མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མེང་ཧའེ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2019-03-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་ཡིས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཁུར་ལུག་དང་ཐའོ་སུའུ་མཚེའུ་རང་བྱུང་སྲུང་སྐྱོབ་ཁུལ།གཏེར་ལེན་ཁ་ཆུ་འདོན་ཚད་ཡོད་ཀུང་ཟིའི་འཐུང་ཆུའི་ལས་སྣོན་ཁང་།ཚྭ་འདམ་འཁོར་སྤྱོད་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་བུལ་གཙང་ལས་རིགས་ཨན་དོར་གཤེར་ཆུའི་ཐོན་ཁུངས་ཚུར་སྡུད་བེད་སྤྱོད་ཚན་རྩལ་དཔེ་སྟོན་རྣམ་གྲངས་ཀྱི་ལག་བསྟར་ཡུལ་དངོས་སོགས་ལ་སོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས་པར་མ་ཟད།དུས་མཚུངས་སུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱས་ཏེ་ལག་ལེན་དངོས་ཀྱི་ཁྲོད་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་དགོས་པར་བསྟན།

མཚོ་སྔོན་ཞིང་ཆེན་གྱི་མཚོ་ཁུར་ལུག་དང་ཐའོ་སུའུ་མཚེའུ་རང་བྱུང་སྲུང་སྐྱོབ་ཁུལ་ནས་མེང་ཧའེ་འཁོར་དང་བཅས་པས་ཞིབ་ཚགས་ངང་སྲུང་སྐྱོབ་ཁུལ་གྱི་རྩི་ཤིང་སྐྱེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཞོར་ངང་པ་དཀར་པོ་བརྒྱ་ལྷག་བརླན་སའི་ཐོག་ནས་ཕར་འཕུར་ཚུར་འཕུར་བྱེད་པའམ་མཚོ་ཁུར་ལུག་སྟེང་ནས་གཤོག་རྩལ་ངོམ་པ།ཀྱ་ཀྱུའི་གསུང་སྙན་སྒྲོག་པ་སོགས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་དེ་མཐོང་རྗེས། མེང་ཧའེ་ཡིས་བཤད་རྒྱུར།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་བླངས་པའི་གྲུབ་འབྲས་དེ་རི་སྐྱེས་སྲོག་ཆགས་སྟེང་ནས་མཚོན་པར་བྱས་ན་ཧ་ཅང་འཚམ།ངང་པ་དཀར་པོ་དེ་ཚོས་ལོ་འདི་འགའི་རིང་ལ་རང་ཁུལ་གྱིས་བརླན་ས་སྲུང་སྐྱོབ་དང་སྡོང་འཛུགས་ནགས་སྐྲུན།ཆུ་སྤུས་སྲུང་སྐྱོབ་སོགས་སྐྱེ་ཁམས་བཅོས་སྐྱོང་དང་ཉམས་གསོ་ལ་གྲུབ་འབྲས་མངོན་གསལ་བླངས་པར་ར་སྤྲོད་བྱས་འདུག་ཟེར།

གཏེར་ལེན་ཁ་ཆུ་འདོན་ཚད་ཡོད་ཀུང་ཟིའི་འཐུང་ཆུའི་ལས་སྣོན་ཁང་།ཚྭ་འདམ་འཁོར་སྤྱོད་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་བུལ་གཙང་ལས་རིགས་ཨན་དོར་གཤེར་ཆུའི་ཐོན་ཁུངས་ཚུར་སྡུད་བེད་སྤྱོད་ཚན་རྩལ་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་པའི་ཡུལ་དངོས་ནས་མེང་ཧའེ་འཁོར་དང་བཅས་པས་ཞིབ་ཚགས་སྒོས་འབྲེལ་ཡོད་ཀྱི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པར་མ་ཟད།བྱ་བ་དངོས་ལ་ཟུང་འབྲེལ་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་སྟེང་ཞུགས་ནས་གྲོས་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེའི་དགོངས་དོན།ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་སྟེང་ཞུགས་ནས་གྲོས་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེའི་དགོངས་དོན་གྱིས་གོམ་གང་མདུན་སྤོས་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་གོ་གནས་ཀྱི་ནུས་པ།བྱ་བའི་ཤུགས་འདོན་ས་བཅས་ཀྱི་ཕྱོགས་ནས་རྒྱས་བཤད་བྱས་ཡོད། ཙུང་ལི་ལི་ཁི་ཆང་མཚོ་སྔོན་འཐུས་ཚབ་ཚོགས་པར་སྟེང་ཞུགས་ནས་གྲོས་ཞིབ་བྱེད་སྐབས་ཙུང་ལི་ཡིས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྒྲུབ་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས།མཚོ་སྔོན་གྱིས༼ཀྲུང་ཧྭའི་ཆུ་མཛོད་ཆེན་མོ༽སྲུང་སྐྱོབ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་བརྟན་སྲུང་བྱས་པ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མགྱོགས་མྱུར་ངང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་ལ།ང་ཚོས་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་བ་སོ་སོའི་རྩ་བའི་སྤྱིའི་བླང་བྱ་དང་བྱ་བའི་ཕྱོགས་སྟོན་ཡིན་པ་རེད།

རྟོག་ཞིབ་ཁྲོད། མེང་ཧའེ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི༼སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་སྟོབས་ཤུགས་ལ་གཡོ་འགུལ་དང་དམ་ལྷོད་མེད་པའི༽བླང་བྱ་ལྟར།ཆབ་སྲིད་ཀྱི་འདུ་ཤེས་མཐོར་འདེགས་དང་མ་མཐའི་ཚད་ཐིགས་ཀྱི་འདུ་ཤེས་བརྟན་སྲུང་བྱས་ཏེ། ཏན་ཏིག་གིས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱས་ནས་ཚད་ལྡན་མིན་པའི་རྣམ་གྲངས་དག་མཚོ་ནུབ་ཏུ་ནང་འདྲེན་མི་བྱ་བ་དང་།ཚད་མཐོན་པོའི་ཆབ་སྲིད་ཀྱི་འདུ་ཤེས་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་འོག་ནས་སྐྱེ་ཁམས་བདེ་འཇགས་ལ་བརྟན་སྲུང་བྱས་ཏེ།དུས་རབས་གསར་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་གྱི་ཐབས་ཇུས་དག་མཚོ་ནུབ་ནས་དོན་འཁྱོལ་ཡོང་བར་བྱེད་དགོས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི༼སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་ཡིན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་གསར་བའི༽བླང་བྱ་ལྟར།ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཁོ་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་མོ་བྱས་ཏེ།ནུས་ཁུངས་གཙང་སེལ་གྱི་འཐུས་ཚབ་ཚད་ཇེ་མཐོར་བཏང་ནས་ཁྱད་ལྡན་སྐྱེ་དངོས་དང་ནུས་ཁུངས་གསར་བ།རྒྱུ་ཆ་གསར་བ། ཆ་འཕྲིན་ཅན་སོགས་ཀྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ཏེ།ཕྱོགས་ཡོངས་ནས་ས་ཁོངས་ལྗང་མདོག་འཁོར་རྒྱུག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི༼སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཤུགས་ཀྱི༽བླང་བྱ་ལྟར།མ་རྐང་འཇོག་ཚད་ཇེ་མཐོར་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།སྲིད་ཇུས་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་སྤྱི་ཚོགས་ཀྱི་མ་རྩ་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཉེན་ཁ་དཔྱོད་དཔགཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་དང་འཁོར་སྐྱོད། ས་ཁོངས་གཙོ་བོ། འབབ་རྒྱུན་སྦགས་བཙོག་འགོག་བཅོས།སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ནང་བཀུག་ཏེ། ཕྱོགས་གསུམ་པའི་བཅོས་སྒྱུར་སྤེལ་ནས་སྦགས་བཙོག་བཅོས་སྐྱོང་གི་ལས་ཕྱོད་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི༼སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་དམག་འཐབ་ལེགས་པོ་རྒྱག་པའི༽བླང་བྱ་ལྟར།ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་ལ་སྐུལ་སྤེལ་དང་རྒྱུན་མཐུད་ངང་ཚྭ་འདམ་གྱི༼གནམ་སྔོན་པོ།ཆུ་དྭངས་མོ། གནས་གཙང་མ། ལྗང་མདོག་སླར་གསོ༽བཅས་སྐྱེ་ཁམས་ཉམས་གསོ་བཞི་ཡི་བཅོས་སྐྱོང་བྱ་འགུལ་ལ་སྐུལ་འདེད་བཏང་སྟེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བྱ་བ་མྱུར་སྤེལ། སྐྱེ་ཁམས་སྲུང་སྐྱོབ་ཚད་ཐིགས་ཀྱི་དོ་དམ་དང་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་བཏང་ནས།སྐྱེ་ཁམས་མ་ལག་གི་བྱེད་ནུས་ལེགས་བཅོས་བྱས་ཏེ་རང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལམ་སྲོལ་སྔོན་ལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་ཚྭ་འདམ་གཞོང་གི་རི་ཆུ་ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

གོང་མ།:ཁུལ་ཨུས་རྒྱུན་ཨུ་གྲོས་ཚོགས་བསྡུས།

ཞོལ་མ།:རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཀྲིག་ཕིང་གིས་མཚོ་སྔོན་གྱི་ཁྱད་ལྡན་ནོར་ལུག་ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་ལ་མགྱོགས་མྱུར་སྲུང་སྐྱོབ་བྱེད་དགོས་པའི་བསམ་ཚུལ་བཏོན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235