མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས༼ཀྲུང་གོ་གུང་ཁྲན་ཏང་ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག༽གི་ཆེད་དོན་འཆད་འཁྲིད་མཛད།

ཡོང་ཁུངས།:  སྤེལ་དུས།:2019-04-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

      མིག་སྔར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས༼ཀྲུང་གོ་གུང་ཁྲན་ཏང་ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག༽གི་ཆེད་དོན་འཆད་ཁྲིད་མཛད།འཆད་ཁྲིད་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་སྒོ་ནས་སྤེལ་བ་ཡིན་ལ།རང་ཁུལ་གྱིས་དུས་མཉམ་དུ་གྲོས་ཚོགས་ལ་བལྟོས།ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྡོ་རྗེ་མཚོ་ནུབ་ཡན་ལག་ཚོགས་ར་ནས་འཆད་འཁྲིད་ལ་ཞུགས།

འཆད་འཁྲིད་ཁྲོད། ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུའུ་གཉིས་པའི་ཁྲུའུ་དང་པོའི་མགོ་གཙོ་ལི་ཞའོ་གོ་ཡིས་སྲོལ་ཡིག་གི་དུས་རབས་རྒྱབ་ལྗོངས་དང་།ནང་དོན་གཙོ་བོ། བརྗོད་བྱའི་སྙིང་བོ་དང་དངོས་འབེབ་དོན་འཁྱོལ་བྱས་པའི་བླང་བྱ་ཞིབ་ཕྲའི་སྒོས་འཚམས་སྦྱོར་བྱས་ཏེ།སྲོལ་ཡིག་ཁྲོད་ཀྱི་བསམ་བློ་གསར་བ་དང་། དགོངས་དོན་གསར་བ། བླང་བྱ་གསར་བ།བཀོད་སྒྲིག་གསར་བ་རྒྱས་བཤད་བྱས་པ་མ་ཟད། ད་དུང་ཕྱོགས་ཡོངས་ནས་ཅི་ཞིག་སློབ་པ་དང་།ཅི་ལྟར་སློབ་པ།ཅི་ལྟར་སྒྲུབ་པའི་གནད་དོན་གྱི་དྲིས་ལན་བཏབ།སྲོལ་ཡིག་གཏིང་ཟབ་པའི་སྒོ་ནས་དངོས་འབེབ་དོན་འཁྱོལ་བྱས་ནས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་སྐུལ་འདེད་དང་།དེའི་ཕྱོགས་ཀྱི་བསམ་བློ་དང་བྱེད་ཐབས། བཀོལ་སྤྱོད་སོགས་རྒྱས་བཤད་ཞིབ་མོ་བྱས།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ས་གནས་སོ་སོས་ཀྲུང་གོ་གུང་ཁྲན་ཏང་ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་ལ་སློབ་སྦྱོང་དང་དྲིལ་སྒྲོག  དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་ནས།ངེས་པ་དོན་གྱིས་ཞིང་སྡེའི་གཞི་རིམ་ཏང་འཛུགས་བྱ་བའི་སྲིད་ཇུས་ཆུ་ཚད་དང་འགན་འཁྲིའི་འདུ་ཤེས་ཇེ་མཐོར་བཏང་སྟེ།འཆད་ཁྲིད་ཀྱི་ནང་དོན་དེ་ཏང་གི་སློབ་གྲྭ་དང་།ཞིང་སྡེ་ལས་བྱེད་སློབ་གླིང་སོགས་འཛིན་གྲྭའི་སློབ་ཚན་དུ་བཀོད་སྒྲིག་བྱེད་དགོས་ཤི་ང།སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐོར་སྦྱོང་གསོ་སྦྱོང་འཛིན་གྲྭའི་ངེས་པར་དུ་བསླབ་དགོས་པའི་སློབ་ཚན་ནང་བཀོད་སྒྲིག་བྱེད་དགོས་ལ།  ཏང་གི་ཤེས་བྱ་སློབ་ཁྲིད་བྱེད་པའི་རྣམ་པ་སྤྱད་དེ་སྲོལ་ཡིག་ལ་སློབ་སྦྱོང་བྱེད་པའི་ཕན་ཡོན་དང་མྱོང་ཚོར་ཀྲི་པུའུ་རེ་རེ་དང་།ཏང་ཡོན་རེ་རེ་བརྒྱུད་སྒྲོག་བྱས་ཏེ།སློབ་སྦྱོང་དང་དྲིལ་སྒྲོག་གི་ཁྱབ་རྒྱ་དང་ཕན་ནུས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

གོང་མ།:ཚྭ་འདམ་གཞོངས་སའི་ཆུ་འཁོར་སྐྱོད་ཀྱི་བརྒྱུད་རིམ་མཐོ་ནུས་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོབ་ལག་རྩལ་ཞིབ་འཇུག་དང་དཔེར་མཚོན་ཞེས་པའི་ལས་གཞི་དངོས་སུ་འགོ་ཚུགས་པ།

ཞོལ་མ།:གཏེར་ལམ་ནས་ཁྱེད་ཀྱི་ལོག་ཕེབས་ལ་རེ་ཞིང་སྒུག་ཅེས་པའི་འོད་སྡེར་འགྲེམ་སྤེལ་དང་ཐང་ཆེན་ཞབས་བྲོའི་འཁྲབ་སྟོན་བྱ་འགུལ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235