མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དབུས་ལམ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་སྒྲོག་འགྲེལ་མཐར་ཕྱིན་བྱས།

ཡོང་ཁུངས།:  སྤེལ་དུས།:2019-04-08  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཟླ་གསུམ་པའི་ནང་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་གིས་དངོས་ཡོད་གནས་ཚུལ་དང་གཞི་གཅིག་ཏུ་སྦྲེལ་ནས། དབུལ་ཐར་མཁྲེགས་གཏོར་གྱི་དམངས་ཕན་སྲིས་ཇུས་སྒྲོག་འགྲེལ་བྱ་བ་གཏིང་ཟབ་དུ་སྤེལ་དགོས་པའི་སྐོར་གྱི་བརྡ་ཐོ་ཞེས་པ་གཏན་འབེབས་དཔར་འགྲེམ་བྱས་ཏེ། སྒྲོག་འགྲེལ་འགན་འཁྲི་དང་བྱེད་ཐབས། བླང་བྱ་བཅས་མངོན་གསལ་ཅན་དུ་བཏང་བར་མ་ཟད། དབུལ་ཕོངས་མང་ཚོགས་ཁྱོན་ཡོངས་ནས་དབུལ་ཐར་ཡོང་བར་བྱེད་པ་འགན་སྲུང་དང་། དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་བསམ་བློར་སྐུལ་འདེད་བཏང་བ། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ལ་འདྲིས་ཆ་ལེགས་པོ་ཡོད་པར་བྱས་མཐར། འབྱོར་འབྲིང་སྤྱི་ཚོགས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་མཐུན་རྐྱེན་གང་ལེགས་བསྐྲུན།

ཟླ་བཞི་བའི་ཚེས་གཅིག་ཉིན། སྒྲོག་འགྲེལ་ཚོགས་པ་ཚྭ་ཁ་གྲོང་རྡལ་གྱི་ཚྭ་ཁ་སྡེ་བ་དང་པཱ་ཡན་སྡེ་བར་སོང་ནས། ཐོན་ལས་འཕེལ་རྒྱས་དང་རྒྱུ་ནོར་ཡོང་སྒོ་འཕར་སྣོན། སློབ་གསོ་འཕེལ་རྒྱས། སྨན་བཅོས་ཉེན་ཚབ་དང་མྱུར་སྐྱོབ། སྐྱེ་ཁམས་སྲུང་སྐྱོབ། མ་མཐའི་འཚོ་བའི་འགན་སྲུང་གི་མཐིལ་རྟོགས་པར་བྱེད་པ། ལས་ཞུགས་ཚུལ་བསྒྱུར། ཡུལ་གཞན་གནས་སྤོར་སོགས་དང་འབྲེལ་བ་བ་དམ་ཟབ་ཡོད་པའི་གཞོགས་སྐྱོར་སྲིད་ཇུས་སྒྲོག་འགྲེལ་བྱས་པར་མ་ཟད། ཏང་གི་དབུལ་ཐར་མཁྲེགས་གཏོར་ཕྱོགས་ཀྱི་ཐབས་ཇུས་དང་བླངས་པའི་གྲུབ་འབྲས་སྒྲོག་འགྲེལ་བྱས་པ་ལས་གཞན། དབུལ་ཐར་ཁྱིམ་ཚང་ལ་རང་གིས་རང་གི་ལག་ཟུང་ལ་བརྟེན་ནས་འབྱོར་ཕྱུག་བསྐྲུན་དགོས་པའི་ཐད་ནས་སྐུལ་འདེད་བཏང་།


གོང་མ།:གཏེར་ལམ་ནས་ཁྱེད་ཀྱི་ལོག་ཕེབས་ལ་རེ་ཞིང་སྒུག་ཅེས་པའི་འོད་སྡེར་འགྲེམ་སྤེལ་དང་ཐང་ཆེན་ཞབས་བྲོའི་འཁྲབ་སྟོན་བྱ་འགུལ་སྤེལ།

ཞོལ་མ།:མཚོ་ནུབ་ཁུལ་གྱིས་མི་མེད་གནམ་གྲུ་བཀོལ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་གང་ལེགས་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235