མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་གྲོས་ཚོགས་ཀྱི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་སྐབས་སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2019-01-29  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱི་ཚན་ཆུང་གྲོས་སྡུར་ལ་ཞུགས་སྐབས་ནན་གྱིས་བསྟན་དོན།ཧྲུའུ་ཅི་ཝང་ཅན་ཅུན་གྱིས་སྲིད་གྲོས་གྲོས་ཚོགས་ཀྱི་ཚན་ཆུང་མཉམ་འབྲེལ་གྲོས་སྡུར་ལ་ཞུགས་སྐབས་བཤད་པའི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་།སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཏོན་པའི་དམིགས་འབེན་ལས་འགན་དང་བྱ་བ་གཙོ་བོར་དམིགས་ནས།འགན་ནུས་བཟང་བོར་བསྒྲུབ་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་།སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཚང་མའི་གཏམ་བཤད་ལ་ཉན་རྗེས།རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྙན་ཞུས2018ལོའི་སྲིད་གཞུང་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང་།དེ་མཚོ་སྔོན་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་མཐུན་ལ། མངོན་གསལ་གྱི་ཁྱད་ཆོས་གསུམ་ལྡན་ཏེ།གཅིག་ནི་རྙོག་འཛིང་ཡིན་ཞིང་འགྱུར་ལྡོག་ཆེ་བའི་ཁོར་ཡུག་དང་ལས་འགན་ལྕི་མོར་ཁ་གཏད་དེ།གནས་བབ་ལ་ཞིབ་འཇུག་དང་སྤྱི་ཡོངས་ལ་འཆར་འགོད་བྱེད་པ།འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་བྱས་ནས།ཆབ་སྲིད་ཀྱི་ཚོར་སྣང་རྣོན་པོ་དང་བསམ་བློའི་མཐོ་ཚད་མངོན་པར་བྱས་ཡོད།གཉིས་ནི་དཀའ་ཁག་དང་འགྲན་རྩོད་ལ་ཁ་གཏད་དེ།ཁེ་ཕན་བརྩོན་ལེན་དང་གནོད་འཚེར་གཡོལ་བ་དང་། ཁ་གཏད་བཟང་བོ་འཇལ་ནས།རྙོང་འཛིང་གི་རྣམ་པར་ཁ་ལོ་བསྒྱུར་བའི་འགོ་ཁྲིད་ཀྱི་ནུས་པ་མངོན་པར་བྱས།གསུམ་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱེད་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོར་ཁ་གཏད་དེ།མི་དམངས་ཀྱི་ཁེ་ཕན་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་།དམངས་ཚིས་ཀྱི་བདེ་སྐྱིད་འཕར་སྣོན་བྱས་ཏེ།འགན་འཁྲི་འདུ་ཤེས་དང་ཁག་ཁུར་ཕོད་པའི་སྙིང་སྟོབས་མངོན་པར་བྱས་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར།སྲིད་གཞུང་བྱ་བའི་སྙན་ཞུ་ཡིས2019ལོའི་བྱ་བའི་ཐད་ཀྱི་འཆར་འགོད་དང་བཀོད་སྒྲིག་དེ་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་བཀོད་སྒྲིག་དང་ཡོངས་སུ་མཐུན་ལ།གཏན་ཁེལ་བྱས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ཐད་ནས་རྒྱུ་རྐྱེན་སྣ་ཚོགས་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བཏང་ཡོད་པ་དང་།དམིགས་ཚད་ཐད་ནས་འགན་སྲུང་ཡོད་པ་དང་གཏན་འཇགས་ཡིན་པ། མཐོར་འདེགས་བཏང་ཡོད་ལ།མིག་སྔར་དང་ཡུན་རིང་། དགོས་མཁོ་དང་སྦས་ཤུགས་ལ་སྤྱི་ཡོངས་ནས་ལྟ་རྟོག་བྱས་ཡོད་པས།མཚོ་སྔོན་ཞིང་ཆེན་གྱི་ད་ལྟའི་གནས་ཚུལ་དངོས་དང་མཐུན་ལ། སྐྱེ་ཁམས་སྲུང་སྐྱོབ་དང་གྲུབ་ཚུལ་ལེགས་སྒྲིགདམངས་ཚིས་འཛུགས་སྐྲུན་བྱེད་ཆེད་བར་སྟོང་འདོན་སྤྲོད་བྱས།ད་དུང་བྱ་བའི་གཙོ་གནད་དགུ་བཏོན་པ་དང་།མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གཙོ་གནད་དང་དཀའ་གནད།གནད་འགག་གི་གནད་དོན་ལ་ཕྱིར་ལན་བཏབ་ལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགལ་ཟླ་གཙོ་བོ་རྙེད་པ་དང་།ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཡོད་པས།ང་རང་ཧ་ཅང་འཐད་པ་ཡིན་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་སྙན་ཞུའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཨུ་ཡོན་གྱི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་ལོ་གསར་བའི་ནང་གི་སྲིད་གྲོས་བྱ་བའི་ཤུགས་འདོན་ས་གལ་ཆེན་དུ་བརྩི་བ་དང་།དམིགས་འབེན་ལས་འགན་དང་བྱ་བ་གཙོ་བོར་དམིགས་ནས། གྲོས་མོལ་སྲིད་གླེང་གཏིང་ཟབ་ཏུ་སྤེལ་བ་དང་།ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ། སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ།བྱ་བའི་བསམ་ཕྱོགས་རྒྱུན་མ་ཆད་པར་གསར་གཏོད་བྱེད་པ།ཁག་ཁུར་སྙིང་སྟོབས་ཆེར་བསྐྱེད་དེ།དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར། །

གོང་མ།:རང་ཁུལ་གྱིས“དཔྱིར་གསར་དུས་ཆེན་ལ་དྲོད་ཁོལ་སྐྱེལ་ཞིང་། ཐུགས་འཁུར་བྱེད་པ་འགུལ་སྤྱོད་ལ་རག་ལས”ཞེས་པའི་བྱ་འགུལ་སྤེལ།

ཞོལ་མ།:མཚོ་སྔོན་སྣུམ་གཏེར་གྱིས་ཏང་སྐྱོང་དང་བདེ་འཇགས་ཁོར་སྲུང་ལ་རྣམ་པ་གསར་བ་ཞིག་བསྐྲུན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235