མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས“དཔྱིར་གསར་དུས་ཆེན་ལ་དྲོད་ཁོལ་སྐྱེལ་ཞིང་། ཐུགས་འཁུར་བྱེད་པ་འགུལ་སྤྱོད་ལ་རག་ལས”ཞེས་པའི་བྱ་འགུལ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2019-01-31  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

ཁུལ་ཡོངས་ཀྱི་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་གྲོགས་པོ་ཚོས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ལ་རོལ་བའི་ཆེད་དུ།རང་ཁུལ་གྱི་འཚམས་འདྲི་ཚད་གཞིའི་ཇེ་མཐོར་གཏོང་བ་དང་འཚམས་འདྲིའི་མངའ་ཁོངས་རྒྱ་བསྐྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།སྣ་མང་གི་སྒོ་ནསདཔྱིར་གསར་དུས་ཆེན་ལ་དྲོད་ཁོལ་སྐྱེལ་ཞིང་།ཐུགས་འཁུར་བྱེད་པ་འགུལ་སྤྱོད་ལ་རག་ལསཞེས་པའི་བྱ་འགུལ་སྤེལ།  མིག་སྔའི་བར་དུ།  ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང1492ལ་འཚམས་འདྲི་བྱས་ཤིང་།འཚམས་འདྲིའི་དངུལ་དང་ལོ་སར་གྱི་སྨོན་འདུན་བསྐྱལ་བ་རེད།

ཁུལ་ཨུ་དང་ཁུལ་དམངས་ཆེན།ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་སོགས་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ།  གཞི་རིམ་དུ་ཕྱིན་ནས་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང16ལ་འཚམས་འདྲི་བྱས།  ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་འཚམས་འདྲིའི་སྡེ་ཁག་གིས་གཏིང་ཟབ་པའི་སྒོ་ནས་གཏེར་ལེན་ཁ་གྲོང་ཁྱེར་དང་མང་ནེ་གྲོང་ཁྱེར།ཐེམ་ཆེན་རྫོང་། དབུས་ལམ་རྫོང་སོགས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང95ལ་འཚམས་འདྲི་བྱས།  གྲོང་ཁྱེར་དང་རྫོང་།  སྲིད་ཨུའི་ཏང་སྲིད་འགོ་ཁྲིད་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཏིང་ཟབ་པའི་སྒོ་ནས་ཞང་གྲོང་དང་སྲང་ལམ།སྡེ་བ།  གཞིས་ཁུལ་སོགས་ཀྱི་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང1381ལ་འཚམས་འདྲི་བྱས།

འཚམས་འདྲིའི་སྡེ་ཁག་ས་ཆ་གང་དུ་སླེབས་ཀྱང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་ཤིང་།  ཁོ་ཚོ་དང་བྱམས་བརྩེ་ངང་གླེང་མོལ་བྱས་ཏེ།  ཞིབ་ཕྲའི་སྒོ་ནས་ཁོ་ཚོའི་ཐོན་སྐྱེད་འཚོ་བ་དང་ལས་ཞུགས་སློབ་འགྲིམས།  གཟིགས་སྐྱོང་གི་སྲིད་ཇུས་ལོངས་སྤྱོད་དོན་འཁྱོལ་གནས་ཚུལ་དང་མིག་སྔར་དཀའ་ངལ་མཆིས་པ་ལ་རྒྱུས་ལོན་བྱས།ལྷག་སེམས་རྣམ་དག་སྒོས་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ཐུགས་ཁུར་བྱས་ཤིང་།འཚམས་འདྲིའི་བྱས་པའི་དབང་བོ་སྐྱོན་ཅན་གྱིས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བའི་བརྩེ་སེམས་བརྗོད་པ་རེད།

གོང་མ།:མཚོ་སྔོན་ཞིང་ཆེན་ཚྭ་མཚོ་ས་གཤིས་བརྟག་དཔྱད་ཁང་སྒོ་བྱང་བཀལ་ནས་བཙུགས།

ཞོལ་མ།:རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་གྲོས་ཚོགས་ཀྱི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་སྐབས་སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གྱིས་བསྟན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235