མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཐེམ་ཆེན་རྫོང་གིས༢༠༡༩ལོའི་རིམ་པ་དང་པོའི་གཅིག་བསྡུས་ཨར་ལས་འགོ་རྩོམ་པའི་བྱ་འགུལ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2019-03-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཟླ3པའི་ཚེས28ཉིན། ཐེམ་ཆེན་རྫོང་གིས" 'སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས' ཧུར་ཐག་གིས་སྐུལ་འདེད་བྱས་ནས་གཙོ་གནད་འཛིན་པ་དང་སྤུས་ཀ་མཐོར་འདེགས། མི་འདང་ཁ་གསབ་སྒོས་ནན་ཏན་གྱིས་རྣམ་གྲངས་འཛུགས་སྐྲུན་སྐུལ་སྤེལ་བྱེད"ཟེར་བ་བརྗོད་བྱ་ཡིན་པའི་མཚོ་ནུབ་ཁུལ་གྱི2019ལོའི་རིམ་པ་དང་པོའི་རྣམ་གྲངས་གཅིག་བསྡུས་ཨར་ལས་འགོ་རྩོམ་པའི་ཐེམ་ཆེན་ཡན་ལག་ཡུལ་དངོས་ཀྱི་བྱ་འགུལ་དེ་ཤེས་ཡོན་གྲོང་རྡལ་མཚོ་སྔོན་པོའི་ལམ་གཞུང་ལམ་འཛུགས་སྐྲུན་ལས་གཞི་རུ་སྤེལ།

བྱ་འགུལ་སྟེང་དུ་མཚོ་ནུབ་ཁུལ་སྲིད་གྲོས་ཀྲུའུ་ཞི་ཀླུ་ཁོ་རྒྱལ་དང་ཐེམ་ཆེན་རྫོང་ཨུའི་ཧྲུའུ་ཅུ་མ་ཞོ་ཐེ། རྫོང་སྲིད་གྲོས་ཀྲུའུ་ཞི་ཧི་ཙི་པོ། རྫོང་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རེན་གཞོན་པ་བུན་ཀེ རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀོ་ཅན་མེན། རྫོང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་གཞོན་པ། རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆུག་ལ་མེ་བཅས་དང་འབྲེལ་ཡོད་སྡེ་ཁག ཨར་ལས་རྣམ་གྲངས་ལས་ཁུངས་ཀྱི་འགན་ཁུར་པ། རྣམ་གྲངས་ལག་བསྟར་ལས་ཁུངས། ཁེ་ལས་འཐུས་ཚབ་པ། སྨྱན་བྱད་གསར་འགོད་པ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་སོགས་ཞུགས་པ་རེད། ཐེམ་ཆེན་རྫོང་ཨུའི་རྒྱུན་ཨུ། རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་གཡང་ཅིན་ཧྲན་གྱིས་བྱ་འགུལ་ལ་འགོ་འཛིན་བྱས།

བྱ་འགུལ་སྟེང་སྲིད་གཞུང་སྲིད་འཛིན་ཞིབ་བཤེར་ཆོག་མཆན་སྡེ་ཁག་གི་འཐུས་ཚབ་པ་དང་རྣམ་གྲངས་ཁེ་ལས་འཐུས་ཚབ་པས་རྣམ་འགྱུར་སྟོན་པ་རང་བཞིན་གྱི་གཏམ་བཤད་བྱས་པ་མ་ཟད་སྤྱོད་གཙང་དམ་བཅའ་བཞག སྐྱེ་ཁམས་ཁོར་ཡུག་ཅུའུ་དང་ཁེ་ལས་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཡི་གེ་བྲིས་ལ་འཕྲལ་བསྟུན་དོ་དམ་ཅུའུ་དང་ཁེ་ལས་སྡེ་ཁག་གིས་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ཡི་གེ་བྲིས། ལས་གཞིར་འབྲེལ་བའི་སྡེ་ཁག་གི་འགན་ཁུར་པ་སོ་སོས་གཏམ་བཤད་ཁྲོད་བསྟན་དོན། ཆེས་ཚད་མཐོ་བའི་འགན་འཁྲིའི་སེམས་དང་ལས་འགན་གྱི་སེམས་ཀྱིས་དཀའ་སྤྱད་འབད་བརྩོན་དང་འགན་ཕྲག་ཁུར་ལེན་བསྐྱེད་བསྲིངས་སྒོས་འགན་ཁུར་ལག་བསྟར་ལ་ཤུགས་བསྣན་ནས་ལས་གཞིའི་རྒྱུ་སྤུས་ལ་ནན་ཏན་གྱིས་ཚོད་འཛིན་བྱེད་པ་མ་ཟད་ལས་གཞིའི་སྒྲུབ་ཚད་སྐུལ་འདེད་ཡག་པོ་བྱས་དེ་ལས་གཞི་བདེ་བརླག་ངང་འགྲུབ་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཀླུ་ཁོ་རྒྱལ་གྱིས་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མཚོ་སྔོན་པོའི་ལམ་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ཨར་ལས་འགོ་བརྩམས་པར་ཁྱབ་བསྒྲགས་བྱས།

ཡུལ་དངོས་ལ་སྐོར་ཞིབ་ལྟ་སྐོར་བྱེད་པ།

འགོ་རྩོམ་པའི་བྱ་འགུལ་མཇུག་སྒྲིལ་རྗེས། བྱ་འགུལ་ལ་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་ཁེ་ལས་འགན་ཁུར་པ་བསྐོར་ཞིག་ཐེམ་ཆེན་རྫོང་མུ་རུ་ཐུང་སྡེ་འབྲེལ་གཞུང་ལམ་རྣམ་གྲངས་དང་ཐེམ་ཆེན་རྫོང་གཟན་ཆས་གསོག་ཉར་མཛོད་ཁང་རྣམ་གྲངས། ཐེམ་ཆེན་རྫོང་མི་དམངས་སྨན་ཁང་འགོས་ནད་འཛུགས་སྐྲུན་རྣམ་གྲངས། ཐེམ་ཆེན་རྫོང་ཆུ་མགོ་སྲུང་སྐྱོབ་འཛུགས་སྐྲུན་རྣམ་གྲངས་སོགས་ལ་སོང་ནས་ཡུལ་དངོས་ལ་སྐོར་ཞིབ་ལྟ་སྐོར་བྱས།

ཡུལ་དངོས་ལ་སྐོར་ཞིབ་ལྟ་སྐོར་བྱེད་པ།

ཐེངས་འདིའི་རིམ་པ་དང་པོའི་ཨར་ལས་རྣམ་གྲངས་ལ་རྣམ་གྲངས35དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར3.9ཡིན། ད་ལོར་འཆར་གཞིར་མ་དངུལ་སྒོར་དུང་ཕྱུར2.4གཏོང་རྒྱུ་དང་རྒྱུན་མཐུད་ཨར་ལས་རྣམ་གྲངས18ཡོད་ལ་ད་ལོར་འཆར་གཞིར་མ་དངུལ་སྒོར་དུང་ཕྱུར1.4གཏོང་རྒྱུ་ཡིན། གསར་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས17ཡོད་ལ་ད་ལོར་འཆར་གཞིར་སྒོར་དུང་ཕྱུར1གཏོང་རྒྱུ་ཡིན། དེ་ལས་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མཚོ་སྔོན་པོའི་ལམ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་ཁྲི965དང་ཐེམ་ཆེན་རྫོང་མུ་རུ་ཐུང་སྡེ་འབྲེལ་གཞུང་ལམ་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་ཁྲི3610། ཐེམ་ཆེན་རྫོང་གཟན་ཆས་གསོག་ཉར་མཛོད་ཁང་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་ཁྲི304། ཐེམ་ཆེན་རྫོང་མི་དམངས་སྨན་ཁང་འགོས་ནད་འཛུགས་སྐྲུན་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་ཁྲི600། ཐེམ་ཆེན་རྫོང་ཆུ་མགོ་སྲུང་སྐྱོབ་འཛུགས་སྐྲུན་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་ཁྲི900བཅས་ཡིན།

ཡུལ་དངོས་ལ་སྐོར་ཞིབ་ལྟ་སྐོར་བྱེད་པ།

ཐེམ་ཆེན་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་སྤུས་ལེགས་ཀྱི་ཁོར་ཡུག་གིས་ཚོང་མགྲོན་མང་པོ་ཚུར་འགུག་ཏེ་ཐེམ་ཆེན་དངུལ་གཏོང་ལས་རིགས་དར་རྒྱས་སུ་གཏོང་རྒྱུ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་གོ་རིམ་ཁྲོད་ཕན་འབྲས་ཐོན་པ་དང་རྣམ་པ་ལེགས་པ། ནུས་པ་ལྡན་པ་བཅས་ཀྱི་སྒོ་ནས་རྣམ་གྲངས་ཡོངས་སྤུས་ལེགས་ལས་གཞི་དང་ཚད་ལྡན་ལས་གཞི། དམངས་ཕན་ལས་གཞི་རུ་འགྱུར་དུ་འཇུག་རྒྱུ་རེད།

གསར་འགོད་པ། གཅོད་པ་ཐར། བཀྲ་ཤིས་རྒྱལ།

གོང་མ།:མཚོ་ནུབ་ཁུལ་གྱིས་མི་མེད་གནམ་གྲུ་བཀོལ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་གང་ལེགས་བྱས།

ཞོལ་མ།:གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཞིང་ལས་ལག་རྩལ་ཁྱབ་བརྡལ་བཏང་ནས་དཔྱིད་རྨོད་བྱ་བར་རོགས་འདེགས་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235