མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲུང་ཧྭའི་ཆུ་མཛོད་དུ་གྲགས་པའི་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད།

ཡོང་ཁུངས།:།མཚོ་སྔོན་བོད་ཡིག་གསར་འགྱུར།  སྤེལ་དུས།:2019-02-11  རྩོམ་པ་པོ།:།མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་མཚོ་སྔོ་རེངས་ཁ་བས་བཀླུབས་ཏེ་དེ་བས་ལྟ་ན་སྡུག་ཅིང་ལྷིང་ངེར་གནས།རྐྱང་རྣམས་ཀྱིས་མཚོ་འགྲམ་དུ་སོས་དལ་བག་ཕེབས་ངང་རྩྭ་ཟ་བ་དང་ཆུ་བྱ་ཁྱུ་དང་ཁྱུ་བྱས་ནས་མཚོ་ངོས་ནས་ཡར་འཕུར་མར་འཕུར་བྱེད་བཞིན་མཆིས།

ཤེས་རྟོག་བྱུང་བ་ལྟར་ན།  དུས་རབས་སྔོན་མའི་དུས་མཇུག་ཏུ།གཞི་ཁྱོན་ཆེ་བའི་ཕྱུགས་འཚོ་བ་དང་གཏེར་ཁ་སྔོག་འདོན་སོགས་མིའི་རིགས་ཀྱི་བྱ་འགུལ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དབང་གིས་རྨ་སྟོད་ཀྱི་མཚེའུ་སྟོང་གཉིས་ལྷག་སྐམ་པ་དང་།ལོ་བཅུ་ཙམ་ལ་འབྲོག་པ་མང་ཚོགསཆུ་མགོར་གནས་ཀྱང་འཐུང་ཆུ་མེདཔའི་གནས་སུ་ལྷུང་ཏེ།མཚེའུ་སྟོངགི་མཚན་སྙན་མིང་ཙམ་དུ་གྱུར།

རྨ་སྟོད་རྫོང་དུ་ཕུན་སུམ་ཚོགས་པའི་ཚྭ་མེད་ཆུའི་ཐོན་ཁུངས་དང་སྤུས་ལེགས་ཀྱི་རྩྭ་ས་ཡོད་པ་དང་། ཆུ་སྣ་འཛོམས་ལ་མཚེའུ་མང་བསམཚེའུ་སྟོང་གི་རྫོངཞེས་པའི་མཚན་སྙན་ཡོད། དུས་རབས་སྔོན་མའི་ལོ་རབས80པར་རྨ་སྟོད་རྫོང་གི་ཕྱུགས་ལས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་།ས་གནས་དེ་གའི་འབྲོག་ཁྱིམ་མང་ཆེ་བར་ནོར་ལུག་བརྒྱ་གྲངས་ཡོད་པ་དང་རྫོང་ཡོངས་ཀྱི་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནསརྫོང་ཕྱུག་པོཞེས་འབོད་སྲོལ་ཡོད།

འོན་ཀྱང་།ཕྱུགས་རིགས་འཚོས་དྲགས་པར་བརྟེན་རྩྭ་ཁ་ཉམས་ནས་རྨ་སྟོད་ཀྱི་སྣོད་བཅུད་ཁོར་ཡུག་རིམ་བཞིན་ཇེ་སྡུག་ཏུ་སོང་བ་སྟེ།རྩྭ་ཐང་བྱེ་སར་གྱུར་པ་དང་། མཚེའུ་སྐམ་པ། བཞུར་རྒྱུན་ཆད་པ་སོགས་ཀྱི་སྣང་ཚུལ་བྱུང་།

2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་གཙང་གསུམ་འབྱུང་ཡུལ་དུ་སྤེལ་བ་དང་།དེའི་དམིགས་ཡུལ་ནི་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྣོད་བཅུད་སྲུང་སྐྱོབ་སྒྲིག་སྲོལ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་དེ་རེད།ལོ་དེ་ནས་མགོ་བརྩམས་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་དུ་སྣོད་བཅུད་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་བཙུགས་པ་མ་ཟད།ཁྱིམ་ཚང་གཅིག་ལ་ལས་རྐང་གཅིགརིམ་བཞིན་མངོན་འགྱུར་བྱུང་བ་དང་། དབུལ་ཕོངས་ཁྱིམ་ཚང་རེ་ནས་སྣོད་བཅུད་ལྟ་སྲུང་པ་རེ་སྔོན་ལ་བདམས་ཏེ་གསོ་སྦྱོང་བྱས་པ་དང་ལས་ཀར་ཞུགས་རྗེས་ཟླ་རེ་བཞིན་གླ་ཕོགས་བྱིན་པ་དང་ལོ་མཇུག་ཏུ་དཔྱད་ཞིབ་བྱས་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་སྣོད་བཅུད་སྲུང་སྐྱོབ་ས་ཚིགས་ཀྱི་ཀྲན་ཀྲང་མཱ་ཀུའེ་ཡིས་ངོ་སྤྲོད་བྱས་དོན།རྨ་སྟོད་རྫོང་གིས་རིགས་ཁག་གི་སྣོད་བཅུད་ལྟ་སྲུང་པ་བསྡོམས་པས3042བཀོད་སྒྲིག་བྱས་པའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་954ཡོད་པ་དང་།ཞང་རིམ་པའི་སྣོད་བཅུད་སྲུང་སྐྱོབ་ས་ཚིགས4དང་།སྡེ་བ་རིམ་པའི་སྣོད་བཅུད་སྲུང་སྐྱོབ་རུ་ཁག27 སྣོད་བཅུད་སྲུང་སྐྱོབ་ཡན་ལག་རུ་ཁག190བཅས་བཙུགས་ཏེ།རྫོང་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་དྲ་མིག་ཅན་གྱི་དོ་དམ་སྐོར་ཞིབ་བྱས་པ་དང་། དྲ་བ་དེ་ཕྱོགས་ཡོངས་སུ་ཁྱབ་པའི་སྲུང་སྐྱོབ་མ་ལག་ཅིག་ཆགས་ཡོད།རྫོང་ཡོངས་ཀྱི་རྩྭ་སའི་གཞི་ཁྱོན་ལྟར་ཚོད་རྩིས་བྱས་ན་མི་རེའི་ཆ་སྙོམས་སྲུང་སྐྱོབ་གཞི་ཁྱོན་མུའུ་ཁྲི་གཅིག་དང་སྟོང་གཉིས་ཟིན་གྱི་ཡོད་པ་རེད།

ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་སྲུང་སྐྱོབ་མ་ལག་གིས་ནུས་པ་གལ་ཆེན་ཐོན་བཞིན་ཡོད།སྣོད་བཅུད་ལྟ་སྲུང་པས་རི་དང་། ཆུ། རྩྭ།མཚེའུ་བཅས་ལ་གཞི་གཅིག་ཅན་གྱི་ལྟ་སྲུང་བྱེད་དགོས།གཞི་རིམ་གྱི་ལྟ་སྲུང་པ་མང་པོས་ཧུར་ཐག་གིས་ལྟ་སྲུང་ལས་དོན་གཉེར་བ་བརྒྱུད།རང་བྱུང་ལ་གཏོར་བརླག་ཐེབས་པའི་སྣང་ཚུལ་མངོན་གསལ་སྒོས་ཇེ་ཉུང་དུ་སོང་ཡོད་ལ་ཁྲིམས་དང་འགལ་ནས་རི་དྭགས་ལྐོག་རྔོན་བྱེད་པའི་གནས་བབ་བཀག་འགོག་བྱས་ཡོད། མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས།ཝ་གཞུང་སྐར་མཚོ་བཅས་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་།རྩྭ་རྩི་ཤིང་གི་ཁྱབ་རྒྱ་མངོན་གསལ་དོད་པོས་ཆེ་རུ་སོང་བ།ཆུ་ཁུངས་དང་ཆུ་སྤུས་ཇེ་ལེགས་སུ་ སོང་བ་དང་ཆབས་ཅིག སྲོག་ཆགས་སྣ་ཚོགས་ཀྱང་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོདཅེས་མཱ་ཀུའེ་ཡིས་དེ་ལྟར་བཤད་བྱུང་།

ད་ལྟ། མཚེའུ་སྟོང་གི་མཛེས་ལྗོངས་སླར་གསོ་བྱུང་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན།ལོ10ཡི་རིང་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ80ལྷག་ཙམ་ཆེ་རུ་སོང་ཡོད་པ་རེད།བརྟག་དཔྱད་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་སོགས་འདམ་རའི་ཆུ་བྱ་འཚོ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་སོང་བ་དང་ཆུ་བྱའི་གྲངས་ཀ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཡང་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་པ་རེད།།

ཉེ་བའི་ལོ་ཤས་རིང་།རྒྱལ་ཁབ་ཀྱིས་རྨ་ཆུའི་མགོ་ཁུངས་སུ་སྔ་གཞུག་ཏུ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཅིག་ས་ཡ་ལྔ་བཏང་ནས་སྣོད་བཅུད་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པས་ས་གནས་དེ་གའི་སྣོད་བཅུད་ཉམས་ཞན་དུ་འགྲོ་བ་བཀག་འགོག་བྱུང་བར་མ་ཟད་སྣོད་བཅུད་ཇེ་ལེགས་སུ་ཕྱིན་ཏེ། རྨ་ཆུའི་མགོ་ཁུངས་སུ་མཚེའུ་མང་པོའི་མཛེས་ཉམས་བསྐྱར་དུ་མངོན། གྲང་ངར་ཆེ་བའི་དགུན་དུས་སུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རྨ་སྟོད་རྫོང་གི་རྨ་ཆུའི་མགོ་ཁུངས་སུ་བསྐྱོད་སྐབས།མཚེའུ་སྟོང་སླར་གསོ་བྱུང་བའིཆུ་མགོའི་འགྱུར་ལྡོག་དེ་མིག་ལམ་དུ་མངོན་ཡོང་བ་རེད།

གསར་འགོད་ཚན་ཆུང་སྤྱི་ལེ200ལྷག་གི་སར་ཡོད་པའི་རྨ་ཆུའི་མགོ་ཁུངས་སུ་བསྐྱོད་པའི་ལམ་ལ་ཆས་པ་དང་།རླངས་འཁོར་ཁ་བས་བཀླུབས་པའི་རྩྭ་ཐང་དུ་སྐྱོད་སྐབས་

ཁ་བའི་ཁྲོད་དུ་ཟས་འཚོལ་བཞིན་པའི་དགོ་བ་མཐོང་།ཁོ་ཚོ་དང་མཉམ་དུ་ཡོད་པའི་ས་གནས་དེ་གའི་སྣོད་བཅུད་ལྟ་སྲུང་པ་ནོར་བུས།ཉེ་བའི་ལོ་ཤས་རིང་། སྣོད་བཅུད་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་རྨ་ཆུའི་མགོ་ཁུངས་ཀྱི་རྩྭ་སྐྱེ་ཚུལ་ཧ་ཅང་བཟང་།མ་གཞི་གངས་མཐུག་ཚད་ལི་སྨི15ལྷག་བབས་ཡོད་ནའང་རྩྭ་ཁ་ཕྱིར་ཐོན་ཡོད་པས་སྲོག་ཆགས་དང་སྒོ་ཕྱུགས་དགུན་དུས་སུ་བཀྲེས་ལྟོགས་ཀྱིས་མནར་མི་དགོས་པ་རེད།འོན་ཀྱང་སྔོན་ཆད་ཀྱི་དགུན་དུས་སུ་སྣོད་བཅུད་ཉམས་ཞན་དུ་སོང་བའི་རྨ་སྟོད་དུ་དཀའ་སྡུག་ཚད་མེད་མྱངས་དགོས་པ་རེད་ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།

2006ལོར་ཕྱུགས་འཚོས་ནས་འཚོ་ཐབས་དཀའ་བའི་གངས་འབྲུག་ཚང་གིས་སྲིད་གཞུང་གི་ཕྱུགས་བསྐྱུར་རྩྭ་གསོའི་འབོད་སྐུལ་དང་ལེན་བྱས་ནས་རྨ་སྟོད་རྫོང་གི་འབྲོག་པ་ཁྱིམ་ཚང584དང་མཉམ་དུ་མི་རབས་མང་པོར་འཚོ་བ་སྐྱེལ་སའི་རྩྭ་ཐང་ནས་སྤོས་པ་རེད།འབྲོག་པ་མང་ཚོགས་ས་ཁག་གསུམ་ལ་དབྱེ་ནས་ཕ་ཡུལ་དང་བྲལ་བ་དང་གངས་འབྲུག་ཚང་སྤྱི་ལེ500ལྷག་ཙམ་ཡོད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དུ་སྤོས་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྣོད་བཅུད་སྲུང་སྐྱོབ་ཁྲུའི་ཁྲུའུ་ཀྲང་འཇིགས་བྱེད་ཀྱིས་བཤད་རྒྱུར།2005ལོ་ནས་ད་བར་དུ་རྒྱལ་ཁབ་ཀྱིས་རྨ་ཆུའི་མགོ་ཁུངས་སུ་ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་སྣོད་བཅུད་རྣམ་གྲངས་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་ཤིང་། རྩྭ་ས་མུའུ་ས་ཡ་གཅིག་ལྷག་དང་གཏེར་ཁ་སྔོག་ཤུལ་གྱི་རྩྭ་ས་མུའུ་ཁྲི་གཉིས་སྟོང་དགུ་ལྷག་ལ་རྩྭ་བཏབ་ཡོད།ད་ལྟ་རྨ་སྟོད་རྫོང་གི་མཚེའུ་ཆེ་ཆུང་ཁྲི་བཞི་སྟོང་བཞི་དྲུག་བརྒྱ་ལྷག་ཏུ་བསླེབས་ནསམཚེའུ་སྟོང་གི་རྫོངགི་མཚན་སྙན་ཡང་བསྐྱར་མངོན་ཡོད་ཟེར།

ང་ཚོས་སྣོད་བཅུད་ལ་གཏོར་བརླག་དང་གྱོང་གུད་བཟོས་ནས་བུ་རབས་ཚ་རྒྱུད་ལ་འཚོ་བརྟེན་མེད་པ་བྱེད་མི་རུངཞེས་ནོར་བུས་བཤད་པ་དང་།ཁོ་རང་སྣོད་བཅུད་ལྟ་སྲུང་པ་ཞིག་ཡིན་པའི་ཆ་ནས་གཟའ་འཁོར་རེར་དོ་དམ་སྲུང་སྐྱོབ་ས་ཁོངས་སུ་ཉུང་མཐར་ཡང་སྐོར་སྲུང་ཐེངས2བྱས་ནས་སྲོག་ཆགས་ཀྱི་ཁྱབ་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཐོ་འགོད་བྱེད་པ་མ་ཟད།སྣོད་བཅུད་ཁྲིམས་འགལ་བྱ་སྤྱོད་དང་འཕྲད་ཚེ་དུས་ཐོག་ཏུ་བཀག་སྡོམ་དང་ཡར་ཞུ་བྱེད་ཀྱིན་ཡོད་ཅེས་བཤད།

ཀན་ཞུའེ་པིན་གྱིས་བཤད་རྒྱུར།  སྣོད་བཅུད་དོ་དམ་ལྟ་སྲུང་པའི་རམ་འདེགས་འོག་རྨ་སྟོད་རྫོང་གིས་རི་དྭགས་ལྐོག་རྔོན་དང་གཏེར་ཁ་ལྐོག་ཏུ་སྔོག་འདོན་བྱེད་པར་བཀག་འགོག་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བས།ཉེ་བའི་ལོ་ཤས་རིང་སྣོད་བཅུད་ཁྲིམས་འགལ་གྱི་གྱོད་གཞི52ཞིབ་བཤེར་ཐག་གཅོད་བྱས་ནས་སྲོག་ཆགས་ཀྱི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ཡོད་ཅེས་བཤད།

སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོར་འདེགས་ཡོང་བ་བྱེད་དགོསཞེས་རྨ་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཧོ་ཧའེ་ཡན་གྱིས་དེ་ལྟར་བཤད་ལ།ཁོང་གིས་རྫོང་ཡོངས་སུ་སྣོད་བཅུད་ལྟ་སྲུང་པ3042ཡོད་པ་དེ་དག་ལ་སྣོད་བཅུད་སྲུང་སྐྱོབ་ཀྱི་ཁྲོད་ནས་ཕན་ཁེ་ཐོབ་ཡོད། མ་འོངས་པར་རྨ་སྟོད་རྫོང་གིས་ད་དུང་སྣོད་བཅུད་སྲུང་སྐྱོབ་ཀྱི་སྔོན་འགྲོའི་ཆ་རྐྱེན་འོགལུགས་མཐུན་སྒོས་ཕྱུགས་རིགས་གཏན་འཁེལ་བྱས་ནས་སྣོད་བཅུད་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིགརྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ཉམས་ལེན་ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ།རྨ་ཆུའི་མགོ་ཁུངས་ཀྱི་མཛེས་ཉམས་མངོན་པར་བྱས་ནས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་དེ་ལྟར་བཤད་བྱུང་།

གོང་མ།:གཙང་གསུམ་འབྱུང་ཡུལ་རྒྱུན་མཐུད་མཐུན་སྦྱོར་ངང་འཕེལ་རྒྱས་འབྱུང་བར་སྟེགས་བུ་གསར་བ་བསྐྲུན།

ཞོལ་མ།:ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་ཚོགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235