མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་སྔོན་ཞིང་ཆེན་ཚྭ་མཚོ་ས་གཤིས་བརྟག་དཔྱད་ཁང་སྒོ་བྱང་བཀལ་ནས་བཙུགས།

ཡོང་ཁུངས།:  སྤེལ་དུས།:2019-01-31  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

   ཞིང་ཆེན་ཡོངས་ཀྱི་ལས་དོན་སྡེ་ཁག་དབྱེ་འབྱེད་བཅོས་བསྒྱུར་གྱི་བླང་བྱ་གཞིར་བཟུང་སྟེ།  ཉེ་ཆར།མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཅིག་བསྡུས་ས་གཤིས་གཏེར་རྫས་རྩད་ཞིབ་ཁང་གིས་སྔོན་ཡོད་ཀྱི་རྨང་གཞིའི་སྟེང་དུ་མཚོ་སྔོན་ཞིང་ཆེན་ཚྭ་མཚོ་ས་གཤིས་བརྟག་དཔྱད་ཁང་དབུ་བརྙེས།

   མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཅིག་བསྡུས་ས་གཤིས་གཏེར་རྫས་རྩད་ཞིབ་ཁང་ནི1955ལོའི་ཟླ3པར་བཙུགས་པའི་ཚུན་ནས།  ཅཱ་ཚྭ་གཙོ་བོ་ཡིན་པའི་ཚྭ་མཚོ་ཐོན་ཁུངས་རྩད་ཞིབ་དང་གཏེར་ཁ་བཙལ་བའི་ཞིབ་འཇུག་བྱ་བ་བསྒྲུབས་པ་ཡིན།  ཚྭ་འདམ་གཞོང་ས་ནས་ཅཱ་དང་ཚ་ལ། ལིས།མཱེ་སོགས་གཙོ་བོ་ཡིན་པའི་ཚྭ་རིགས་གཏེར་རྫས་དག་གསར་རྙེད་དང་གདེང་འཇོག་བྱས་ཤིང་།  རྒྱལ་ཡོངས་ཀྱི་ཚྭ་མཚོ་རྩད་ཞིབ་ཆེད་མཁས་དཔུང་སྡེ་གཅིག་པུ་ཡིན།  ལོ་ངོ65ཡིས་འཕེལ་རྒྱས་བརྒྱུད་ནས། ཚྭ་འདམནོར་གཞོངཞེས་པའི་གོ་གནས་དང་མཚོ་སྔོན་ཚྭ་མཚོ་རྫས་འགྱུར་བཟོ་ལས་ཀྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་དེ་རྒྱལ་ཡོངས་གྱི་གོ་གནས་སུ་འཇོག་པའི་རྨང་གཞི་བསྐྲུན།  མིག་སྔར།མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཅིག་བསྡུས་ས་གཤིས་གཏེར་རྫས་རྩད་ཞིབ་ཁང་གིས་གཙོ་ཁྲིད་བྱེད་པ་མ་ཟད་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཚྭ་ཅཱ་ཐོན་ཁུངས་སྒྲིག་གྲབས་རྩད་ཞིབ་ཁུལ་གཅིག་པུའི་མུ་མཐུད་དུ་ཅཱ་རྫས་གདེང་འཇོག་འཚོལ་བའི་བྱ་བར་འགན་བཞེས་ཡོད།རྩད་ཞིབ་ལག་རྩལ་གྱི་གནས་བབ་ལེགས་པོ་དང་གདེང་འཇོག་བྱེད་ཐབས་རྒྱལ་ནང་གི་གཅིག་པུ་ཡིན།

   རྒྱུས་ལོན་པ་ལྟར་ན།  མཚོ་སྔོན་ཞིང་ཆེན་ཚྭ་མཚོ་ས་གཤིས་བརྟག་དཔྱད་ཁང་གི་སྒོ་བྱང་གསར་བ་བཀལ་ནས་བཙུགས་པ་དེ།ལས་རྐང་མི་སྣ་ཁ་སྣོན་མི་བྱེད་པ་དང་སྒྲིག་གཞིའི་མི་སྣ་ཡང་ཁ་སྣོན་མི་བྱེད་པའི་གནས་ཚུལ་འོག  ཚྭ་འདམ་གཅིག་བསྡུས་ས་གཤིས་གཏེར་རྫས་རྩད་ཞིབ་ཁང་དང་མཉམ་དུ་གཞུང་ལས་སྒྲུབ་བཞིན་ཡོད་ཅིང་།འགོ་ཁྲིད་སྡེ་ཁག་གཉིས་དང་ལས་བྱེད་མི་སྣ་སྡེ་ཁག་གཅིག་ཡིན་པ་ལག་བསྟར་བྱས་ལ།མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཅིག་བསྡུས་ས་གཤིས་གཏེར་རྫས་རྩད་ཞིབ་ཁང་གིས་ལས་དོན་སྡེ་ཁག་དབྱེ་འབྱེད་བཅོས་བསྒྱུར་ཐག་གཅོད་བྱས་པའི་རྗེས་ནས།མཐའ་གཅིག་ཏུ་ཞིང་ཆེན་སྲིད་ཨུའི་ཕྱོགས་ཡོངས་ནས་གཏིང་ཟབ་བཅོས་བསྒྱུར་ལག་བསྟར་བྱས་ཤིང་།  གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དོན་འཁྱོལ་བྱས་ཏེ།ཚྭ་འདམ་གཅིག་བསྡུས་ས་གཤིས་གཏེར་རྫས་རྩད་ཞིབ་ཁང་གིས་ཚྭ་མཚོ་རྩད་ཞིབ་ཆེད་མཁས་དཔུང་སྡེའི་གནས་བབ་ལེགས་པོ་གང་ལེགས་ཀྱིས་འདོན་སྤེལ་བྱས་ནས།  ས་གཤིས་རྩད་ཞིབ་དཔལ་འབྱོར་དབྱིབས་སྒྱུར་འཕེལ་རྒྱས་མངོན་འགྱུར་འབྱུང་བའི་བྱེད་ཐབས་གལ་ཆེན་ཡིན་པ་མ་ཟད།ཚྭ་མཚོ་རྩད་ཞིབ་ལས་དོན་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།

གོང་མ།:ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྣམ་ཐར་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་བོད་ལུགས་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།

ཞོལ་མ།:རང་ཁུལ་གྱིས“དཔྱིར་གསར་དུས་ཆེན་ལ་དྲོད་ཁོལ་སྐྱེལ་ཞིང་། ཐུགས་འཁུར་བྱེད་པ་འགུལ་སྤྱོད་ལ་རག་ལས”ཞེས་པའི་བྱ་འགུལ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235