མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་ཚོགས།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2019-02-05  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར།ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་ཚོགས།ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་མ་ཟད།2018ལོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་བྱ་བར་སྤྱི་སྡོམ་བྱས་པ་དང་།2019ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧའེ།ཡུས་ཚོང་ལི། མཱ་ཅི་ཞའོ། ཆུའུ་ཞིན་ཡུང་། དབྱིན་པད་བཅས་གྲོས་ཚོགས་ལ་ཞུགས།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཁ་བྱང་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

ཝང་ཅན་ཅུན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས།དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་འཐབ་ཇུས་རང་བཞིན་གྱི་དབྱེ་འབྱེད་བྱས་པ་དང་།འཐབ་ཇུས་རང་བཞིན་གྱི་བླང་བྱ་བཏོན་ནས།དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་།དེ་ནི་དུས་རབས་གསར་བའི་ནང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་རྩ་གནད་རང་བཞིན་གྱི་དཔྱད་གཞིའི་ཡིག་རིགས་ཡིན།བློ་མཐུན་ཀྲའོ་ལི་ཅི་ཡིས་ཕུལ་བའི་བྱ་བའི་སྙན་ཞུ་ནི།ད་ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་མཛུབ་ཁྲིད་གལ་ཆེན་ཡིན།ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་དང་།བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་རིང་ཏང་གི་རང་ཉིད་གསར་བརྗེ་བྱེད་པའི་ཐད་ནས་གྲུབ་པའི་ཉམས་མྱོང་རྩ་ཆེན།དུས་རབས་གསར་བའི་ནང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཏང་གི་རྙོག་འཛིང་གནས་བབ།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན།ཡུན་རིང་བོར་སྲིད་འཛིན་པའི་ཆ་རྐྱེན་འོག་ཏང་གིས་རང་ཉིད་ལ་ལྟ་སྐུལ་བྱེད་པ་མངོན་འགྱུར་བྱེད་པའི་ནུས་ལྡན་བྱེད་ཐབས།ཏང་ཀྲུང་དབྱང་གིས་འགོ་ཁྲིད་ལས་བྱེད་པའི་ཐད་བཏོན་པའི་རེ་བ་གལ་ཆེན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས།སློབ་སྦྱོང་ནན་མོ་བྱེད་པ་དང་ཁྱོན་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་།མིག་སྔར་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནས་བབ་གསར་བའི་འོག་གི་ལུགས་མཐུན་མིན་པའི་སྣང་ཚུལ་དང་གནད་དོན་བསྟན་རྗེས་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་།འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ།བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ།ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས་སྙན་ཞུའི་ནང་ནན་གྱིས་བསྟན་དོན།དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་དམིགས་འབེན་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་།ངེས་པར་དུ་ལྔ་རྒྱུན་འཁྱོངས་བྱེད་པ།གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་དོན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ།ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་གོམ་སྟབས་བརྟན་པོ།སྤྱི་ཁོག་ནས་བརྟན་བརླིང་ངང་སྤེལ་ནས། འདུ་ཤེས་གསར་གཏོད་དང་ལམ་བུ་གསར་གཏོད།བྱེད་ཐབས་གསར་གཏོད། སྐུལ་སློང་གསར་གཏོད་སྟེང་ཡར་ཐོན་མངོན་འགྱུར་བྱེད་པ་དང་།དཀའ་གནད་ཐག་གཅོད་པ་དང་གནད་ཕིགས་ལྟ་སྐུལ་བྱེད་པ། བརྟག་བཤེར་ཞིབ་འཇུག་བྱེད་པ།ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་བསྒྱུར་བ།བདེན་འཛིན་དངོས་གཉེར་བཅས་ཀྱི་སྟེང་མཐོར་འདེགས་གཏོང་དགོས།ལས་འགན་གཙོ་བོ་བརྒྱད་དང་བྱ་བ་གཙོ་བོ་ཉེར་གཅིག་ལ་དམ་འཛིན་བྱེད་པ་དང་།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁྲི་གཏན་ཁེལ་ལ་རྒྱུས་ལོན་ཡང་དག་བྱས་ཏེ།རྒྱུན་མཐུད་ངང་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས།ནུས་ལྡན་གྱི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་དགོས། གཅིག་བསྡུས་བཅོས་སྐྱོང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།གཞོགས་འདེགས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཏང་ཨུས་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པར་སྐུལ་འདེད་གཏོང་དགོས།སྤུས་ཚད་མཐོ་བའི་སྒོ་ནས་སྐོར་ཞིབ་བྱ་བ་ཡོངས་སུ་ཁེབས་པར་བྱས་ནས།གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་རྒྱ་གྲུབ་པར་བྱེད་དགོས།ལྟ་སྐུལ་གྱི་འགན་འཁྲི་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ།ལྟ་སྐུལ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ནས།རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཀྱི་རྒྱལ་ཁ་སྲ་བརྟན་དུ་གཏོང་དགོས།རང་རྟོགས་སྒོས་བློ་དཀར་དྭངས་གཙང་གི་འགན་འཁྲི་ལག་བསྟར་བྱས་ཏེ།ཆབ་སྲིད་བཟང་བ་དང་ནུས་པ་ལྡན་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ཏུ།ས་ཁུལ་དང་སྡེ་ཁག་ལྔ་ཡི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་འགན་འཁྲི་དང་སྒྲིག་ཁྲིམས།སྲིད་གཙང་བྱ་བའི་ཐད་ནས་སྙན་ཞུ་ཕུལ་བ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་འཁྲི་ལམ་ལུགས་དཔྱད་ཞིབ་ཚན་ཆུང་གི་ཚན་གཙོ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལོ་ཧྲིལ་བོའི་དམིགས་འབེན་གྲུབ་འབྲས་དཔྱད་ཞིབ་ཚན་ཆུང་གི་ཚན་གཙོ་གཉིས་ཀྱིས་ཡུལ་དངོས་ནས་དཔྱད་འཇོག་བྱས།ཚོགས་ཞུགས་བློ་མཐུན་ཚོས་རེ་རེ་བཞིན་ལྟ་ཞིབ་ཚད་ལེན་བྱས།ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི2018ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་ཀྱི་གནས་ཚུལ་ཐད་ནས་གདེང་འཇོག་བྱས།

གྲོས་ཚོགས་བརྙན་འཕྲིན་ཁ་པར་གྱི་རྣམ་པ་བརྒྱུད་དེ་བསྡུས་པ་དང་།གྲོང་ཁྱེར་དང་རྫོང་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས།

གོང་མ།:ཀྲུང་ཧྭའི་ཆུ་མཛོད་དུ་གྲགས་པའི་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད།

ཞོལ་མ།:ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྣམ་ཐར་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་བོད་ལུགས་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235