མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་སྔོན་སྣུམ་གཏེར་གྱིས་ཏང་སྐྱོང་དང་བདེ་འཇགས་ཁོར་སྲུང་ལ་རྣམ་པ་གསར་བ་ཞིག་བསྐྲུན།

ཡོང་ཁུངས།:  སྤེལ་དུས།:2019-01-18  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

༢༠༡༨ལོར། མཚོ་སྔོན་སྣུམ་གཏེར་གྱི་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ཏང་སྐྱོང་བ་དང་བདེ་འཇགས་ཁོར་སྲུང་དོ་དམ་གཉིས་གཏིང་ཟབ་སྒོས་སྤེལ་ནས།ཏང་སྐྱོང་བ་དང་བདེ་འཇགས་ཁོར་སྲུང་ལ་རྣམ་པ་གསར་བ་ཞིག་བསྐྲུན་པ་དང་།ཏང་སྲིད་གཉིས་ཀྱིས་མཉམ་དུ་དོ་དམ་འཛིན་པ་མངོན་འགྱུར་བྱས་ཏེ།བདེ་འཇགས་ཁོར་སྲུང་ལ་ཕན་འབྲས་གསར་བ་མངོན།

༢༠༡༨ལོར།  མཚོ་སྔོན་སྣུམ་གཏེར་གྱིས༥༩༥༨སྤུས་ཚད་བདེ་འཇགས་ཁོར་སྲུང་དང་གྲོན་ཆུང་བྱ་བའི་འཆར་གཞི་ལྟར།  ཏང་སྐྱོང་བའི་བྱ་བ་དང་ཕན་ནུས་ལྡན་པའི་ཟུང་འབྲེལ་བྱས་ནས།ཏན་ཏན་ཏིག་ཏིག་གིས་རིགས་སོ་སོའི་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བས། བདེ་འཇགས་ཁོར་སྲུང་བྱ་བའི་རྒྱུན་མཐུད་བརྟན་འཕེལ་མངོན་འགྱུར་བྱུང་། འབར་རྫས་ལ་སྔོན་འགོག་བྱེད་པ་ནི་ཡུལ་དངོས་བདེ་འཇགས་དོ་དམ་ལ་གྲོས་གཞི་འདོན་པའི་བྱེད་ཐབས་ཤིག་ཡིན།ཐོན་སྐྱེད་བདེ་འཇགས་བདག་གཉེར་བྱེད་པའི་ཡུལ་དངོས་དང་པོའི་ལས་རྐང་དུ་ཞུགས་པའི་ལས་བཟོ་བ་ཞིག་ཡིན་པའི་ཆ་ནས། བདེ་འཇགས་ཐོན་སྐྱེད་བྱ་བའི་བྱེ་བྲག་ནང་ཞུགས་པ་ཞིག་ཡིན་ན།  མངོན་མེད་རྐྱེན་ངན་ལེགས་སྒྲིག་བྱེད་པའི་མི་སྣ་གཙོ་ཤུགས་ཅན་ཞིག་ངེས་པར་དུ་བྱེད་དགོས།  སྣུམ་གཏེར་གྱི་ལས་ཁུངས་སོ་སོས་སེམས་ཞིབ་མོས་བདེ་འཇགས་ལྟ་སྐུལ་མི་སྣ༡༠༠༠བདམས་ནས།  ཁོ་ཚོས་རང་འགུལ་སྒོས་ལས་འགན་ལག་ལེན་དང་།འགན་གཙོ་བོ་འཁུར་བ། གཞི་རིམ་གྱི་ལས་བཟོ་བའི་དོ་ཁུར་བྱེད་པའི་བདེ་འཇགས་དང་།  བདེ་འཇགས་ཐོན་སྐྱེད་ནང་ཧུར་བརྩོན་སྒོས་ཞུགས་པར་སྐུལ་ཁྲིད་དང་ཤུགས་རྐྱེན་ཐེབས་སུ་བཅུག

སྣུམ་འདོན་བཟོ་གྲྭ་གསུམ་པ་ཧྭ་ཐུའུ་འགག་མཉམ་འབྲེལ་ས་ཚུགས་ཀྱི་བདེ་འཇགས་ལྟ་སྐུལ་པ་ཧུའོ་བུའོ་ཀྲིག་གིས་བཤད་རྒྱུར། བྱ་བའི་ཁྲོད་སྒྲིག་ཆས་ལ་ཞིབ་ལྟ་བྱེད་པའི་ནུས་ཤུགས་ཆེ་རུ་བཏང་སྟེ། ཞིབ་ཕྲའི་གནད་དོན་ཆེ་མ་གསུམ་ཚང་མ་གཅིག་ཀྱང་མ་ལུས་པར། སྒྲིག་ཆས་ཀྱི་བདེ་འཇགས་དང་རྒྱུན་ལྡན་གྱི་འཁོར་རྒྱུག་གི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས།  གནད་དོན་འབྱུང་མང་སར་དུས་ཚོད་ལྟར་ལྟ་ཞིབ་བྱེད་དགོས་ཤིང་།གཟའ་འཁོར་རེར་ས་ཚུགས་ཀྱི་མི་སྣས་སྒྲིག་ཆས་ལ་ཞིབ་བཤེར་དང་བཟོ་བར་བདེ་འཇགས་ཕྱོགས་ལ་གསོ་སྦྱོང་བྱས་པ་ཡིན་ལ། ཕན་ནུས་ལྡན་པའི་སྒོ་ནས་ལས་བཟོ་བ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འདུ་ཤེས་ཇེ་མཐོར་བཏང་བ་མ་ཟད། ད་དུང་ས་ཚུགས་ནང་གི་བདེ་འཇགས་ནུས་རྩལ་ཡང་ཇེ་མཐོར་བཏང་ཟེར།

གཟབ་ནན་སྒོས་འགན་ནུས་ལག་བསྟར་བྱེད་པ་དང་།གཟབ་ནན་སྒོས་ཞིབ་བཤེར་བྱེད་པ།  ཏང་སྐྱོང་བའི་བྱ་བ་སྣེ་ཁྲིད་དུ་བཞག་ནས།  བཟོ་ཚོགས་དང་གུང་གཞོན་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་འཛིན་དང་མཉམ་དུ་དོ་དམ་བྱེད་པའི་རྣམ་པ་གསར་བ་ཞིག་གསར་སྐྲུན་བྱས།བདེ་འཇགས་དོ་དམ་བྱ་བ་ནི་བཀོད་སྒྲིག་དང་དངོས་འབེབ་གཉིས་ལས།  དངོས་འབེབས་གཙོ་འཛིན་དགོས་པས།ངེས་པ་དོན་གྱིས་ཉེན་ཁ་སྔོན་འགོག་དང་འཕྲལ་བསྟུན་དོ་དམ་དངོས་འབེབ་ལེགས་པོ་བྱས་ཏེ། བདེ་འཇགས་ཁོར་སྲུང་གི་མངོན་མེད་རྐྱེན་ངན་ལེགས་སྒྲིག་བྱེད་དགོས།  

མཚོ་སྔོན་སྣུམ་གཏེར་སྤུས་ཚད་བདེ་འཇགས་ཁོར་སྲུང་ཁྲུའུ་ཡི་མགོ་གཙོ་ཀྲུན་ཧྲིན་གྱིས་བཤད་རྒྱུར།  སྣུམ་གཏེར་སྤྱིའི་ཀུང་ཟིས་འཕེལ་རྒྱས་ཀྱི་རིག་ལམ་དང༥༩༥༨གྱི་བདེ་འཇགས་ཁོར་སྲུང་ཐབས་ཇུས་ཀྱི་བཀོད་སྒྲིག་ལྟར།མ་ལག་འཛུགས་སྐྲུན་བྱེད་པ་གཙོར་བཟུང་ནས། བདེ་འཇགས་ཁོར་སྲུང་གི་རྨང་གཞི་སྲ་བརྟན་དང་།གོ་རིམ་ལ་ཞིབ་བཤེར་བྱེད་པ་ནན་འཛིན་བྱས་ཏེ།བདེ་འཇགས་ཁོར་སྲུང་གི་འགན་འཁྲི་དངོས་འབེབ་བྱེད་པ།སྔོན་འགོག་སྣ་མང་ཅན་གྱི་རྐྱེན་སྲོལ་གནད་སར་བཞག་ནས། ཉེན་ཁ་སྔོན་འགོག་གི་ནུས་པ་ཇེ་མཐོར་གཏོང་དགོས་ཤིང་།མགོ་ཁུངས་ཀྱི་འབག་བཙོག་ཚོད་འཛིན་བྱེད་པ་མགོ་འཛིན་ས་བྱས་ཏེ།  དྭངས་གཙང་གི་ཐོན་སྐྱེད་སྐུལ་འདེད་དང་།རིགས་སོ་སོའི་བདེ་འཇགས་བདག་གཉེར་བྱ་བར་ཁྲིམས་ལུགས་དང་མཐུན་ཞིང་ཚད་ལྡན་ཡིན་པ་ཁག་ཐེག་བྱེད་དགོས་ཟེར།

གོང་མ།:རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་གྲོས་ཚོགས་ཀྱི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་སྐབས་སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གྱིས་བསྟན།

ཞོལ་མ།:ལས་གཞི་དམ་འཛིན་དང་དངུལ་གཏོང་ལ་སྐུལ་འདེད་བྱས་ཏེ་གནད་སའི་ལས་གཞི་བརྟན་བརླིང་ངང་ཡར་སྐུལ་ལ་ཁག་ཐེག་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235