་རྩྭ་སའི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆེད་དུ།  ཕྱུགས་ལས་གོ་རིམ་ཡོད་པའི་སྒོ་ནས་འཕེལ་རྒྱས་མངོན་འགྱུར་འབྱུང་བ།ད་ལོར་ཐེམ་ཆེན་རྫོང་གིས་ཕྱུགས་དོར་རྩྭ་གསོའི་བཟོ་སྐྲུན་དང་། མཚོ་སྔོན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཅིག་བསྡུས་ཀྱི་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བཟོ་སྐྲུན་གཙོ་བོར་ལག་བསྟར་བྱེད་པ་དམ་པོར་བཟུང་ཞིང།རྫོང་ཡོངས་ཀྱི་མཐོ་སྒང་གི་ཨ་བྲར་འགོག་སྲུང་དང་སྤང་ཐང་ཉམས་ཞན་དུ་འགྱུར་བར་བཅོས་སྐྱོང་།  རྩྭ་གཟན་ལ་བརྟེན་པའི་ཕྱུགས་ལས་འཕེལ་རྒྱས་བྱ་བར་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད།
   ཐེམ་ཆེན་རྫོང་ནི་མཚོ་ནུབ་ཁུལ་གྱི་ཆེས་ཆེ་བའི་ཕྱུགས་ལས་འཕེལ་རྒྱས་ས་ཁུལ་དེ་ཡིན་ཞིང་།ཐོན་སྐྱེད་སྒྲིག་གཞི་ནི་ཕྱུགས་ལས་གཙོ་བོ་ཡིན།དུས་ཡུན་རིང་པོའི་ནང།གནམ་གཤིས་དང་མིའི་རྒྱུ་རྐྱེན་སོགས་ཀྱི་ཤུགས་རྐྱེན་གྱིས་རྩྭ་ཐང་ཉམས་ཞན་དུ་འགྲོ་བ་དང་རྩྭ་རའི་གཞི་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་ཡོད།རྩྭ་ཐང་ལ་ཨ་བྲས་གནོད་པ་ཡང་ཡང་བཏང་བ་ནི་ས་གནས་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་བཀག་འགོག་རྒྱུ་རྐྱེན་གཙོ་བོ་ཡིན།དེ་རྐྱེན་གྱིས་སྐྱེ་ཁམས་སྲུང་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ཤིང་རྩྭ་ཐང་སླར་གསོ་དང་ཨ་བྲ་མེད་པར་གཏོང་བ་ནི་ཐེམ་ཆེན་རྫོང་རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་གཙོ་གནད་དེ་ཡིན།

༢༠༡༨ལོར། རྫོང་འདི་གའི་མཚོ་སྔོན་མདོ་ལ་རི་བོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཅིག་བསྡུས་ཀྱི་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱེད་པའི་དུས་སྐབས་དེ་བེད་སྤྱད་ནས།  མ་དངུལ་སྒོར་ཁྲི༦༥༠ལག་བསྟར་བྱས་ཏེ་རྩྭ་ཐང་ལ་གནོད་པ་མཆིས་པའི་སྲོག་ཆགས་དེ་ལ་སྔོན་འགོག་གི་ལས་གཞི་ལག་བསྟར་བྱས་ཤིང་།  ཨ་བྲས་གནོད་པ་ཚབས་ཆེ་བའི་སུ་རུ་ཡུལ་ཚོའི་རྩྭ་ཐང་ལ་ཨ་བྲས་གནོད་པའི་སྔོན་འགོག་བྱ་འགུལ་སྤེལ་ཏེ།མཐོ་སྒང་དུ་ཨ་བྲ་མེད་པར་བཏང་བའི་གཞི་ཁྱོན་སྤྱི་ཆིང་ཁྲི༨.༧ཡིན་ཞིང་།ལས་སྒྲུབ་གཞི་ཁྱོན་སྤྱི་ཆིང་ཁྲི༡༣ལ་སླེབས་ཟིན།མ་དངུལ་སྒོར་ཁྲི༤༥༠བཏང་། ཡར་ཁོག་ཡུལ་ཚོའི་ཉམས་ཞན་འགྲོ་བའི་རྩྭ་སའི་བཅོས་སྐྱོང་ཚད་སྤྱི་ཆིང༡༠༠༠སླེབས་ཟིན།རྩྭ་གཟན་ལ་བརྟེན་པའི་ཕྱུགས་ལས་འཕེལ་རྒྱས་ལས་གཞིའི་ལག་བསྟར་བྱས་ཏེ། ཕྱུགས་ཟོག་གི་དྲོད་ཁང༨༠གསར་འཛུགས་བྱས་ཡོད་པར་མ་ཟད།ས་ནག་བཅོས་སྐྱོང་དང་མིའི་བཟོས་གཟན་ཆས་རྨོ་འདེབས་སོགས་སྐྱེ་ཁམས་སྲུང་སྐྱོང་གྱི་རྣམ་པ་བརྒྱུད་དེ།  ཕྱུགས་རྩྭར་གནོད་སྐྱོན་ཐེབས་པ་ཉུང་བ་དང།ས་ཆུ་ཤོར་བའི་གནོད་སྐྱོན་འགོག་པ།རིམ་བཞིན་རྩྭ་ཐང་གི་སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་བོ་རུ་འགྲོ་གྲབས་ཡོད་ཅིང།རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་ཡུན་རིང་བའི་རྐྱེན་སྲོལ་ཆགས་ཡོད།

ད་སྔའི་བར་དུ། ཐེམ་ཆེན་རྫོང་གིས་ཕྱུར་སྐྱུར་རྩྭ་ས་སྤྱི་ཆིང་ཁྲི༣.༣ལ་ར་བ་བསྐོར་བ་དང་།དབྱེ་བགོས་རྩྭ་ས་སྤྱི་ཆིང་ཁྲི༡.༣ལ་ལྕགས་ར་བསྐོར་ཡོད།མེ་རི་གཏེར་ཁུལ་དུ་ལྕགས་ར་ མུའུ་ཁྲི༩.༣ལ་ལྕགས་ར་བསྐོར་བ་དང་།ཞན་འགྱུར་གྱི་རྩྭ་ཐང་སྤྱི་ཆིང༣༠༠༠ལྷག་ལ་ལེགས་བཅོས་བྱས།ས་ནག་སྤྱི་ཆིང༡༣༠༠ལ་བཅོས་སྐྱོང་བྱས། དུག་ལྡན་ལྡུམ་བུ་སྤྱི་ཆིང༦༦༦ལ་བཅོས་སྐྱོང་བྱས།ཁྱིམ་ཚང༢༠༠ལ་ཕྱུགས་གསོ་ཁང་འཛུགས་སྐྲུན་བྱས་ཡོད།ཁྱོན་བསྡོམས་མ་དངུལ་སྒོར་ཁྲི༣༠༢༠བཏང་བ་ཡིན།

གོང་མ།:མཚོ་ནུབ་ཁུལ་གྱིས་ཐུན་མོང་དཔལ་འབྱོར་མེད་པའི་དབུལ་སྟོང་སྡེ་བ་མེད་པར་བཟོས།

ཞོལ་མ།:རང་ཁུལ་གྱི་རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་གཅིག་བསྡུས་ཀྱི་དཔེ་སྟོན་རྫོང་གི་ལས་གཞིའི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235