མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལམ་ནས་ཁྱེད་ཀྱི་ལོག་ཕེབས་ལ་རེ་ཞིང་སྒུག་ཅེས་པའི་འོད་སྡེར་འགྲེམ་སྤེལ་དང་ཐང་ཆེན་ཞབས་བྲོའི་འཁྲབ་སྟོན་བྱ་འགུལ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2019-04-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར། གཏེར་ལམ་རྫོང་གིས་གཏེར་ལམ་ནས་ཁྱེད་ཀྱི་ལོག་ཕེབས་ལ་རེ་ཞིང་སྒུག་ཅེས་པའི་འོད་སྡེར་འགྲེམ་སྤེལ་དང་ཐང་ཆེན་ཞབས་བྲོའི་འཁྲབ་སྟོན་བྱ་འགུལ་སྤེལ།

རྒྱུས་ལོན་བྱས་པ་ལྟར་ན།ཐེངས་འདིར་འགྲེམ་སྤེལ་བྱས་པའི་གཏེར་ལམ་ནས་ཁྱེད་ཀྱི་ལོག་ཕེབས་ལ་རེ་ཞིང་སྒུག  ཅེས་པའི་འོད་སྡེར་འདི་ནི་ལོ་ངོ་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ།འཚར་སྡུག་གི་ཕ་ཡུལ།   གཏེར་ལམ་དང་ཡིད་དུ་འོང་བའི་མཛེས་ལྗོངས། གཏེར་ལམ་ནས་ཁྱེད་ཀྱི་ལོག་ཕེབས་ལ་རེ་ཞིང་སྒུགསོགས་གླུ་དབྱངས་ཀྱིས་ས་གནས་དེའི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་འབྱོར་ཕྱུག་དང་དཔལ་ཡོན།འཆམ་མཐུན། མཛེས་སྡུག་གི་གཏེར་ལམ་གསར་བ་འཛུགས་སྐྲུན་བྱེད་པའི་རྣམ་པ་ངོམ་ཡོད།

     གཏེར་ལམ་རྫོང་རིག་གནས་ལུས་རྩལ་དང་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར།  ང་ཚོས་ད་དུང་དྲ་རྒྱ་སོ་སོ་དང་KTVམཉམ་ལས་ཚོང་མགྲོན་ལ་མཉམ་འབྲེལ་བྱས་ཏེ།རྗེས་ཕྱོགས་རྒྱལ་ཡོངས་ལ་འགྲེམ་སྤེལ་དང་ཁྱབ་སྤེལ་བྱེད་རྒྱུ་ཡིན་ཟེར།

ཐང་ཆེན་ཞབས་བྲོའི་འཁྲབ་སྟོན་ཁྲོད།  མི་བརྒྱ་ཅན་གྱི་ཐང་ཆེན་ཞབས་བྲོ་འབྲོག་གླུ་དང་།བཀྲ་ཤིས་སོགས་ཀྱི་གར་གྱི་སྟངས་སྟབས་ཀྱིས་གཏེར་ལམ་རྫོང་གི་ཐང་ཆེན་ཞབས་བྲོའི་བྱ་འགུལ་སྔར་ལས་བདེ་ཐང་དང་།  དཔལ་ཡོན། གོ་རིམ་ལྡན་པར་སྐུལ་ཁྲིད་བྱས་ཏེ།ཞིང་གྲོང་གི་མང་ཚོགས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་ཡོན་དང་རིག་གནས་ཀྱི་འཚོ་བའི་དགོས་མཁོ་གང་ལེགས་སྒོས་བསྐངས།

གོང་མ།:ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས༼ཀྲུང་གོ་གུང་ཁྲན་ཏང་ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག༽གི་ཆེད་དོན་འཆད་འཁྲིད་མཛད།

ཞོལ་མ།:དབུས་ལམ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་སྒྲོག་འགྲེལ་མཐར་ཕྱིན་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235