མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱིས༢༠༡༩ལོར་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་འགོག་པའི་ཆེད་དོན་འགུལ་སྐྱོད་སྤེལ།

ཡོང་ཁུངས།:  སྤེལ་དུས།:2019-03-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ལམ།  གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  མཚོ་ནུབ་ཁུལ་གྱིས་དོན་དངོས་དང་འབྲེལ་ནས།  དམངས་ཚིས་ལ་དོ་སྣང་དང་ཞིང་སྡེ་ལ་ཐུགས་ཁུར།   ཞིང་བ་མང་ཚོགས་ལ་སེམས་ཁུར་བྱེད་པ་གཙོ་བོར་བཟུང་ནས།  ཞིང་ལས་དང་ཞིང་སྡེ།  ཞིང་བ་མང་ཚོགས་ཀྱི་དགོས་མཁོར་དམ་དུ་དམིགས་ཏེ།     མཚོ་ནུབ་ཁུལ་གྱི2019ལོར་ཞིང་སྡེ་རུ་བསྐྱོད་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་འགོག་པའི་ཆེད་དོན་འགུལ་སྐྱོད་ཇུས་གཞི་གཏན་འབེབས་བྱས་པ་དང་།  རྫུན་འགོག་དང་དམངས་ཕན།   ཚད་ལྡན་ལུགས་མཐུན་བཅས་དམིགས་འབེན་བྱས་ནས།  ནན་ཏན་སྒོས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་འགོག་པ་དང་ཁྲིམས་ལྟར་ལག་བསྟར་བྱས་ནས།  ཞིབ་བཤེར་ཞབས་ཞུ་སོགས་འགུལ་བསྐྱོད་རབ་དང་རིམ་པ་སྤེལ།

དེ་དང་མཉམ་དུ།  གསུམ་གཅིག་ལྔ་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་གྱི་གོ་སྐབས་དང་བསྟུན་ནས།  ཞིང་ས་དང་ཞིང་བའི་ཁྱིམ་དུ་སོང་ནས།  ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་བཀག་ནས་ཞིང་སྡེར་ཞབས་ཞུ་སྒྲུབ་པ་དང་།  དཔྱིད་ཀྱི་རྨོ་འདེབས་ལ་ཁག་ཐེག་དང་ཐོན་སྐྱེད་ལ་སྐུལ་འདེད་བྱེད་ཅེས་པའི་ཁྲིམས་འཛིན་དང་ལག་རྩལ་ཞབས་ཞུ། ཁེ་དབང་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སྤེལ།   ཞུ་གཏུག་བྱེད་ཡུལ་བཙུགས་པ་དང་འདྲི་རྟོགས་ཞབས་ཞུའི་སྟེགས་བུ་བརྒྱུད་ནས།   ཡུལ་དངོས་སུ་རྫུན་འགོག་ཤེས་བྱ་དང་རྫུན་འགོག་བྱེད་ཐབས་ཁྱབ་སྒྲོག་བྱས་པ་དང་།  བཅའ་ཁྲིམས་ལྟ་སྐུལ་དྲིལ་སྒྲོག་བྱ་འགུལ་སྤེལ།   ཡུལ་དངོས་སུ་ཞིང་བའི་འདྲི་རྟོག་དང་ལེན་བྱས་པ་དང་དོན་དངོས་སུ་ཞིང་བའི་ཁེ་དབང་སྲུང་སྐྱོབ་བྱས། །

གོང་མ།:གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཞིང་ལས་ལག་རྩལ་ཁྱབ་བརྡལ་བཏང་ནས་དཔྱིད་རྨོད་བྱ་བར་རོགས་འདེགས་བྱས།

ཞོལ་མ།:ཁུལ་ཨུས་རྒྱུན་ཨུ་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235